Loading

དགེ་འདུན་རྗེས་སུ་དྲན་པ།
མདོ་སྡེ།
not checked
།།རྒྱ་གར་སྐད་དུ། སདྒྷ་ཨ་ནུ་སྨྲྀ་ཏི། བོད་སྐད་དུ། དགེ་ འདུན་རྗེས་སུ་དྲན་པ། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཕགས་པའི་དགེ་འདུན་ནི་ལེགས་པར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ། དྲང་པོར་ཞུགས་པ། ཕྱག་འཚལ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། ཡོན་ཏན་ཡོངས་སུ་བྱང་བ་ཆེན་པོ། ཡོན་ཡོངས་སུ་སྦྱོང་བ། སྦྱིན་པའི་འོས་སུ་གྱུར་པ། ཀུན་གྱི་སྦྱིན་པའི་འོས་སུ་གྱུར་པའོ། །དགེ་འདུན་རྗེས་སུ་དྲན་པ་རྫོགས་སོ།། Copyright © 2012 by the Asian Classics Input Project. All rights reserved.