Loading

འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
མདོ་སྡེ།
not checked
རྒྱ་གར་སྐད་དུ། ཨཱཪྻ་ཨཾ་གུ་ལི་མཱ་ལཱི་ཡཾ་ནཱ་མ་མཧཱ་ཡཱན་སཱུ་ཏྲ། བོད་སྐད་དུ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་དང་པོ། སངས་རྒྱས་ དང༑ བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་ མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤ་སྟག་མང་པོ་དང༌། འཁོར་བཞི་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང་། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོའི་ཚོགས་མང་པོ་དང༌། ཤ་ཟ་དང༌། འབྱུང་པོའི་ཚོགས་དང༌། ལྷའི་བུ་མོ་དང༌། ལྷ་མ་ཡིན་གྱི་དབང་པོ་དང༌། ཉི་མ་དང༌། ལྷ་མ་ཡིན་ དང༑ སྲིན་པོ་དང༌། འཇིག་རྟེན་སྐྱོང་དང༌། བདུད་ལ་སོགས་པ་ལ་སེམས་ཅན་ཐམས་ཅད་ངེས་པར་སྒྲོལ་བ། ཤིན་ཏུ་རྒྱས་པ་ཆེན་པོའི་མདོ་སྡེ་ཆེན་པོ་མཚོན་ཆ་ཐོགས་པ་ཞེས་བྱ་བ་ སྟོན་ཏེ། ཐོག་མར་ཡང་དགེ །བར་དུའང་དགེ །ཐ་མར་ཡང་དགེ །དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་དཀར་བ། ཚངས་པར་སྤྱོད་པ་ཡང་དག་པར་རབ་ཏུ་སྟོན་ཏོ། །གང་གི་ཚེ་མདོ་སྡེ་ཆེན་པོ་མཚོན་ཆ་ཐོགས་པ་མཐར་ཕྱིན་པར་གྱུར་པ་དེའི་ཚེ་དེའི་དུས་ན་མཉན་དུ་ཡོད་པའི་གྲོང་ཁྱེར་ཆེན་པོ་ནས་བྱང་ ཕྱོགས་ལོགས་སུ་རྒྱང་མི་རིང་བ་ཞིག་ན། བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ཞེས་བྱ་བ། རི་སྡིང་ཞེས་བྱ་བའི་གྲོང་ཁྱེར་ནས་སྐྱེས་པ། ཤིན་ཏུ་དབུལ་པོ་བྲམ་ཟེ་མོ་ ༄༅། །བཟང་མོ་ཞེས་བྱ་བའི་བུ་ཕས་བོར་བ། ལོ་བཅུ་གཉིས་ལོན་པ། གཟུགས་དང༌། མདོག་དང༌། སྟོབས་དང༌། ཁོང་དཔའ་ལ་ཕུན་སུམ་ཚོགས་པ་ཤིན་ཏུ་བལྟ་ན་ སྡུག་པ། ཚིག་འཇམ་པ་ཞིག་ཡོད་དེ། སློབ་དཔོན་ནོར་བུ་བཟང་པོ། རིག་བྱེད་བཞིའི་ཕ་རོལ་ཏུ་སོང་བ། ཧ་ལ་ཧ་སེ་ཞེས་བྱ་བའི་གྲོང་ན་གནས་པ་དེའི་དྲུང་ན། བྲམ་ཟེའི་བུ་འཇིག་རྟེན་ཐམས་ ཅད་ཀྱིས་བལྟ་ན་སྡུག་པ་ཞེས་བྱ་བ། ཤིན་ཏུ་ཡིད་གཞུངས་ཤིང༌། བླ་མ་ལ་མཆོད་པ་བྱེད་པ། དབང་པོ་ཐུལ་བ། བརྟུལ་ཞུགས་དང་མི་འགྱུར་བ་ལ་སྦྱོད་པ་དེ། སྲིད་སྲུང་གི་རིག་བྱེད་ སློབ་བོ། །དེའི་ཚེ་སློབ་དཔོན་ནོར་བུ་བཟང་པོ་དེ་རྒྱལ་པོས་བོས་ནས་མཉན་དུ་ཡོད་པར་འགྲོ་བ་ན། རང་གི་སློབ་མ་བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ཁྱིམ་སྲུང་ དུ་བཅུག་སྟེ། མཉན་དུ་ཡོད་པར་སོང་ངོ༌། །དེ་ནས་དེའི་ཚེ་མཁན་པོའི་ཆུང་མ་གཞོན་ནུ་གཟུགས་བཟང་ཞིང་ཕུན་སུམ་ཚོགས་པ་དེས་བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་ སྡུག་པ་མཐོང་བ་དང༌། སེམས་ཆགས་ནས་རབ་ཏུ་མི་བཟོད་པར་གྱུར་པ་དང༌། གོས་དང༌། རྒྱན་རྣམས་ཀྱང་ལྷོད་ཅིང་འཕྱང་སྟེ། འདོད་ཆགས་ཀྱིས་ནོན་ནས། མགྱོགས་པ་མགྱོགས་ པར་བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པའི་གོས་ལ་བཟུང་སྟེ། འདོད་པ་ལ་གཞོལ་ཞིང་བསོད་ནམས་མ་ཡིན་པ་བསྐྱེད་དོ། །དེ་ནས་བྲམ་ཟེའི་བུ་འཇིག་རྟེན་ ཐམས་ཅད་ཀྱིས་བལྟ་ན་སྡུག་པ་དེ་རང་བཞིན་གྱིས་བླ་མ་ལ་གུས་པ། དབང་པོ་དུལ་བ། བརྟུལ་ཞུགས་དང༌། མི་འགྱུར་བ་ལ་སྤྱོད་པ། སེམས་ཅན་གྱི་མཆོག་དེས་མཁན་པོའི་ཆུང་མ་ལ། འདི་སྐད་དུ། བླ་མའི་བཙུན་མོ་ཁྱོད་ནི་བདག་གི་མ་དང་འདྲ་སྟེ། ད་ལྟར་མ་མཛད་ཅིག་ཅེས་སྨྲས་སོ། །དེ་གཏོང་བ་ལྟ་མི་བྱེད་ནས་གོས་གཅིག་པོར་ཏེ། ངོ་ཚ་ནས་གོས་གཅིག་དང་གུད་ དུ་སོང་ངོ༌། །དེ་ནས་མཁན་པོའི་ཆུང་མས་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པའི་སེམས་ལ་རྣམ་པར་བརྟགས་ནས། མིག་མཆི་མས་གང་ཞིང་འདོད་པའི་འདོད་ཆགས་ཀྱིས་ ནོན་ནས་རྣམ་པར་སེམས་པར་གྱུར་ཏེ། དེ་ནས་དེ་སྡུག་བསྔལ་ཞིང་འདི་སྙམ་སེམས་སོ། །འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་བདེ་བའི་བར་ཆད་བྱེད་པ་དེ་ཤིའང་སླ་ཡི། བུད་ མེད་གང་གི་ཁྱོར་ཡང་མ་གྱུར་པར་ཐལ་བར་གྱུར་ཅིག་སྙམ་སྟེ། ལུས་ཀུན་རང་གི་སེན་མོས་དྲལ་ནས་ན་ཞིང་མི་བདེ་སྟེ། ལུས་མི་སྡུག་པར་བཅོས་ནས་བུད་མེད་དེས་གཡོ་སྦྱར་ཏེ། ཁྱིམ་ གཉིས་ཀྱི་བར་གྱི་གདུང་མ་ལ་གྱེན་དུ་བཅིངས་ནས་བཏགས་སོ། །དེ་ནས་དེའི་ཚེ་སློབ་དཔོན་ནོར་བུ་བཟང་པོ་རྒྱལ་པོས་མཆོད་ནས་སླར་རང་གི་ཁྱིམ་དུ་འོངས་པ་དང༌། དེས་མཐོང་ངོ༌། །མཐོང་ ནས་དེའི་ཐག་པ་བཅད་དེ། ཀྱེ་མའོ་ཞེས་སྐད་དྲག་ཏུ་ཕྱུང་ནས་རང་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ། །བཟང་མོ། འདི་ཅི་སུས་ཁྱོད་འདི་ལྟ་བུར་བྱས། བཟང་མོས་སྨྲས་པ། ཁྱོད་ཀྱི་སློབ་མ་ ༄༅། །འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པས་ནན་གྱིས་ཁོ་མོ་ལ་ཉལ་པོ་བྱས་ནས་འདི་ལྟར་བྱས་སོ། །དེ་ནས་སློབ་དཔོན་ནོར་བུ་བཟང་པོས་འཇིག་རྟེན་ཐམས་ ཅད་ཀྱིས་བལྟ་ན་སྡུག་པ་དེའི་མཐུ་ཆེན་པོ་ཤེས་ཏེ། དེ་ཐོག་མ་བཙས་མ་ཐག་ཏུ་རྒྱལ་རིགས་ཐམས་ཅད་ཀྱི་མཚོན་རྣམས་ཤུབས་ནས་ཕྱུང་སྟེ། མདའ་སྟེའུ་ཁ་མ་བཞིན་དུ་ཐམས་ ཅད་དུ་ལྷུང་ནས། དེའི་ཚེ་རྒྱལ་རིགས་ཐམས་ཅད་སྐྲག་ཅིང་རབ་ཏུ་འཇིགས་པར་གྱུར་ཏེ། འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་སེམས་ཅན་གྱི་མཆོག་དེའི་མཐུ་ཆེན་པོ་དེ་ ལྟ་བུ་ཤེས་ནས། དེ་ལ་ཅུང་ཟད་བསྒོ་བ་ཙམ་ཞིག་ནུས་ཏེ། འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བདག་ཉིད་ངན་པ་བླ་མའི་ཆུང་མ་མ་རུང་བར་ བྱེད་པ་ཁྱོད་ཉེས་པ་ཆེན་པོ་བྱས་པས་བྲམ་ཟེར་མི་འགྱུར་གྱི། མི་སྟོང་སོད་ཅིག་དང་དེ་ནས་བྱང་བར་འགྱུར་རོ། །དེ་སྐད་ཅེས་རང་གི་སློབ་མ་བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ ཀྱིས་བལྟ་ན་སྡུག་པ་ལ་བསྒོ་བ་དང༌། བྲམ་ཟེའི་བུ་འཇིག་རྟེན་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་དེ་རང་བཞིན་གྱིས་བླ་མ་ལ་གུས་པས་རང་གི་སློབ་དཔོན་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་ མཁན་པོ། བདག་ལ་འོས་པ་མ་ལགས་སོ། །ཡང་སློབ་དཔོན་གྱིས་སྨྲས་པ། ཇི་བདག་ཉིད་ངན་པ་ཁྱོད་མཐོ་རིས་སུ་འགྲོ་བའམ། བྲམ་ཟེར་འགྱུར་བར་མི་འདོད་དམ། ཡང་སློབ་ མས་སྨྲས་པ། ལེགས་སོ། །ལེགས་སོ། །མཁན་པོ་དེ་ལྟར་བགྱིའོ་ཞེས་སྨྲས་ཏེ། མི་སྟོང་བསད་དེ་འོངས་ནས་རང་གི་སློབ་དཔོན་ལ་གུས་པར་སྨྲ་བར་བྱས་པ་དང༌། སློབ་དཔོན་གྱིས་དེ་ མཐོང་ནས་གཏུམ་པོ་འདི་ད་རུང་མ་ཤི་བ་ལྟ་ཞེས་ངོ་མཚར་དུ་གྱུར་ཏེ། འོ་ན་ད་ཤི་བར་བྱའོ་སྙམ་ནས། དེ་སྐད་མ་ཟེར་བར་བསད་པ་རེ་རེའི་སོར་མོ་རྣམས་ལོངས་ཤིག །མི་སྟོང་སོད་ལ་སོར་ མོ་རྣམས་ཕྲེང་བ་བྱས་ཏེ་འོངས་དང༌། གདོད་བྲམ་ཟེར་འགྱུར་རོ་ཞེས་ཟེར་ནས་དེའི་ཕྱིར་སོར་མོའི་ཕྲེང་བ་ཞེས་བྱའོ། །ཡང་སོར་མོའི་ཕྲེང་བ་དེས་ལེགས་སོ་ཞེས་སྨྲས་ནས། མིས་ཉིས་སྟོང་ དུ་གཅིག་གིས་མ་ཚང་བ་བསད་དོ། །དེའི་ཚེ་སོར་མོའི་ཕྲེང་བའི་མ་ཟས་ཀྱི་མཆོག་དང༌། མངར་སྣ་བཞི་ཐོགས་ནས་བདག་གི་བུ་འདི་ལྟར་གྱུར་པ་ལྟ་ཞིག་ན་ཉོན་མོངས་བླུད་དོ་སྙམ་སྟེ་འོངས་ པ་དང༌། སོར་མོའི་ཕྲེང་བས་རང་གི་མ་འོངས་པར་མཐོང་ནས་བདག་གི་མ་མཐོ་རིས་སུ་འགྲོ་བར་བྱའོ་སྙམ་སྟེ་རལ་གྲི་ཐོགས་ནས་འོངས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཡུལ་ དང༑ དུས་མཁྱེན་ནས་མཉན་དུ་ཡོད་པ་ནས་གནག་པའི་དགོངས་སུ་འདོམ་བཞི་བཅུས་མ་ཚང་བའི་བར་དུ་ཤིང་ཨ་ཤོ་ཀའི་དྲུང་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐམས་ཅད་དང་ལྡན་ པ་དེ་དང་པའི་རྒྱལ་པོ་བཞིན་དུ་མདུན་ན་བཞུགས་པར་གྱུར་ཏོ། །དེ་ནས་སོར་མོའི་ཕྲེང་བས་བཅོམ་ལྡན་འདས་མཐོང་ནས་འོ་ན་དགེ་སྦྱོང་གོའུ་ཏ་མ་བསད་དོ་སྙམ་སྟེ། རལ་གྲི་ཐོགས་ ༄༅། །ནས་མགྱོགས་པ་མགྱོགས་པར་འོངས་སོ། །དེ་ནས་བཅོམ་ལྡན་འདས་ཡེ་ཤེས་ཐམས་ཅད་དང་ལྡན་པས་བདག་ཉིད་གཤེགས་པ་ལྟ་བུར་བསྟན་པ་དང༌། སོར་མོའི་ཕྲེང་བས་མ་ལ་མདུན་གྱིས་བལྟས་ཏེ། གཉིས་ཀྱིས་བར་དུ་ཆིགས་སུ་བཅད་པ་འདི་དག་སྨྲས་སོ། །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཟས་གཙང་སྲས་པོ་ བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཆོས་གོས་མནབས་བ་བཞུགས་སུ་གསོལ། བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །མཁས་པའི་གཙོ་བོ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ལྷུང་བཟེད་ཐོགས་པ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་ མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །སེང་གེའི་རྩལ་མངའ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་ སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །སྟག་གི་རྩལ་མངའ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག། ངང་སྟབས་ལེགས་བཞུད་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་ བཞུགས་ཤིག །ལྷ་ཡི་གླང་པོ་སྟབས་མཛེས་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཉི་རྩེ་མཆོག་ གཟི་བརྩོན་པ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཟླ་བ་ཉ་ཞལ་སྤྱན་བཟང་བཞུགས། །བདག་ནི་ སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །གསེར་གྱི་རི་འདྲ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་ གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །པད་མོ་འདབ་སྟོང་སྤྱན་བཞུགས་ཤིག །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཤངས་ཀྱི་ཤུགས་དྲང་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་ བཞུགས་ཤིག །ཀུ་མུ་ད་འདྲ་ཚེམས་མཆོག་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །གསུང་མཆོག་ ༄༅། །ལྗགས་མངའ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག ། མཛོད་སྤུའི་ཐིག་ལེ་མཆོག་མངའ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །དབུ་སྐྲ་མཐོན་སྣུམ་ མཆོག་མངའ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །སྙན་དང་ཕྱག་རིང་མཆོག་མངའ་བཞུགས། བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཕྱག་མཆོག་གླང་པོའི་སྣ་འདྲ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་ སྟེ༑ ༑སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །གསང་བ་སྦུབས་སུ་སྤས་པ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་ བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །པུས་མོ་བཟང་པོ་མངའ་བ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཟངས་ཀྱི་སེན་མོ་མཆོག་མངའ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ ཁྱོད་བཞུགས་ཤིག །འགྲོ་བ་མཆོག་གིས་སྤོས་བྱུགས་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ ཤིག་༑ཀ་ལ་པིངྐའི་སྒྲ་དབྱངས་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཁུ་བྱུག་སྒྲ་ དབྱངས་སྙན་སྒྲོགས་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཉི་འོད་བྱེ་བ་བརྒྱ་འདས་ བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །དུས་རབ་བསྟབས་ལ་ཕྱག་འཚལ་བསྟོད། །བདག་ ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །དེ་ལྟར་དུལ་འགྲོས་རབ་མགྱོགས་བཞུགས། །བདག་ནི་སོར་མོའི་ཕྲེང་ བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །སྟོབས་བཅུའི་སྟོབས་མངའ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་ མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །བདེན་བཞི་མཆོག་མངའ་བཞུགས་སུ་གསོལ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་ ༄༅། །མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཕན་མཛད་ལམ་བརྒྱད་སྟོན་པ་བཞུགས། །བདག་ནི་སོར་མོའི་ སྟེ༑ ༑སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་དགེ་སྦྱོང་ཁྱོད་བཞུགས་ཤིག །མཚན་མཆོག་སུམ་ཅུ་གཉིས་མངའ་བཞུགས་།བདག་ནི་སོར་མོའི་ཕྲེང་བ་ སྟེ༑ ༑སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །དཔེ་བཟང་བརྒྱད་ཅུ་མངའ་བ་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ན་ཆུང་མཆོག་ལ་འདོད་སྤངས་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་ བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ཇི་སྲིད་བདག་མ་ཁྲོས་པར་བཞུགས། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ ཅིག་༑བཞུགས་ཤིག་དགེ་སྦྱོང་ཁྱོད་ནི་བཞུགས་སུ་གསོལ། །ལྷ་མིན་དབང་དང་སྲིན་པོ་རྒྱགས་བཅས་བཅོམ། །བདག་ནི་འདི་འདྲའི་ངོ་མཚར་ཡོང་མ་མཐོང༌། །ཤིན་ཏུ་མགྱོགས་ པའི་ཤུགས་ལྡན་ཁྱོད་སུ་ཞིག །རལ་གྲི་མ་བཏབ་པར་དུ་དགེ་སྦྱོང་བཞུགས། །བདག་གི་མིང་ཡང་ཁྱོད་ཀྱིས་མ་གསན་ཏམ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་ བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་ནི་བཞུགས་སུ་གསོལ། །བདག་མིང་གང་གིས་ཐོས་པ་ཙམ་གྱིས་འགུམ་འགྱུར་ན། །མངོན་སུམ་བདག་མཐོང་གསོན་པར་འགྱུར་བ་ ནི༑ ༑ཤིན་ཏུ་མཐུ་ལྡན་སེམས་ཅན་ག་ལ་མཆིས། །བཞུགས་ཤིག་དགེ་སྦྱོང་ཁྱོད་ནི་བཞུགས་སུ་གསོལ། །བདག་ཉིད་མངོན་སུམ་དུ་ནི་མཆིས་གྱུར་ཀྱང༌། །རྟ་ཡི་བང་ལྟར་ཤིན་ཏུ་ མགྱོགས་བཞུད་པ། །ལྷ་འམ། ཀླུ་འམ་ཁྱོད་སུ་མྱུར་དུ་གསུངས། །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །ད་ནི་བདག་ཀྱང་མཐུ་དང་མི་ལྡན་གྱུར། །བརྟན་པ་ཁྱོད་ནི་སླེབས་ པར་མི་ནུས་སོ། །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །བཞུགས་ཤིག་དགེ་སྦྱོང་ཁྱོད་བཞུགས་ཤིག །དགེ་སྦྱོང་བརྟུལ་བཞུགས་ཁྲིམས་འཛིན་ན། ། ཤོ་གམ་གནས་ལས་མ་འདའ་ཞིག །བདག་ནི་སོར་མོའི་ཕྲེང་བ་སྟེ། །སོར་མོའི་ཤོ་གམ་བདག་སྩོལ་ཅིག །དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་བཞིན་དུ་གོམ་པ་བདུན་ གཤེགས་ཏེ། སེང་གེའི་ལྟ་བས་ཀུན་ཏུ་གཟིགས་ནས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །ཡང་དག་ཉིད་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ ༄༅། །ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །མ་བྱས་ཡང་དག་མཐའ་ལ་ ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ ཅིག་༑ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཞི་བ་མ་སྐྱེས་མཐའ་ལ་ ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་ འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །འདུས་མ་བྱས་ཀྱི་ མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །རྒ་བ་མེད་པའི་ མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ནད་མེད་པ་ཡི་ མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །འཆི་བ་མེད་པའི་ མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་ འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཀུན་ནས་ཉོན་མོངས་མེད་ པར་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་ ༄༅། །འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་ བྱ༑ ༑ཟག་པ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་ གམ་སྦྱིན་པར་བྱ། །གནོད་མེད་པ་ཡི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་ པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་བདེན་པའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་ཆོས་ཀྱི་མཐའ་ལ་རབ་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་ གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་ཤེས་པའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་བདེན་པའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་ འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་ སྦྱིན་པར་བྱ། །མྱ་ངན་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ ༄༅། །ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །མྱ་ངན་བྲལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །རྡུལ་མེད་པ་ཡི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །རྡུལ་དང་བྲལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཤག་ཤིག་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཡམས་ཀྱི་ནད་མེད་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །གཙེ་བ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །ནད་འགོ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ ༄༅། །ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཅི་ཡང་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་ གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །དཔག་ཏུ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་ སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཚད་མེད་པ་ཡི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་ རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །གཙོ་བོ་མཆོག་གི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་ སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་ པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་རབ་ཀྱི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་དམ་པའི་ཆོས་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །བླ་ན་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ ༄༅། །ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་ སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་ཐེར་ཟུག་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་ གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །གཞོམ་དུ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །འཇིགས་མེད་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ ཏེ༑ ༑ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་ སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །མཐའ་ཡས་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ ཏེ༑ ༑ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །བསྟན་མེད་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་ གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཟབ་མོའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །བལྟ་དཀའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་ ༄༅། །པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ ཏེ༑ ༑ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཕྲ་བའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །མཁས་པའི་ཆོས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །མཐོང་བར་དཀའ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་ གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཀུན་གཞི་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་ མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཐ་བ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ ཤོ་གམ་སྦྱིན་པར་བྱ། །ཉོན་མོངས་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་ པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་ གམ་སྦྱིན་པར་བྱ། །ང་ནི་དག་པའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། ༄༅། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །རྣམ་པར་གྲོལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་ པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་ གམ་སྦྱིན་པར་བྱ། །ང་ནི་ཞི་བའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་ པར་བྱ། །ང་ནི་ཞི་གནས་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་ སྦྱིན་པར་བྱ། །ཉེ་བར་ཞི་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་ པར་བྱ། །ཉེ་བར་ཆད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་ བྱ༑ ༑ཉེ་བར་ཞི་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་ སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་གྱ་ ནོམ་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་ ༄༅། །འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། ། སྤྲོས་པ་མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་ སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། ། ང་ནི་གནས་མེད་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་ སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ རྒྱལ་འདུལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་ མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །སྒྱུ་མ་ འདུལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་ མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །མ་རིག་ འདུལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །རྣམ་པར་བཏང་ བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་ བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ངེས་པར་སྤངས་པའི་ མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་ ༄༅། །འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་ བྱ༑ ༑ཆོས་ཀྱི་དབྱིངས་ཀྱི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་ བྱ༑ ༑ང་ནི་སྐྱེ་མཆེད་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་ པར་བྱ། །ང་ནི་དགེ་བའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་ སྦྱིན་པར་བྱ། །འཇིག་རྟེན་འདས་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་ འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་ གམ་སྦྱིན་པར་བྱ། །མི་གཡོ་བ་ཡི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་ བྱ༑ ༑གནས་དང་ཁང་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་ སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །འགྱོད་པ་ མེད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ ༄༅། །ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་ པར་བྱ། །རབ་ཏུ་སྦྱངས་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། ། འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་ སྦྱིན་པར་བྱ། །ང་ནི་མཐར་གཏུགས་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་ འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །ཁྲོ་གླེན་འདོད་སྤངས་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཉོན་མོངས་སྤངས་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཕུང་པོ་སྤངས་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཁྲོ་གླེན་འདོད་ཟད་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་ སྦྱིན་གྱི་ཆོས་ཁུ་ཟིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་འགོག་པའི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ ༄༅། །ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་ པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་རྟེན་གྱི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་ པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་མགོན་གྱི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་ པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་སྐྱབས་ཀྱི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་ པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་དཔུང་གཉེན་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་ སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་ནི་གླིང་གི་མཐའ་ལ་གནས་པ་སྟེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །གོ་སྐབས་རིག་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ ཏེ༑ །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །སེར་སྣ་ཕྲག་དོག་འདུལ་མཐར་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ༄༅། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག ། ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །སྐོམ་པ་འདུལ་བའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་ དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་ འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ང་དང་ངའི་མེད་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་ རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཕུང་པོ་ངེས་སྤངས་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་ བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཞི་གནས་ཀུན་གྱི་མཐའ་ལ་ང་གནས་ཏེ། །དེ་ ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་ བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ལམ་གཅོད་པ་ཡི་མཐའ་ལ་ང་གནས་ཏེ། །དེ་ཡང་ སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་ བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །སྟོང་ཆེན་སྒོ་ཡི་མཐའ་ལ་ང་གནས་ཏེ། །དེ་ ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །ཉོན་མོངས་ཀུན་སྤངས་བྱང་མཐར་ང་གནས་ ༄༅། །ཏེ༑ ༑དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །སྲེད་ པ་ཟད་པའི་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་ སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་ བྱ༑ ༑འདོད་ཆགས་བྲལ་འགོག་མཐའ་ལ་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་ འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཁྱོད་ལ་མཚོན་ རྣོན་ཤོ་གམ་སྦྱིན་པར་བྱ། །བདེ་མཆོག་མྱ་ངན་འདས་མཐར་ང་གནས་ཏེ། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། །ཤོ་གམ་སྦྱིན་ གྱིས་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ཏེ། ། ཁྱོད་ལ་མཚོན་རྣོན་ཤོ་གམ་སྦྱིན་པར་བྱ། །རྟག་བརྟན་མཆོག་ཤིས་རབ་བསིལ་མཐར་ང་གནས། །དེ་ཡང་སོར་ཕྲེང་ཁྱོད་ཀྱིས་མི་རིག་གོ །ང་ནི་ཡང་དག་རྫོགས་པའི་སངས་རྒྱས་ ཏེ༑ ༑ཤོ་གམ་སྦྱིན་གྱི་ཆོས་ཁུ་ཞིམ་པོ་འཐུང༌། །འདུག་ཅིག་སོར་མོའི་ཕྲེང་བ་ཁྱོད་འདུག་ཅིག །ཚུལ་ཁྲིམས་བརྟུལ་ཞུགས་ཡོན་ཏན་རྫོགས་ལ་འདུག །ང་ནི་ཡང་དག་རྫོགས་པའི་སངས་ རྒྱས་ཏེ། །ཤོ་གམ་མཚོན་རྣོན་ཁྱོད་ལ་སྦྱིན་པར་བྱ། །ཤིན་ཏུ་རྣོ་བའི་མཚོན་འདི་མྱུར་བོར་ལ། །རིག་པའི་ཡེ་ཤེས་སྐྱབས་སུ་མྱུར་དུ་ཤོག །ཚུར་ཤོག་སློབ་དཔོན་ངན་འགྲོའི་དབང་སོང་ བས༑ ༑ཆོས་མ་ཡིན་པའི་ཕུང་པོ་ཆོས་སུ་སེམས། །དེ་ནས་བདག་ཉིད་ཁོང་དུ་ཆུད་པར་འགྱུར། །ཀུན་ཀྱང་ཆད་པས་རབ་འཇིགས་ཤིང༌། །ཐམས་ཅད་ལ་ནི་སྲོག་ཕངས་ཏེ། །བདག་ཉིད་ཁོ་ ན་དཔེར་བྱས་ལ། །མི་བསད་གསོད་དུ་མི་གཞུག་གོ །ཕ་རོལ་ཇི་ལྟར་དེ་བཞིན་བདག །བདག་ཉིད་ཇི་ལྟ་དེ་བཞིན་གཞན། །བདག་རང་ཉིད་ནི་དཔེར་བྱས་ལ། །མི་བསད་གསོད་དུ་མི་གཞུག་ གོ་༑སྲིན་པོའི་བྱད་གཟུགས་དེ་ལྟར་མ་བྱེད་ཅིག །ཡན་ལག་ལུས་ལ་ཤིན་ཏུ་ཁྲག་ཆགས་ཤིང༌། །བསད་པའི་མཚོན་ཆ་རྣོན་པོ་ཁྲག་བྱུགས་པ། །ཁྱོད་ཀྱིས་ཕྲག་ལ་ཐོགས་པ་མི་མཛེས་ ༄༅། །སོ༑ ༑སོར་མོའི་ཕྲེང་བ་མགོ་ལས་མྱུར་དུ་བོར། །ཀྱེ་མ་བྲམ་ཟེའི་བུའི་ལས་འདི་འདྲ་ཞིང༌། །ཆོས་འདོད་བྲམ་ཟེའི་བུ་ཡང་འདི་འདྲ་ན། །སྲིན་པོ་མ་རུངས་པ་ དག་ཇི་འདྲ་གེ །ཕྱུགས་རྣམས་ལ་ཡང་མ་ནི་མཆོད་ཡིན་ན། །ཀྱེ་མ་བརྩེ་མེད་སྡིག་གྲོགས་དབང་སོང་མི། །ཤིན་ཏུ་རྣོ་བའི་མཚོན་ཆ་གདེངས་བརྩམས་ཏེ། །རང་གི་མ་ཡི་དྲུང་དུ་ ཉེ་བར་འོང༌། །གང་ཡང་སོར་མོའི་ཕྲེང་བ་ཁྱོད་ལྟ་བུ། །སྡིག་བྱེད་མི་ཡི་ནང་ན་གཅན་གཟན་ཡིན། །སྲིན་པོའི་ནང་ན་ཤིན་ཏུ་སྡིག་ཅན་དེ། །ལྷ་མིན་ནང་ནའང་མ་རུངས་ལས་བྱེད་ པ༑ ༑སོར་ཕྲེང་ཁྱོད་ནི་ཤིན་ཏུ་ཆེར་དཀྲིས་ཤིང༌། །སྡིག་པ་སེམས་པ་མི་ཡིས་སྤངས་པ་སྟེ། །མ་ནི་འཇིག་རྟེན་དག་ན་དཀའ་མཆོག་བྱེད། །ཉོན་མོངས་དེས་ནི་ཟླ་བཅུ་རུམ་ན་བསྲེལ་ དེ་ནས་ཕྱིས་ནི་བཙས་པར་གྱུར་ནས་ཀྱང༌། །བཤད་གཅི་མང་རེག་སྡུག་བསྔལ་མྱོང་བས་གསོས། །ལྟོས་ཤིག་སོར་ཕྲེང་ཁྱོད་ཀྱི་གཙོ་མོ་ནི། །མིག་ནི་ཁྲག་གི་མཆི་མས་རབ་ཏུ་གང༌།། བུད་མེད་བུ་ལ་བྱམས་ཤིང་སྡུག་པ་ཡིས། །མངར་གྱི་བུམ་པ་ཕྲག་ལ་ཐོགས་ཏེ་འོངས། །རྒན་མོ་ཉོན་མོངས་རླུང་གི་སྐྲ་ཡང་བཤིག །གོས་ངན་རལ་པོ་རླུང་གིས་བསྐྱོད་ཅིང་འབྲུལ།། ལུས་ལ་རྡུལ་གོས་རྐང་པ་སེར་ཀ་བྱུང༌། །རྒན་མོ་ཉོན་མོངས་སྡུག་བསྔལ་ཆེན་པོ་མྱོང༌། །ལུས་བསྐམས་ཡུན་རིང་རླུང་དང་ལྷགས་པས་ཉེན། །སྡུག་བསྔལ་མང་པོས་ཤིན་ཏུ་གདུངས་ པར་གྱུར། །བུད་མེད་དེ་ནི་རྣམ་པར་སྙིང་མྱོས་ཏེ། །བསམ་ཡས་སྡུག་བསྔལ་ལྡན་ཞིང་ཀྱི་ཧུད་འབོད། །དེ་ནས་སོར་མོའི་ཕྲེང་བའི་མས་དེ་བཞིན་གཤེགས་པ་དང༌། བདག་གི་བུ་སོར་ མོའི་ཕྲེང་བ་གཉིས་ཕན་ཚུན་ལན་དང༌། ཡང་ལན་གྱིས་རྒྱ་ཞིང་ཆེར་རྩོད་པ་ལས་བདག་གི་བུ་ཕམ་སྟེ། ལག་ཆ་བོར་བར་མཐོང་ནས། སྡུག་པའི་སྡུག་བསྔལ་ཆེན་པོས་རེག་སྟེ། བཅོམ་ ལྡན་འདས་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་རིན་ཆེན་གཏེར་སྟོར་བ། །བདག་གིས་ཉོན་མོངས་མྱོང་བས་རྙེད། །བདག་གིས་མིག་ཏུ་གྱུར་པ་ཐོབ། །མིག་གི་ རྡུལ་རྣམས་བདག་གིས་བསལ། །བདག་གི་བུ་ནི་མི་ཁྲག་གིས། །ཀྱེ་མ་ལུས་དང་ཟས་ལ་རེག །ཀུན་ཏུ་འཁྱམས་ཤིང་མཚོན་རྣོན་ཐོགས། །འགྲོ་བ་མང་པོའི་ཕུང་པོ་གསོད། །བདག་གི་ བུ་ཡང་མགུ་བྱ་ཞིག །སངས་རྒྱས་ཕྱག་བྱའམ། ཇི་ལྟར་བྱ། །ཁྱོད་ཀྱི་བུ་ངན་འདི་འདྲ་ཞེས། །འགྲོ་མང་ཚིག་རྩུབ་མཉན་མི་ནུས། །དེ་ལ་སོགས་པ་རྣམ་པ་དུ་མར་སྨྲེའོ། །དེ་ནས་བཅོམ་ ལྡན་འདས་ཀྱིས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སོར་མོའི་ཕྲེང་བ། ཁྱོད་ཀྱི་གཙོ་མོ་ནི་ཤིང་དྲུང་ན་འདུག་སྟེ། དེ་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བུད་མེད་འདི་ལ་ཁྱོད་རལ་ གྲི་ཐོགས་ཏེ། བདག་གི་མ་མཐོ་རིས་སུ་འགྲོ་བར་འགྱུར་རོ་སྙམ་ནས་བསད་པར་འདོད་པ་ནི། སོར་མོའི་ཕྲེང་བ། ཆོས་མ་ཡིན་པའི་ཕུང་པོ་ལ་ཆོས་སུ་ནོར་ཏོ། །འདི་ལྟ་སྟེ། དཔེར་ན། སོས་ ༄༅། །ཀའི་དབྱར་ཟླ་ར་བའི་དུས་ལ་སྨིག་རྒྱུ་བ་ལ་ཆུ་ཡིན་སྙམ་ནས་རི་དྭགས་རྣམས་ཀུན་ཏུ་འཁྱམས་པ་དེ་བཞིན་དུ་།སོར་མོའི་ཕྲེང་བ། ཁྱོད་ཀྱང་སློབ་དཔོན་ ངན་པའི་མན་ངག་གིས་རྨོངས་པར་གྱུར་ཏེ། ཆོས་མ་ཡིན་པ་ལ་ཆོས་སུ་སེམས་པའི་སེམས་ཅན་ནི་མནར་མེད་པ་ཞེས་བྱ་བའི་མི་བཟད་པ་ཆེན་པོར་འགྲོའོ། །སོར་མོའི་ཕྲེང་བ། དེ་ བཞིན་གཤེགས་པའི་སྐྱབས་སུ་མྱུར་དུ་སོང་ཞིག །སོང་ཞིག །ཞུགས་ཤིག །སོར་མོའི་ཕྲེང་བ། ཁྱོད་མ་འཇིགས་ཤིག །དེ་བཞིན་གཤེགས་པ་ནི་འཇིགས་པ་མེད་པའི་འབྱུང་ གནས་ཏེ། སངས་རྒྱས་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་དང་མཚུངས་པར་གཟིགས་པ། ན་བ་རྣམས་གསོ་བ་དང༌། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སོ། །སངས་ རྒྱས་ནི་དབྱེ་གནས་ན་བཞུགས་པ། རྩ་ལག་མེད་པ་རྣམས་ཀྱི་རྩ་ལག་གོ །སངས་རྒྱས་ནི་དབུལ་པོ་རྣམས་ཀྱི་མི་ཟད་པའི་གཏེར་རོ། །སངས་རྒྱས་ནི་ལམ་སྟོར་བ་རྣམས་ལ་ལམ་ བཟང་པོ་སྟོན་པའོ། །སངས་རྒྱས་ནི་འཇིགས་པས་གཟིར་བ་རྣམས་ཀྱི་སྐྱབས་སུ་གྱུར་པའོ། །དེ་བཞིན་གཤེགས་པ་ནི་གྲུ་ཞིག་པ་རྣམས་ཀྱི་གྲུར་གྱུར་པའོ། །མཚོན་རྣོན་པོ་མྱུར་ དུ་བོར་ལ། རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་ལོངས་ཤིག །སོང་ལ་བླ་མའི་རྐང་པ་ལ་གཏུགས་ཏེ་བཟོད་པ་གསོལ་ཅིག །རྒན་མོ་ཉོན་མོངས་མ་ལ་རབ་ཏུ་འབྱུང་བར་ཐོངས་ཤིག་ ཅེས་གསོལ་བ་ཐོབ་ལ་སྲིད་པ་མི་ཟད་པ་ལས་སེམས་ཅན་རྣམས་སྒྲོལ་ཅིག་དང༌། ཤོ་གམ་བཟང་པོ་རབ་ཏུ་དབྱུང་བ་དང༌། བསྙེན་པར་རྫོགས་པ་སྦྱིན་ནོ། །སོར་མོའི་ཕྲེང་བ། ཁྱོད་ཡུན་ རིང་པོར་ལམ་ངན་པར་འཁྱམས་ཤིང་ངལ་བར་གྱུར་གྱི། ཆོས་ཀྱི་རོའི་ཆུ་འཐུངས་ཤིག །སོར་མོའི་ཕྲེང་བ། ཁྱོད་ཀྱང་ཤོ་གམ་ལེན་པ་ཡིན། དེ་བཞིན་གཤེགས་པའང་ཤོ་གམ་ལེན་པ་ཡིན་ ཏེ༑ སོར་མོའི་ཕྲེང་བ། དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཤོ་གམ་ལེན་པ་ལམ་སེལ་གྱི་རྒྱལ་པོ་ཡིན་ཏེ། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ལས་བསྒྲལ་ཅིང་ ལམ་སེལ། རྟག་ཏུ་ཤོ་གམ་ལེན་ཏོ། །དེ་ནས་སོར་མོའི་ཕྲེང་བས་དེ་ཉིད་དུ་སྲིན་པོ་ལྟར་ཤིན་ཏུ་རྣོ་ཞིང་མི་བཟད་པའི་མཚོན་རྣོན་པོ་བོར་ནས། བྱིས་པ་ལོ་གཅིག་ལོན་པས་མེ་མདག་བླངས་ པ་དང༌། མེ་མདག་དེ་བོར་ནས་རང་གི་ལག་ལ་ཉུག་ཅིང༌། དུས་ཏེ་ཆོ་ངེས་འདེབས་པ་དེ་བཞིན་དུ་སོར་མོའི་ཕྲེང་བའང་མཚོན་ཤིན་ཏུ་རྣོ་བ་དེ་བོར་ནས་ངུ་ཞིང་ཆོ་ངེས་བཏབ་སྟེ། མི་ཉིས་སྟོང་ དུ་གཅིག་གིས་མ་ཚང་བའི་སོར་མོའི་ཕྲེང་བ་ཐོགས་པའང་རང་གི་ལུས་ལས་ཕུད་ནས་ཀྱི་ཧུད་ཅེས་ཟེར་ཏེ། དཔེར་ན། མི་ཞིག་ཉལ་བ་ལས་རང་གི་རྐང་པ་ལ་སྤྲུལ་གྱིས་ཟིན་མ་ཐག་ཏུ་ མྱུར་དུ་སད་ནས། ལག་པ་བསྐུམ་པ་ལས་སྤྲུགས་ཏེ། ཤིན་ཏུ་མི་བཟད་པའི་སྦྲུལ་བཟུང་ནས་འདོར་བ་དེ་བཞིན་དུ་སོར་མོའི་ཕྲེང་བའང་རང་གི་མགོ་ལས་སོར་མོའི་ཕྲེང་བ་མྱུར་དུ་བོར་རོ།། ༄༅། །ཇི་ལྟར་བདག་ཉིད་གདོན་དང་བྲལ་བར་གྱུར་པར་ཤེས་ནས་ངོ་ཚ་བ་དེ་བཞིན་དུ། དེ་ནས་སོར་མོའི་ཕྲེང་བས་ཀྱང༌། བདག་ཉིད་མངོན་པར་རིག་ནས་མེ་ཏོག་རྩ་ ལག་འཚོ་ཞེས་བྱ་བའི་ཁ་དོག་ལྟར་ཁྲག་གིས་ལུས་ཐམས་ཅད་ཡོག་ཅིང༌། སྤྲིན་ཆེན་པོ་ལྟར་མིག་མཆི་མས་གང་ནས་རབ་ཏུ་ངུ་ཞིང་བདག་ལ་རྡེག་སྟེ། ཇི་ལྟར་སྤྲུལ་གྱིས་ཟིན་ནས་སྨྱོས་ པའི་མི་སྤྲུལ་ལྟར་ལྟོས་འཕྱེ་ཞིང་འགྲོ་འགྲོ་བ་དེ་བཞིན་དུ་སོར་མོའི་ཕྲེང་བའང་ཚད་ཤིང་སུམ་ཅུ་རྩ་དགུ་ཁོར་ཁོར་ཡུག་གི་ས་ལ་ལྟོས་འཕྱེ་ཞིང་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་མགོ་ ལ་བཞག་སྟེ། ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་སངས་རྒྱས་བྱམས་པའི་མཆོག་མངའ་ཞིང༌། །སྐྱེས་གདུལ་ཁ་སྒྱུར་བདག་གི་སླད་གཤེགས་པས། །གཏི་མུག་ཆོས་ཀྱི་རླབས་ཆེན་ མི་ཤེས་ཆུ། །རྒྱ་མཚོ་ཆེ་ལས་བདག་དེང་ངེས་པར་བསྒྲལ། །ཀྱེ་མ་སངས་རྒྱས་ཐུགས་རྗེ་མཆོག་མངའ་ཞིང༌། །སྐྱེས་གདུལ་ཁ་སྒྱུར་བདག་གི་སླད་གཤེགས་པས། །ཤིང་རྩ་འབྲས་ བུ་ལོ་མ་མང་བ་ཡི། །དགོན་པ་ལས་ནི་དེང་བདག་ངེས་པར་བསྒྲལ། །ཀྱེ་མ་སངས་རྒྱས་དགའ་བ་མཆོག་མངའ་ཞིང༌། །སྐྱེས་གདུལ་ཁ་སྒྱུར་བདག་གི་སླད་གཤེགས་པས། །ལྟ་ བ་སྣ་ཚོགས་རི་མོར་བྲིས་པ་ཡིས། །སྟག་གི་ལག་ནས་བདག་དེང་ངེས་པར་བསྒྲལ། །ཀྱེ་མ་སངས་རྒྱས་བཏང་སྙོམས་མཆོག་མངའ་ཡང་དག་གཟིགས། །སྐྱེས་གདུལ་ཁ་ལོ་ སྒྱུར་བ་བདག་གི་སླད་གཤེགས་པས། །འོ་དོད་འབོད་དང་ཆེར་འབོད་མནར་མེད་པའི། །སེམས་ཅན་དམྱལ་ཆེན་གཏིང་ནས་དེང་བདག་བསྒྲལ། །འདི་ནི་སྐྱབས་མེད་པ་ཡི་སྐྱབས་ལགས་ ཏེ༑ ༑རྩ་ལག་མེད་པ་རྣམས་ཀྱི་རྩ་ལག་གོ །བདག་གིས་ཡང་ཚེ་བའི་ལས་བགྱིས་ན། །བདག་ནི་འདི་འདྲར་གྱུར་ལ་སྐྱབས་མཛད་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱིས་སོར་མོའི་ ཕྲེང་བ་ལ་སླར་བཀའ་སྩལ་པ། སོར་མོའི་ཕྲེང་བ། ཁྱོད་ལོངས་ལ་མྱུར་དུ་སོང་སྟེ། མའི་རྐང་པ་ལ་གཏུགས་ལ་བཟོད་པ་གསོལ་ཅིག །བཟོད་པ་གསོལ་ནས། རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་པར་གསོལ་ཅིག་ཅེས་གསོལ་བ་ཐོབ་ཅིག །དེ་ནས་སོར་མོའི་ཕྲེང་བ་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་དྲུང་ནས་ལངས་ནས། རང་གི་མ་ག་ལ་བ་དེར་སོང་སྟེ་ཕྱིན་པ་ དང༑ རང་གི་མ་ལ་ལན་མང་དུ་བསྐོར་བ་བྱས་ཏེ། ཆུ་སྲིན་བྱིས་པ་གསོད་ཅེས་བྱ་བ་བཞིན་དུ་འགྲེ་ཞིང་དུས་ནས་ཆོ་ངེས་བཏབ་སྟེ། རང་གི་མ་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་ སོ༑ ༑སློབ་དཔོན་ངན་པའི་དབང་སོང་བས། །མི་སྟོང་དགུ་བརྒྱ་བཀུམ་ལགས་ཏེ། །ཀྱེ་མ་བདག་གིས་མི་བཟད་བགྱིས། །བདག་གིས་སྡིག་ཕུང་མང་པོ་རྙེད། །མ་ཁྱོད་བདག་གི་རྟེན་ ལགས་ཏེ། །སངས་རྒྱས་ཤིན་ཏུ་སྐྱབས་སུ་གདའ། །ཁྱོད་ཀྱི་ཞབས་ནི་མགོར་བཞག་སྟེ། །རབ་འབྱུང་བསྙེན་པར་རྫོགས་པར་གསོལ། །དེ་ནས་མས་རང་གི་བུ་ལ་ཚིགས་སུ་བཅད་ ༄༅། །པས་ཕྱིར་སྨྲས་པ། ངས་ནི་བུ་ཁྱོད་བཏང་ཟིན་གྱི། །རང་བྱུང་འཇིག་རྟེན་ཕ་རོལ་སྤྱོད། །བདག་ཀྱང་རྫོགས་པའི་སངས་རྒྱས་ལ། །དེ་བཞིན་རབ་ཏུ་འབྱུང་བར་ གསོལ། །ཀྱེ་མ་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་དཔེ་མེད་དེ། །སངས་རྒྱས་བདག་གི་བུ་སྒྲོལ་བ། །འཇིག་རྟེན་ཀུན་ལ་ཐུགས་ཀྱང་བརྩེ། །མགོན་པོ་ཁྱོད་ཀྱི་ གཟུགས་རྣམས་དང༌། །ཡོན་ཏན་དཔེ་ཡང་འགྲོ་ལ་མེད། །བདག་གིས་ཅུང་ཟད་བརྗོད་ནུས་ཏེ། །དེ་བཞིན་གཤེགས་པ་ལྷ་ཡི་ལྷ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒན་མོ་ལ་ཚིགས་ སུ་བཅད་པ་འདི་སྐད་གསུངས་སོ། །ཁྱོད་ཀྱི་བུ་ནི་ང་མདུན་དུ། །རབ་ཏུ་འབྱུང་བར་གནང་བ་ནི། །ལེགས་སོ་བུད་མེད་ཉོན་མོངས་མ། །རྒྱུན་མི་འཆད་པར་བདེ་བར་ཤོག །ཁྱོད་ནི་རབ་ཏུ་ བྱུང་བ་ཡི། །དུས་ལས་ཤིན་ཏུ་ཡོལ་ཟིན་གྱི། །དགེ་བསྙེན་མ་ཡི་ཆོས་རྣམས་ཀྱིས། །རྒན་མོ་བདག་ཉིད་དབུགས་ཕྱུངས་ཤིག །སྐད་ཅིག་ཙམ་དུ་འདིར་སྡོད་དེ། །རྒྱལ་པོ་གསལ་རྒྱལ་ ཇི་སྲིད་ན། །འདི་དག་ཏུ་ནི་མཐོང་གྱུར་པ། །དེ་ཙམ་དུ་ཡང་བདེ་བར་འདུག། །།བམ་པོ་གཉིས་པ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ དང༌། ལྷའི་བུ་མོའི་ཚོགས་དང་བཅས་པས་བསྐོར་ཅིང་མདུན་དུ་བདར་ཏེ། སྣང་བ་ཆེན་པོས་མཉན་དུ་ཡོད་པའི་ཡུལ་ཐམས་ཅད་སྣང་བར་བྱས་ནས། དེ་བཞིན་གཤེགས་པ་དང༌། སོར་མོའི་ཕྲེང་བ་གཉིས་མི་ལྟར་འཐབ་པ་དང༌། ཅང་ཤེས་ལྟར་འཐབ་པ་མཐོང་སྟེ། རབ་ཏུ་དགའ་ནས་བཅོམ་ལྡན་འདས་དང༌། སོར་མོའི་ཕྲེང་བ་གཉིས་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་ སྨྲས་སོ། །ཀྱེ་མ་མི་འདུལ་ཁ་ལོ་སྒྱུར། །སངས་རྒྱས་ནོར་ལ་བཟང་པོ་མཛེས། །ཀྱེ་མ་འདི་ལྟར་སངས་རྒྱས་ཀྱིས། །སོར་མོའི་ཕྲེང་བ་རབ་ཏུ་བཏུལ། །རྟག་ཏུ་མི་ཡི་ཁྲག་གིས་ལུས་བྱུགས་ཏེ། ། ལྷ་མིན་དབང་དང་ལྷ་དང་སྲིན་པོ་དང༌། །གནོད་སྦྱིན་སྟོབས་དང་ལྡན་པ་རྩལ་ཆེན་དང༌། །ཀླུ་དང་ཤ་ཟ་ལྟོ་འཕྱེ་མི་འམ་ཅི། །སྟོབས་ལྡན་རྩལ་ཆེན་ནམ་མཁའ་ལྡིང་དག་དང༌། །སེམས་ཅན་ གཏུམ་པོ་སྟོབས་ལྡན་གཞན་དག་ཀྱང༌། །སོར་ཕྲང་མིང་ཐོས་ཉལ་བཞིན་མིག་བཙུམས་འདུག །དེ་འདྲ་གཏུམ་པོའི་ལས་བྱེད་སོར་ཕྲེང་དེ། །མི་ཡི་རྒྱལ་པོ་ཙམ་གྱིས་ག་ལ་སོད། །དེ་ནི་ བཙས་མ་ཐག་ཏུ་དེ་ཡི་ཚེ། །ལྷ་དང་ལྷ་མ་ཡིན་པ་ཀུན་སྐྲག་ན། །མི་ཡི་རྒྱལ་པོ་ཙམ་ལྟ་ཅི་ཞིག་སྨོས། །མིང་གིས་གོ་ཆ་མཚོན་ཀུན་རྡོལ་ཅིང་སྣང༌། །དེ་ལྟར་དྲག་ཅིང་སྟོབས་ལྡན་རྩལ་ཆེ་བ།། ཀྱེ་མ་དེ་བཞིན་གཤེགས་ཀྱིས་བཏུལ་བ་ལེགས། །མཐུ་དང་རྩལ་ཀྱང་བསམ་གྱིས་མི་ཁྱབ་མངའ། །སངས་རྒྱས་བསམ་གྱིས་མི་ཁྱབ་སངས་རྒྱས་ནི། །ཡུལ་དང་ཡེ་ཤེས་སྤྱོད་ཡུལ་ བསམ་མི་ཁྱབ། །སོར་མོའི་ཕྲེང་བ་དེ་རིང་མཛེས་པར་སྣང༌། །ཤིན་ཏུ་གཟུགས་བཟང་བཙོ་མའི་གསེར་ལྟར་གྱུར། །ཉི་མའི་ཟེར་ཤར་ཁ་དོག་ལྟ་བུར་མཛེས། །སོར་ཕྲེང་བྱད་སྡུག་ཚུལ་ ༄༅། །ཁྲིམས་གནས་པ་མཛེས། །ཚུལ་ཁྲིམས་བྲལ་བའི་མི་ནི་ཡོང་མི་མཛེས། །ཀྱེ་མ་བདག་དེང་ཁྱིམ་ཆོས་མང་ཐོབ་སྙམ། །སོར་མོའི་ཕྲེང་བ་ཆོས་གོས་སྩལ་ པར་བགྱི། །སངས་རྒྱས་བཅོམ་ལྡན་བདག་ལ་ཐུགས་བརྩེ་བཞེས། །སོར་མོའི་ཕྲེང་བ་དགེ་སྦྱོང་ཚུལ་འདྲ་སྩལ། །སློང་བ་ཀུན་གྱི་རྒྱལ་པོ་ཆེན་པོ་ལ། །དེ་བཞིན་གཤེགས་པས་ ལེགས་པར་གཟིགས་སུ་གསོལ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །སྐྱེས་བུ་དམ་པ། ངའི་ལྷའི་གོས་མཆོག་འདི་ཁྱོད་ཀྱི་ཆོས་གོས་ གྱིས་ཤིག །དེ་ནས་སོར་མོའི་ཕྲེང་བས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །སྦྲང་མ་ལྟ་བུ་ཁྱོད་སུ་ཞིག། བརྒྱ་བྱིན། མ་དད་པའི་སྦྱིན་པ་ང་ལེན་ནམ། བརྒྱ་བྱིན། ཁྱོད་ནི་འདོད་ པའི་གོང་བུ་སྟེ། ཁྱོད་ཀྱིས་ད་དུང་ཆུ་ཀླུང་མང་པོ་མ་བརྒལ་ཏེ། རང་བཞིན་གྱིས་གཅེར་བུས་གཞན་ལ་ཇི་ལྟར་གོས་སྦྱིན། ཁྱོད་ནི་རང་བཞིན་གྱིས་གཅེར་བུ་ན། ཆོས་གོས་ཀྱི་ཕྱིར་ ཇི་ལྟར་རིན་ཐང་མེད་པའི་གོས་གཞན་ལ་སྦྱིན། དཔེར་ན། རྒྱལ་པོའི་གྱད་སྟོང་ཐུབ་པ་བདག་ཉིད་ལུས་ཐམས་ཅད་ཐོག་མར་འགྱེལ་ན། བ་ལང་རྒན་པོ་འདམ་དུ་སོང་བ་བཞིན། མ་ བརྒལ་བ་ཉིད་དུ་འགྱེལ་བས་རྒན་པོ་གཞན་གྱི་གྱད་སྟོང་ཐུབ་པ་ལ་ཇི་ལྟར་བརྒལ་བར་བྱ། དེ་བཞིན་དུ་ངས་ཀྱང་ཁྱོད་ཀྱི་རིན་ཐང་མེད་པའི་གོས་གྱོན་ན་བརྒྱ་བྱིན་མིག་སྟོང་ཅན་ཉོན་ མོངས་པའི་བདུད་བྱེ་བ་དང༌། རང་བཞིན་གྱི་བདུད་ལ་སོགས་པ་དང་ཇི་ལྟར་འགྱེད། ངས་ནི་བདུད་མཐའ་ཡས་པ་དང་འཐབ་ཅིང་ཉོན་མོངས་པ་མང་པོ་ཟད་པར་བྱ་སྟེ། དགེ་སྦྱོང་གི་ ཆོས་དེ་བཞིན་གཤེགས་པས་བསྔགས་པའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སྤྱད་པར་བྱ་ཡི། ཁྱོད་ཀྱི་མལ་ཆ་ནི་དེ་ལྟར་གནས་པར་མི་བྱའོ། །བརྒྱ་བྱིན་མིག་སྟོང་ཅན། ཁྱོད་ནི་ལྷ་རྣམས་ ཀྱི་དབང་ཕྱུག་མ་ཡིན་ཏེ། ཁྱོད་ནི་དམུས་ལོང་དུ་གྱུར་པ་དང་ཁྱད་པར་མེད་དོ། །བརྒྱ་བྱིན། ཁྱོད་ཀྱིས་གཏུམ་པོའི་ལས་ཀྱི་སྡིག་པ་ཅི་འདྲ་བའི་བྱེ་བྲག་མི་ཤེས་སོ། །སོར་མོའི་ཕྲེང་བ། གཏུམ་ པོ་ཡིན་པར་སྦྲང་མ་ལྟ་བུ་ཁྱོད་ཀྱིས་ཇི་ལྟར་ཤེས། ཀྱེ་མ། བརྒྱ་བྱིན་གྱིས་གསལ་བར་གཏུམ་པོའི་ལས་མི་ཤེས་སོ། །བསྟན་པའི་ཚུལ་ཤེས་ན་རབ་ཏུ་འབྱུང་བར་འདོད་པ་ཐོག་མར་རིན་ཐང་ མེད་པའི་གོས་གྱོན་ན། དགེ་སྦྱོང་ཅི་འདྲ་བ་ཞིག་ཏུ་འགྱུར། བརྒྱ་བྱིན། ཁྱོད་ནི་རབ་ཏུ་འབྱུང་བའི་དབེན་པ་ཙམ་ཡང་མི་ཤེས་ཏེ། བརྒྱ་བྱིན། ཁྱོད་ནི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པའོ། །འདི་ ལྟ་སྟེ། ནོར་བུ་དང༌། མུ་ཏིག་དང༌། བཻ་ཌཱུཪྻ་དང༌། གསེར་དང༌། ནོར་བུ་ཟླ་མཛེས་ལ་སོགས་པའི་རིན་པོ་ཆེས་གང་བའི་བུམ་པ་བརྒྱད་ཁྲི་དང༌། ས་ལེ་སྦྲམ་དང༌། རིན་པོ་ཆེའི་བུམ་པ་གཞན་ ཡང་དཔག་ཏུ་མེད་པ་སྤངས་ཏེ། མཆིལ་མའི་ཐལ་བ་བཞིན་དུ་རིན་ཐང་མེད་པའི་གོས་བོར་ཏེ། གང་དགེ་སྦྱོང་གི་ཆོས་ལ་ངེས་པར་བྱུང་བ་དེ་བཞིན་གཤེགས་པའི་སྲས་ཐུ་བོ། གནས་བརྟན་ ༄༅། །འོད་སྲུང་ཆེན་པོ་གནས་མལ་ནགས་ཁྲོད་དུ་འཆའ་ཞིང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱིས་བསྡམས་ཏེ། ལུས་ཀྱིས་བརྟུལ་ཞུགས་སྤྱོད་པའང་ཅིའི་ ཕྱིར་རིན་ཐང་མེད་པའི་གོས་མི་གྱོན། ཅིའི་ཕྱིར་ཁང་པའི་གནས་མལ་སྤངས་ཤིང་གནས་བརྟན་འོད་སྲུང་ཆེན་པོ་བདུད་རྩི་ལྟ་བུའི་ཁ་ཟས་སྣ་ཚོགས་དང༌། ཤའི་རོའི་ཁ་ཟས་སྤངས་ ཏེ༑ ཤ་མེད་པར་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་ཡང་དག་པར་སྤྱོད། ཁྱིམ་ནས་ཁྱིམ་དུ་རྒྱུ་ཞིང་ལྐུགས་པ་མ་ཡིན་པར་ལྐུགས་པར་འདུ་ཤེས་པས་མདུན་དང༌། རྒྱབ་དང༌། གློ་ནས་མེད་ཅེས་ཟེར་ རམ༑ གཤེ་ནའང་བདེ་བར་གྱུར་ཅིག་ཅེས་བརྟན་པར་ཕྱིར་འབྱུང་ངོ༌། །ཡོད་ཅེས་ཟེར་ནའང་གནས་བརྟན་ཆགས་པར་མི་འགྱུར་ཏེ། བདེ་བར་གྱུར་ཅིག་ཅེས་བརྟན་པར་ཕྱིར་འབྱུང་ལ། བུམ་པ་རེ་རེས་ཀྱང་མ་འོངས་པའི་དགེ་སྦྱོང་རྣམས་ནམ་འཚོའི་བར་དུ་བཟའ་བ་དང༌། བཅའ་བ་དང༌། བལྡག་པ་སྤྱད་པར་གྱུར་ན། ཅིའི་ཕྱིར་དེ་ལྟ་བུའི་ལོངས་སྤྱོད་ཀྱི་ཕུང་པོ་ཆེན་པོ་ དགེ་འདུན་གྱི་ནོར་དུ་མ་བཞག་སྟེ། བདག་གིར་བྱ་བ་སྤངས་ཤིང་བཏང་ནས་ཡི་དྭགས་དང༌། དབུལ་པོ་དང༌། བཀྲེན་པ་དང༌། སློང་བ་ལ་སོགས་པའི་གཏེར་ཟད་མི་ཤེས་པར་ བྱས་པ་དེ་ལྟ་བུ་ནི། བརྒྱ་བྱིན། དགེ་སྦྱོང་གི་ཆོས་ཏེ། ཏིལ་ཙམ་གྱི་བག་སོགས་པ་དེའང་དགེ་སྦྱོང་གི་ཆོས་མ་ཡིན་ནོ། །བྲན་ཕོ་དང༌། བྲན་མོ་དང༌། ནོར་རྣམ་པ་མང་པོ་དང༌། ཞིང་ གི་དངོས་པོ་དང༌། དེ་བཞིན་དུ་ཉོ་བ་དང༌། འཚོང་བ་དེ་ནི་དགེ་སྦྱོང་གི་ཆོས་དང་མཐུན་པ་མ་ཡིན་ཏེ། དེ་དག་ནི་ཁྱིམ་ན་གནས་པ་རྣམས་ཀྱི་ནོར་ལྟ་བུ་ཡིན་ནོ། །སྔར་སྨོས་པའི་ནོར་དེ་དག་ ལེན་པ་གང་ཡིན་པ་དང༌། རུང་བ་མ་ཡིན་པའི་ནོར་སྦྱིན་པར་བྱེད་པ་གང་ཡིན་པ་དེ་དག་ནི་བླུན་པོར་མཚུངས་ཏེ། འབྲས་མ་རུང་བར་བྱེད་པའི་ཞིང་གི་ངོ་དང་འདྲ་བར་སྐྱོན་ཆགས་པའི་ཡ་ མཚན་ཅན་དེ་དག་ང་ཆད་པས་གཅད་པར་བྱའོ། །གང་ངས་བསད་ནས་སོར་མོའི་ཕྲེང་བར་བྱས་པ་དེ་དག་ཐམས་ཅད་ཀྱང་བསྟན་པ་ལ་སུན་འབྱིན་པ་ཤ་སྟག་སྟེ། དགེ་བསྙེན་ནམ། དགེ་བསྙེན་མའམ། དགེ་སྦྱོང་ངམ། དགེ་སྦྱོང་མ་གཅིག་ཀྱང་མེད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཆོས་ནི་བསད་པ་མེད་པའི་ མཚན་ཉིད་དེ། དེ་བཞིན་གཤེགས་པའང་སྲས་གཅིག་པོ་སྒྲ་གཅན་ཟིན་བཞིན་དུ་སེམས་ཅན་ཐམས་ཅད་ལ་གཟིགས་ན། ཇི་ལྟར་སྐྱོན་ཆགས་པའི་ཡ་མཚན་ཅན་རྣམས་ཀྱི་ཡན་ ལག་གཅད་པར་བཀའ་སྩོལ་བར་འགྱུར། དེ་ནས་སོར་མོའི་ཕྲེང་བས། བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་སྨྲས་སོ། །བསད་པ་དང༌། མི་བསད་པའི་བྱེ་བྲག་བརྒྱ་བྱིན་ཁྱོད་ཀྱིས་ག་ ལ་ཤེས། སྒྱུ་མ་བྱེད་པའི་སྒྱུ་མ་ཇི་ལྟར་ཞིང་པས་མི་ཤེས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཡུལ་སྒྱུ་མའང༌། བརྒྱ་བྱིན་བསྟན་པའི་ཕྱི་རོལ་ཏུ་གྱུར་པ་ཞིང་པ་ལྟ་བུས་ག་ལ་ཤེས། ༄༅། །མི་གསད་པ་དང༌། གསད་པ་ལའང་རྣམ་པ་གཉིས་ཡོད་དེ། བྱང་ཆུབ་སེམས་དཔའི་གསོད་པ་དང༌། ཉན་ཐོས་ཀྱི་གསོད་པ་སྟེ། རྣམ་པ་དེ་གཉིས་ཀྱང་སྦྲང་ བུ་ལྟ་བུ་ཁྱོད་ཀྱིས་ག་ལ་ཤེས། བྱང་ཆུབ་སེམས་དཔའི་ཡུལ་དང༌། ཁྱོད་ཀྱི་ཡུལ་གྱི་ཁྱད་པར་ནི་ནམ་མཁའ་ལ་སྦྲང་བུའི་འཕུར་སྟབས་བཞིན་ནོ། །འདི་ལྟ་སྟེ། དཔེར་ན། དགེ་སྦྱོང་ འདྲེས་ཟིན་པ་ལ་དགེ་སྦྱོང་རྣམས་འགོག་པར་ཞུགས་ན། སྐྱེ་བོ་མང་པོས་ཅིའི་ཕྱིར་འགོག་པ་ལ་ཞུགས་ཞེས་དྲིས་ན། བརྒྱ་བྱིན་ཁྱོད་ལ་དྲི་སྟེ། དེའི་ཚེ་དེ་ལྟར་འགོག་པའི་ཟློག་པ་དེ་ མཆོག་ཡིན་ནམ། བསྒོ་བ་དེའི་ཚེ་གལ་ཏེ་འགོག་པ་དེས་ཤི་ན་སུ་ལ་སྡིག་པར་འགྱུར་ཏེ། གལ་ཏེ་གསོད་པའི་སེམས་སྦྱངས་ན་སུ་ལའང་སྡིག་པར་མི་འགྱུར་རོ། །དེ་བཞིན་དུ་སྐྱོན་ ཆགས་པའི་ཡ་མཚན་ཅན་རྣམས་ཆད་པས་བཅད་པ་ལས་གལ་ཏེ་ཤིན་སུ་ལའང་སྡིག་པར་མི་འགྱུར་གྱི། བསོད་ནམས་ཀྱི་ཕུང་པོ་མང་དུ་བསྐྱེད་དོ། །དེ་ལྟར་གསོད་པ་དང༌། མི་ གསོད་པའི་བྱེ་བྲག་ནི་ཤེས་པར་དཀའ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་གསོད་པའི་ཆོས་སུ་མི་འགྱུར་རོ། །དཔེར་ན། སྨན་པས་ནད་པའི་ལྕེའི་དྲུང་དུ་གཙགས་བུས་ བཏབ་སྟེ། ཁྲག་ཕྱུང་བ་ལས་དེའི་འོག་ཏུ་དེ་གལ་ཏེ་ཤིན་ཅི་སྨན་པ་ལ་སྡིག་ཏུ་འགྱུར་རམ། སྨན་པ་ནི་མི་མང་པོ་ལ་ཕན་པར་བྱེད་པས་སྨན་པ་ལ་སྡིག་ཏུ་མི་འགྱུར་ཏེ། གསོད་པའི་ སེམས་ནི་མ་གཏོགས་སོ། །དེ་བཞིན་དུ་སྐྱོན་ཆགས་པའི་ཡ་མཚན་ཅན་རྣམས་ཆད་པས་བཅད་པ་ལས་གལ་ཏེ་ཤི་ན་སུ་ལའང་སྡིག་པར་མི་འགྱུར་གྱི། བསོད་ནམས་ཀྱི་ཕུང་པོ་མང་ དུ་འཕེལ་ཏེ། གསོད་པའི་སེམས་ནི་མ་གཏོགས་སོ། །དཔེར་ན། བུའི་སློབ་དཔོན་མཐོང་མ་ཐག་ཏུ་བྱིས་པ་ཤིན་བུའི་སློབ་དཔོན་ལ་སྡིག་པར་འགྱུར་རམ། དེ་བཞིན་དུ་ཁོང་ནས་དཔའ་ བའི་གཟི་བརྗིད་མཐོང་ནས། མཐོང་བ་ཙམ་གྱིས་སྐྱོན་ཆགས་པའི་ཡ་མཚན་ཅན་ཤི་ན་ཅི་ཟློག་པ་ལ་སྡིག་པར་འགྱུར་རམ། ཟློག་པ་ལ་སྡིག་པར་མི་འགྱུར་གྱི། བསོད་ནམས་མང་དུ་ འཕེལ་ཏེ། གསོད་པའི་སེམས་ནི་མ་གཏོགས་སོ། །དེའི་ཕྱིར་བརྒྱ་བྱིན་ཁྱོད་སྡིག་པའི་ལས་དང༌། བསོད་ནམས་རྣམས་ཀྱི་ལས་ཀྱི་བྱེ་བྲག་མི་ཤེས་སོ། །དགེ་སྦྱོང་དང༌། དགེ་སྦྱོང་མ་ ཡིན་པའི་བྱེ་བྲག་མི་ཤེས་ཀྱི། དམ་པའི་ཆོས་ལ་སྡང་བའི་ཡ་མཚན་ཅན་རྣམས་ནི་ཆད་པས་གཅད་དོ། །གནས་བརྟན་འོད་སྲུང་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་བརྒྱད་ཅུ་དང༌། ས་ ཡ་གྲོ་ཞིན་སྐྱེས་དང༌། ཐུག་པ་མེད་ལ་སོགས་པ་དེ་དག་ཐམས་ཅད་ཀྱང་ནོར་གྱི་བུམ་པ་མང་པོ་བོར་ནས་ཡོ་བྱད་བསྙུངས་ཤིང་ཆོག་ཤེས་པས་དམ་པའི་ཆོས་ལ་གནས་པ་དག་ཅི་རིན་ཐང་མེད་ པའི་གོས་གྱོན་ནམ། དགེ་སློང་གི་ལུས་མགོ་བྲེགས་ཤིང་རྒྱགས་པ་ཐམས་ཅད་བཅོམ་པ་མགོན་མེད་པ་བཞིན་དུ། ལག་ན་ལྷུང་བཟེད་ཐོགས་པ་གོས་ལ་སོགས་པའང་ཁ་དོག་བསྒྱུར་ཅིང་ ༄༅། །ཁ་དོག་ངན་པར་བྱེད་པའི་དགེ་སློང་དེ་དག་ལ་བག་མེད་པ་ཇི་ལྟར་རུང༌། རྟག་ཏུ་གྲང་བ་དང༌། ཚ་བ་དང༌། བྲུ་བ་དང༌། སྐོམ་པས་ཉེན་ཅིང་རི་དྭགས་བཞིན་དུ་ རྟག་པར་རྐང་ལག་རྡུལ་གྱིས་རེག་ཀྱང་ཚུལ་ཁྲིམས་ལས་ཅུང་ཟད་འདས་པའི་དྲི་མའང་མེད་པ་ཁྭའི་སྒོ་ང་བཞིན་དུ་ཚུལ་ཁྲིམས་སྲུང་བ་དེ་དག་ལ་འདུ་འཛི་དང༌། སྨྲ་བ་ལ་དགའ་ བས་ཅི་ཞིག་བྱ། བལ་གླང་མཆེ་བ་བཅད་པ་བཞིན་དུ་འཇིགས་ཤིང་གཟུགས་མི་སྡུག་བ་དེ་དག་ལ་རིན་ཐང་མེད་པའི་གོས་གྱོན་པས་ཅི་ཞིག་བྱ། ལན་གཉིས་སུ་དེ་སྐད་མ་ཟེར་ ཅིག༑ བརྒྱ་བྱིན། ཁྱོད་ནི་བསྟན་པའི་ཕྱི་རོལ་པ་ཡིན་ཏེ། མུ་སྟེགས་རྣམས་སུ་བྲམ་ཟེའི་དམ་ཚིག་ལ་གདོལ་པ་མི་ཆུད་པ་དེ་བཞིན་དུ། ཁྱོད་ཀྱང་ཕྱི་རོལ་གྱི་གདོལ་པ་ཡིན་གྱི། སྦྲང་བུ་ ཁྱོད་ཅང་མ་སྨྲ་ཞིག །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས་སྣང་བ་ཆེན་པོ་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། དེ་བཞིན་གཤེགས་ པ་དང༌། སོར་མོའི་ཕྲེང་བ་ལ་ལྷའི་མཆོད་པ་ཆེན་པོ་བྱས་ནས། བཅོམ་ལྡན་འདས་དང༌། སོར་མོའི་ཕྲེང་བ་ལ་ཚིག་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བདག་གིས་གཡུལ་ཆེན་རབ་ མཐོང་སྟེ། །སེང་གེ་གཉིས་ནི་དྲག་ཏུ་འཐབ་པ་བཞིན། །ཀྱེ་མ་སངས་རྒྱས་མི་གདུལ་ཁ་ལོ་སྒྱུར། །དེ་བཞིན་གཤེགས་པས་སོར་ཕྲེང་དགེ་བར་བཏུལ། །སྤྲུལ་གྱིས་སྨན་པ་མཐོང་ནས་ ཤིན་ཏུ་སྒྲ་འབྱིན་ཅིང༌། །མི་འཇིགས་ཁ་རླངས་འབྱིན་པ་ཞི་བ་མྱུར་བཏུལ་ལྟར། །དེ་བཞིན་འཇིག་རྟེན་གསུམ་གྱི་སྨན་པ་མཐོང་ནས་ནི། །སོར་ཕྲེང་གཏུམ་རབ་ལས་བགྱིད་ཤིན་ཏུ་ དུལ་བར་གྱུར། །ཁམས་གསུམ་སྨན་པ་ཁྱོད་ལ་ཕྱག་འཚལ་ལོ། །གྱད་མཆོག་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ་མངའ་བ། །བསམ་ཡས་སྟོབས་ འཆང་ཁྱོད་ལ་ཕྱག་འཚལ་ལོ། །ཆོས་ཉིད་ལ་ཡང་སོར་ཕྲེང་བཞག་པ་ནི། །དེ་རིང་ལྷ་ཁྱོད་ཤིན་ཏུ་རྣམ་པར་མཛེས། །དེ་ལྟར་ཤིན་ཏུ་མཛེས་པ་དཔེ་མི་རྙེད། །དེ་ཕྱིར་དེ་བཞིན་གཤེགས་ པ་དཔེ་མ་མཆིས། །སོར་ཕྲེང་ཚུལ་ཁྲིམས་དེང་གནས་ཤིན་ཏུ་མཛེས། །དུལ་ཞིང་བྱང་ལ་འཇིགས་པ་མ་མཆིས་ཤིང༌། །གཟུགས་ནི་རང་བཞིན་གྱིས་ཀྱང་གསེར་འདྲ་སྟེ། །ཛམྦུའི་ཆུ་བོ་ གསེར་འབར་མདོག་ལྟར་མཛེས། །དེ་བཞིན་གཤེགས་ལ་བདག་གསོལ་བདག་ལ་ཐུགས་བརྩེ་བས། །བདག་གི་འཕྲུལ་གོས་དེ་བཞིན་གཤེགས་པས་དེང་བཞེས་ཏེ། །སོར་མོའི་ ཕྲེང་བས་ལྷ་ཡི་ཆོས་གོས་བགྱི་བར་གསོལ། །དེ་ཡི་འབྲས་བུས་བདག་ཀྱང་བྱང་ཆུབ་མཆོག་ཐོབ་ཤོག །སོར་ཕྲེང་ཆོས་གོས་བདག་གི་གོས་བགོས་ནས། །ཚངས་པའི་སྤྱོད་པ་སེམས་བརྟན་ རྟོགས་པར་ཤོག །བཅོམ་ལྡན་འདས་ལ་སོར་མོའི་ཕྲེང་བ་ཡང༌། །ཚངས་པར་སྤྱོད་པ་ཕུན་སུམ་ཚོགས་པར་སྲུངས། །དེ་ནས་སོར་མོའི་ཕྲེང་བས་ཚངས་པ་མི་མཇེད་ཀྱི་བདག་པོ་ལ་སླར་ ༄༅། །འདི་སྐད་ཅེས་སྨྲས་སོ། །ཕྲ་མ་ཅན་ཅལ་ཅོལ་སྨྲ་བ་ཁྱོད་སུ་ཞིག །སོར་མོའི་ཕྲེང་བས་བདག་གི་གོས་བགོས་ནས། སོར་མོའི་ཕྲེང་བས་ཚུལ་ཁྲིམས་དང༌། བརྟུལ་ ཞུགས་སྲུངས་ཤིག །སོར་མོའི་ཕྲེང་བ་ཡུན་རིང་དུ་ཚུལ་ཁྲིམས་སྲུངས་ཤིག་ཅེས་ང་ལ་བརྙས་ཤིང་སྨྲ་བ། ཚངས་པ་ངན་པ། ཚངས་པ་མ་ཡིན་པ། ཚངས་པའི་གཟུགས་འདིར་འོངས་ན་ ཚངས་པ་ཚངས་པ་ཞེས་བྱ་བའི་དོན་ཅི། འཇིག་རྟེན་ན་ཚངས་པའི་ལས་གང་ཡིན། ངས་སྦྲང་བུ་ལྟ་བུ་ལས་གོས་བླངས་ཏེ་བགོས་ལ་ཚུལ་ཁྲིམས་དང༌། བརྟུལ་ཞུགས་ཡུན་རིང་པོར་བསྲུང་ ངམ༑ ང་ནི་སུའི་ཁོལ་པོའང་མ་ཡིན་ཏེ། ང་ནི་སུའི་དད་པ་ལའང་མི་འཇུག་གོ །ང་ལ་སུའི་བུ་ལོན་ཡང་མ་ཆགས་ཏེ། ངས་ནི་སྔོན་སེམས་ཅན་དབུལ་པོ་རྣམས་ལ་ནོར་བྱིན་ནོ། །དཔེར་ན། དཔྱིད་ ཟླ་ར་བ་ལ་འཕྱང་མོ་ཉུག་པའི་ཐག་པས་བཏགས་ཏེ། རིང་དུ་སོང་ཡང་སླར་མྱུར་དུ་རང་གི་གནས་སུ་འཁོར་བ་དེ་བཞིན་དུ། ཚངས་པ་སྦྲང་བུ། ཁྱོད་ཀྱང་དཔྱིད་ཟླར་བ་ལ་འཕྱང་ཐག་བཏགས་ པ་ལྟར་ཚངས་པའི་འཇིག་རྟེན་གྱི་བདེ་བ་མྱོང་ནས་ཕྱིར་ལྟུང་བའི་ཆོས་ཅན་དུ་ལྟུང་བར་འགྱུར་རོ། །བྱང་ཆུབ་སེམས་དཔའི་ཡང་དག་པའི་དོན་ཡོན་ཏན་གྱི་འཐད་པ་མི་ཤེས་པར་གང་ སྡིག་པ་དང༌། སྡིག་པ་མ་ཡིན་པར་རྟོག་པ་ཁྱོད་འདྲ་བ་སྦྲང་བུ་ལྟ་བུ་དེ་དག་སྲིད་པ་དག་ན། མི་མཁས་ཤིང་མི་ལྡན་པ་འཁོར་བའི་སྡུག་བསྔལ་གྱི་ནང་ན་ཀུན་ཏུ་འཁྱམ་མོ། །ཀྱེ་མ་ཚངས་པ། སྡིག་པ་དང༌། སྡིག་པ་མ་ཡིན་པ་ངེས་པར་ཤེས་ན། སོར་མོའི་ཕྲེང་བས་གཏུམ་པོའི་ལས་བྱས་སོ་ཞེས་སྨྲོས་ཤིག། ཚངས་པ་ངན་པ། སྦྲང་བུ་ལྟ་བུ་ཁྱོད་མི་ཤེས་ཀྱི། བྱང་ཆུབ་སེམས་དཔའི་ སྤྱོད་པ་ལ་སློབས་ཤིག །དེ་ནས་ཚངས་པ་མི་མཇེད་ཀྱི་བདག་པོས། སོར་མོའི་ཕྲེང་བ་ལ་སླར་འདི་སྐད་ཅེས་སྨྲས་སོ། །སོར་མོའི་ཕྲེང་བ་མི་ཉིས་སྟོང་དུ་གཅིག་མ་ཚང་བ་བསད་དེ། མི་བཟང་ པ་བྱས་པ་ནི་མངོན་སུམ་དུ་ད་དུང་ཡང་སྣང་ངོ༌། །ཁྱོད་ཀྱི་དྲག་ཤུལ་གྱི་ལས་ནི་བྱ་རོག་དང༌། ཁྲས་ཀྱང་བྱེད་མི་ནུས་ཏེ། འདི་ལྟ་བུ་དྲག་ཤུལ་གྱི་ལས་མ་ཡིན་ན། དྲག་ཤུལ་གྱི་ལས་ ཇི་ལྟ་བུ་ཡིན། གལ་ཏེ་འདི་ལྟ་བུ་བདུད་མ་ཡིན་ན། །སྲིན་པོ་མི་བཟད་པའང་ཇི་ལྟ་བུ་ཞིག་ཡོད་དེ། སོར་མོའི་ཕྲེང་བ་བག་ཡོད་པར་གྱིས་ལ། ཁྱོད་ཀྱིས་ལས་བྱས་པ་རྣམས་ཇི་ནས་བྱང་ བར་འགྱུར་བ་དེ་ལྟར་བརྩོན་པར་གྱིས་ཤིག །ཀྱེ་མ་སངས་རྒྱས་ནི་ཐུགས་རྗེ་ཅན་ཏེ། སོར་མོའི་ཕྲེང་བ་ལ་སོགས་པ་གཏུམ་པོའི་ལས་བྱེད་པ་རྣམས་ངེས་པར་སྒྲོལ་བའོ། །དེ་ནས་ སོར་མོའི་ཕྲེང་བས་ཚངས་པ་མི་མཇེད་ཀྱི་བདག་པོ་ལ་སླར་འདི་སྐད་ཅེས་སྨྲས་སོ། །ཚངས་པ། ཁྱོད་སྲིན་བུ་ཕྲ་མོ་བཞིན་དུ་མཆོད་ཞིང་འཁྱམ་དུ་གར་འགྲོ་།སྡིག་པ་དང༌། མི་སྡིག་པ་ མི་ཤེས་པའི་སེམས་ཅན་རྣམས་ངན་འགྲོར་འགྲོའོ། །བླུན་པོ་ལ་ལ་ཞིག་ནགས་ཀྱི་ནང་དུ་སོང་ནས་མཚན་མོ་མུན་པའི་ནང་ན་ཤིང་གི་རྩ་བའི་སྟེང་ན་སྲིན་བུ་མེ་ཁྱེར་གྱི་ཕུང་པོ་མཐོང་ ༄༅། །བ་དང༌། ངན་པ་དེ་སྐྲག་ནས་གྲོང་དང༌། ཚོང་དུས་སུ་འོངས་ཏེ། འབྲོག་ཚིག་གོ་ཞེས་ཟེར་བ་དང༌། འགྲོ་བ་མང་པོ་དེར་དོང་བ་དང༌། མཚན་མོ་མུན་ནག་གི་ནང་ ན་སྲིན་བུ་མེ་ཁྱེར་མཐོང་ནས། འདི་མེ་མ་ཡིན་ནོ་ཞེས་མཐར་གྱིས་སླར་ལོག་སྟེ་དོང་བ་དེ་བཞིན་དུ། ཚངས་པ་ངན་པ། ཁྱོད་ཀྱང་སོར་མོའི་ཕྲེང་བ་བླུན་པོའོ་ཞེས་སྟོན་ཅིང་བདག་ཉིད་དང༌། སྐྱེ་བོ་མང་པོའང་ཤིན་ཏུ་བསླུས་ཏེ། ཕྱིས་སྒྱུ་མའི་ཕུང་པོ་དེ་སྦྲང་བུ་ལྟ་བུས་ཀྱང་ཤེས། སེམས་ཅན་མང་པོས་ཀྱང་ཤེས་པར་འགྱུར་རོ། །བློ་གྲོས་འཆལ་པ་བླུན་པོ་ལ་ལ་ཞིག་ནགས་ ཁྲོད་དུ་སོང་ནས། ཤིང་མྱ་ངན་མེད་པའི་ནགས་མེ་ཏོག་རྒྱས་པ་མཐོང་བ་དང༌། མེ་ཡིན་པ་སྙམ་དུ་བསམས་ཏེ། སྐྲག་ནས་གྲོང་དང༌། ཚོང་དུས་སུ་སོང་སྟེ། འགྲོ་བ་མང་པོའང་དེ་བཞིན་ དུ་ཕྱིན་པ་དང༌། རིམ་གྱིས་མེ་དང༌། ཤིང་མྱ་ངན་མེད་པའི་བྱེ་བྲག་ཤེས་པ་དེ་བཞིན་དུ་སྦྲང་བུ་ལྟ་བུ་ཁྱོད་ཀྱིས་སྡིག་པ་དང༌། སྡིག་པ་མ་ཡིན་པ་རིམ་གྱིས་ཤེས་པར་འགྱུར་རོ། །དེ་ནས་ ཕྱིས་སྐྱེ་བོ་མང་པོས་ཀྱང་སྒྱུ་མའི་ཕུང་པོ་ལྟ་བུ་འདི་ཤེས་པར་འགྱུར་གྱི། ཚངས་པ་ངན་པ། ཁྱོད་ལན་གཉིས་སུ་དེ་སྐད་མ་ཟེར་ཅིག །དེ་ལྟར་རྫུན་སྨྲ་བ་མ་སློབ་པར་ཁྱོད་ལྟ་བུ་བློ་ཞན་ པ༑ སྦྲང་བུ་ལྟ་བུ་རྣམས་ནི་ཅང་མ་ཟེར་བར་འདུག་ཅིག །དེ་ནས་འཇིག་རྟེན་སྐྱོང་བ་བཞིས་སྣང་བ་ཆེན་པོ་ཕྱུང་སྟེ། དེ་བཞིན་གཤེགས་པ་དང༌། སོར་མོའི་ཕྲེང་བ་ལ་མཆོད་པ་ ཆེན་པོ་བྱས་ནས། བཅོམ་ལྡན་འདས་དང༌། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་སྐྱེས་བུ་སྟག་གི་འཐབ་མོ་མཆོག །དོན་དམ་བརྒལ་ཞིང་ལན་ལྡོན་ཤིན་ཏུ་མཛེས། །ཀྱེ་མ་སྟོན་ པ་མི་འདུལ་ཁ་ལོ་སྒྱུར། །དེ་ཕྱིར་མཐའ་ཡས་སྟོབས་འཛིན་སངས་རྒྱས་ལགས། །ཞབས་མཆོག་པདྨ་ལྟ་བུར་མཉེན་ཞིང་འཇམ། །རྡུལ་གྱིས་མི་རེག་པ་ལ་ཕྱག་འཚལ་ཏེ། །ལན་མང་ སྐྱབས་མཆིས་དེ་བཞིན་གཤེགས་པ་ལ། །གསོལ་བ་བདག་གི་ལྷུང་བཟེད་སོར་ཕྲེང་སྩོལ། །སོར་མོའི་ཕྲེང་བ་དང་མཛེས་ཏེ། །ནམ་མཁའ་ལ་ནི་ཟླ་ལྟར་མཛེས། །སོར་ཕྲེང་ཚུལ་ཁྲིམས་ ཡོན་ཏན་དང༌། །བརྟུལ་ཞུགས་གཟི་བརྗིད་རྫོགས་པ་མཛེས། །དེ་ནས་སོར་མོའི་ཕྲེང་བས་འཇིག་རྟེན་སྐྱོང་བ་བཞི་ལ་སླར་སྨྲས་པ། སྦྲུལ་ལྟ་བུ་འཇིག་རྟེན་སྐྱོང་བ་ཕྲ་མོ། ཁྱོད་སུ་དག་ཅིག་ འཇིག་རྟེན་སྐྱོང་བ། འཇིག་རྟེན་སྐྱོང་བ་སྙམ་སྟེ། ང་རྒྱལ་གྱིས་ཁེངས་པས་བདག་གིས་ལྷའི་ལྷུང་བཟེད་སྤྱིན་ནོ་ཞེས་ང་ལ་འདྲིད་ཅིང༌། ཡི་དྭགས་ལྟར་འཇུངས་པ་དག་ཡུད་ཙམ་གཞན་གྱི་ ཚེ་ངའི་ཡ་ང་བ་དག་ལྟོས་ཤིག །གྱོ་མོའི་སྣོད་ནི་སུ་ལའང་མི་དགོས་ན། འཇིག་རྟེན་གྱི་མགོན་པོ་སྙམ་དུ་སེམས་པས་བདག་གི་ལྷའི་ཁ་ཕྱིས་ང་ལ་སྦྱིན་ནམ། གང་འཇིག་རྟེན་ན་མ་རུངས་ པའི་ཡ་མཚན་ཅན་རྣམས་ཐལ་བར་བྱེད་པ་ནི་འཇིག་རྟེན་སྐྱོང་བ་ཞེས་གྲགས་ཏེ། ཆོས་ཡང་དག་པར་བསྐྱང་བར་བྱ་ཡི། འཇིག་རྟེན་བསྐྱང་བར་མི་བྱའོ། །ཡང་དཔེར་ན། ལ་ལས་ཁུ་བྱུག་གི་ ༄༅། །སྒྲ་ཐོས་སམ། ཁ་དོག་ཕུན་སུམ་ཚོགས་པ་མཐོང་བ་དང་དེ་ནས་ཡུད་ཙམ་ན། བྱ་རོག་སྐད་འབྱིན་པ་མཐོང་ནས་ཁྱུ་བྱུག །ཁྱུ་བྱུག་ཅེས་ནོར་བ་དེ་བཞིན་དུ་ཁྱོད་ ཀྱང་ཆོས་སུ་སེམས་ཤིང་ཆོས་མ་ཡིན་པ་སྲུང་ངོ༌། །ནགས་ཁྲོད་ན་འདུག་པའི་བྱ་རོག་སྐད་འབྱིན་པ་མཐོང་ནས། ཁུ་བྱུག་སྙམ་དུ་སེམས་པ་བཞིན་དུ་འཇིག་རྟེན་སྐྱོང་བ་ཁྱེད་བཞིས་ ཆོས་སྐྱོངས་ལ་འཇིག་རྟེན་མ་སྐྱོངས་ཤིག །འཇིག་རྟེན་སྐྱོང་བ་སྐྱེ་བོ་མི་ཤེས་པ་སྦྲང་བུ་ལྟ་བུ་ཁྱེད་བཞི་ཟུང་ཐུབ་པར་གྱིས་ལ་ཅང་མ་སྨྲ་ཞིག །དེ་ནས་བདུད་སྡིག་ཅན་སོར་མོའི་ ཕྲེང་བའི་ཐད་དུ་འོངས་ཏེ། དེ་བཞིན་གཤེགས་པ་ལ་མཆོད་པ་ཆེར་བྱས་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །སོར་མོའི་ཕྲེང་བ་མྱུར་དུ་རབ་ཏུ་བྱུང༌། །ང་ཡིས་ཚོད་ འདུས་གྲོང་ཞུགས་བསླུས་པ་ནི། །སོར་མོའི་ཕྲེང་བ་ང་ནི་མི་དགའ་སྟེ། །སེམས་ཅན་དམྱལ་བ་གཏིང་ནས་ཁྱོད་བརྒལ་ཏོ། །དེ་ནས་སོར་མོའི་ཕྲེང་བས་བདུད་སྡིག་ཅན་ལ་ སླར་འདི་སྐད་ཅེས་སྨྲས་སོ། །སྡིག་ཅན། ཁྱི་རྐུན་སྦྲང་བུ་ལྟ་བུ་ཕར་སོང༌། །ཁྱོད་ཅི་ཤིན་ཏུ་སྤོབས་པར་སྨྲའམ། བདུད་སྡིག་ཅན། ཁྱོད་དེང་མྱུར་དུ་བྱུང་སྟེ་སོང་ཞིག །ཇི་སྲིད་དུ་ ཁྱི་ལྟར་བཅིང་བ་ལྔས་བཅིངས་ཏེ། རྐང་པ་གཡོན་པས་མ་བརྡབས་པ་དེའི་བར་དུ་ནི་བདུད་ཁྱོད་རབ་ཏུ་རྩོན་ཏོ། །གྲོང་དང༌། ཚོང་འདུས་དང༌། ལུང་པའི་སྒོ་ཐམས་ཅད་ཀྱང་ ངས་སྟོང་པར་བྱས་ཏེ། དཔེར་ན། ནམ་མཁའ་ལྡིང་རི་རབ་ཀྱི་སྟེང་དུ་འདུག་ནས་རྒྱ་མཚོ་དཔག་ཚད་ཀྱི་བར་མང་པོ་ན། ཀླུ་ཕྲུག་མཐོང་ན་ལེན་པ་དེ་བཞིན་དུ་སེམས་ཅན་དམྱལ་བ་ པ་ཐམས་ཅད་ལའང་ང་ནམ་མཁའ་ལྡིང་ལྟར་རྣམ་པར་རྩེ་ཞིང་ཐར་པའི་ཁུ་བས་ངོམས་སོ། །རྟག་ཏུ་བདུད་སྡིག་ཅན་ཁྱོད་ཀྱི་མགོ་བཅད་དེ། བྱང་ཆུབ་སེམས་དཔའ་སྐྱེས་བུའི་གླང་ པོ་ཆེ་རྣམས་རོལ་ཏོ། །བདུད་ཁྱི་རྐུན་ལྟ་བུ་ཁྱོད་ཅང་མ་ཟེར་བར་ཆོས་བདུད་རྩིའི་ཚིག་ཉོན་ལ་ཡུད་ཙམ་གྱི་བར་དུ་སྡོད་དེ། ཆོས་ཐོས་ནས་རང་གི་གྲོང་ཁྱེར་དུ་སོང་ཞིག་དང༌། ཚོང་ འདུས་དང༌། གྲོང་ཁྱེར་རྣམས་ཤེས་པར་འགྱུར་རོ། །དེ་ནས་ལྷའི་བུ་དབང་ཕྱུག་ཆེན་པོས་དེ་བཞིན་གཤེགས་པ་དང༌། སོར་མོའི་ཕྲེང་བ་ལ་ལྷའི་མཆོད་པ་ཆེན་པོ་བྱས་ནས། ཚིགས་ སུ་བཅད་པ་འདི་དག་གསོལ་ཏོ། །དེ་བཞིན་གཤེགས་པའི་ཞབས་མཆོག་བདག་གིས་མགོས་གཏུགས་ཏེ། །པདྨ་མཆོག་དང་འདྲ་བའི་བསྔགས་བརྗོད་བསྟོད་པར་བགྱི། །བདེ་གཤེགས་ པདྨ་འདབ་སྟོང་སྤྱན་མངའ་འདབ་སྟོང་ལྡན། །ཞབས་མཆོག་འཇམ་པ་པདྨ་འདབ་མ་སྟོང་ཅན་འདྲ། །ཞབས་ནི་པདྨ་དམར་སྐྱ་འདྲ་ཞིང་རྡུལ་མི་ཆགས། །ཞབས་མཆོག་ཨུཏྤལ་འདབ་ འདྲ་ཕྱག་མཐིལ་ཤིན་ཏུ་འཇམ། །ཨུཏྤལ་འདབ་མ་མཆོག་གི་ཞལ་གྱི་དྲི་བདའ་སྟེ། །འཇིག་རྟེན་དག་ན་ཨུཏྤལ་འདབ་མ་བཞིན་དུ་བསིལ། །བདེ་གཤེགས་ཀུན་ཏུ་བལྟ་སྡུག་ཨཏྤལ་ ༄༅། །འདབ་མཆོག་བཞིན། །དབུ་སྐྲ་འཇམ་ཞིང་སྣུམ་ལ་ཨུཏྤལ་མཐིང་ག་འདྲ། །དབུ་སྐྲ་ཨུཏྤལ་མཐིང་ག་དྲི་མཆོག་བསིལ་བ་འདྲ། །ཨུཏྤལ་མཐིང་ག་ སྣུམ་པའི་མདོག་འདྲ་ཡིད་དུ་འོང༌། །དབུ་སྐྲ་ཉག་མ་ཕྲ་ཞིང་ལྕང་ལོའི་ཕྲེང་བ་མངའ། །ཁྱོད་ཀྱི་ཚེམས་མཆོག་ཀུ་མུ་ད་དང་ཟླ་བ་འདྲ། །ཀུ་མུ་ད་དང་ཟླ་བ་པདྨོའི་སྙིང་པོ་ལྟར། །ཆུ་དང་ ཉ་ལྕིབས་དག་གི་སྐྱོན་གྱིས་ཡོང་མི་གོས། །ཚེམས་ནི་ཀུ་མུད་ཟླ་བ་ལྟ་བུར་དྲི་མ་མེད། །ཉེས་པས་མི་གོས་ཚེམས་མཆོག་ཀུ་མུད་ཁ་དོག་འདྲ། །ཚེམས་ཀྱང་ཉོན་མོངས་བསལ་ ཅིང་ཐབས་མཆོག་ཚམས་མངའ་བ། །པུཎྜ་རི་ཀ་བཞིན་དུ་དྲི་མེད་གསལ་བའི་བློ། །པུཎྜ་རི་ཀ་བཞིན་དུ་སེམས་མཆོག་དག་པ་སྟེ། །སེམས་ནི་པུཎྜ་རི་ཀ་ལྟ་བུར་མི་གོས་པ། ། འདོད་ཁྲོ་གླེན་པའི་ཉེས་སྤངས་སངས་རྒྱས་པུཎྜ་རི། །སངས་རྒྱས་པད་མོ་དཀར་པོ་ལྟ་བུའི་བློ་གྲོས་མངའ། །པད་མོའི་དྲུང་ན་ཨུཏྤལ་དྲི་མཆོག་མཛེས་པ་ལྟར། །སངས་རྒྱས་དེང་ མཛེས་ཨུཏྤལ་གཉིས་ལྟར་སོར་ཕྲེང་མཛེས། །སོར་ཕྲེང་དེང་མཛེས་འདི་ལྟར་སྡིག་ཅན་བདུད་ཀྱང་ནི། །གོས་དཀར་གྱོན་པས་ཐོག་མར་བཏུལ་ཅིང་ཕམ་བྱས་ཏེ། །ལན་དང་ཡང་ ལན་དག་གིས་དེ་བཞིན་གཤེགས་དེང་རོལ། །འདི་ནི་འཇིག་རྟེན་དུ་ཡང་མགོན་པོ་མྱུར་དུ་འགྱུར། །ཀྱེ་མ་རལ་གྲི་འཕྱར་ནས་བདེ་གཤེགས་བཀྲོངས་བསམས་ནས། །སོར་མོའི་ ཕྲེང་བ་འདིར་འོངས་མ་ཡང་གསད་པར་སེམས། །དེང་ཞི་སོ་སོའི་སྐྱེ་བོ་སྐལ་པ་ཡོད་པ་འདྲ། །བདེན་པར་སྨྲ་བའི་ཚིག་ནི་གཞན་དུ་ཡོང་མི་འགྱུར། །ཁྱོད་ཀྱི་སྡིག་བྱས་ཅི་ནས་ལུས་འདི་ བྱང་འགྱུར་བ། །དེ་ལྟར་སོར་ཕྲེང་ཁྱོད་ཀྱིས་རྩོམ་ཞིང་ནན་ཏན་གྱིས། །ཀྱེ་མ་དཔའ་བོ་ཁྱོད་ཀྱིས་གཏུམ་པའི་ལས་བྱས་ན། །དེ་རིང་ཆོས་ཀྱི་རྗེ་པོར་གྱུར་ན་བདག་དགའོ། །དེ་ནས་སོར་མོའི་ ཕྲེང་བས་ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སླར་འདི་སྐད་ཅེས་སྨྲས་སོ། །སྟབས་མི་སྡུག་པ་གཏུམ་པོ་ཁྱོད་སུ་ཞིག །ཁྱོད་ནི་ང་དབང་ཕྱུག་སྙམ་སྟེ། ཁྱོད་ནི་མིང་གི་དབང་ཕྱུག་ཡིན་གྱི། དབང་ ཕྱུག་ཇི་ལྟ་བ་བཞིན་མ་ཡིན་ནོ། །སོ་སོའི་སྐྱེ་བོའམ། དགྲ་བཅོམ་པ་གང་ཡིན། ཇི་ལྟར་ཤེས། མྱུར་དུ་སྨྲོས་ཤིག །དབང་ཕྱུག །ཁྱོད་ཤ་ཟ་ལྟར་མཆེ་བ་རྣོ་ན་ད་རུང་ཡང་གཟུགས་ཕུན་སུམ་ ཚོགས་པ་མ་ཐོབ་བམ། འདི་ལྟ་སྟེ། སྐྱེས་བུ་མཛེ་ཚབས་ཆེན་པོས་བཏབ་པས་མཛེ་རབ་ཏུ་ཞི་བ་བསྟན་ན། འཇིག་རྟེན་པ་རྣམས་འདི་སྙམ་དུ་སེམས་སོ། །གང་བདག་ཉིད་ཀྱི་ནད་ཞི་བར་ མི་ནུས་པ་དེས་གཞན་གྱི་ནད་ཇི་ལྟར་གོས་སྙམ་མོ། །དེ་བཞིན་དུ་གཏུམ་པོ་སྦྲང་བུ་ལྟ་བུ་ཁྱོད་ཀྱང་བདག་རྟོགས་པས་བདག་གི་ཁམས་ཀྱང་ད་རུང་མི་ཤེས་ཏེ། གཏུམ་པོ་མཛེ་ཚབས་ཆེན་ པོས་བཏབ་པ་ལྟ་བུས་སོར་མོའི་ཕྲེང་བ་སོ་སོའི་སྐྱེ་བོ་འམ། དགྲ་བཅོམ་པའོ་ཞེས་ཕ་རོལ་གྱི་སེམས་ཤེས་པར་ག་ལ་འགྱུར། སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །ཁྱོད་ནི་སའི་དབང་ཕྱུག་ ༄༅། །ཏུ་དབང་བསྐུར་བ་དང༌། སའི་དབང་ཕྱུག་གི་རྒྱལ་ཚབ་ཏུ་འོས་པ་མ་ཡིན་གྱི། དམུས་ལོང་ལྟ་བུ་ཁྱོད་ཡུད་ཙམ་སྡོད་ཅིག །དེ་ནས་དེ་བཞིན་གཤེགས་པ་ ཤིང་གང་ལ་བརྟེན་ཏེ་བཞུགས་པའི་ཤིང་དེའི་ལྷ་མོས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ། །དཔའ་བོ་སོར་མོའི་ཕྲེང་བ་མྱུར་བར་དུ། །ཁྱོད་ནི་དུར་སྨྲིག་རྒྱལ་ མཚན་གྱོན་ཅིག་དང༌། །བདེ་གཤེགས་ཐབས་གཅིག་ཐོག་མར་བསོད་སྙོམས་གསོལ། །དཔའ་བོ་འབྲས་བུ་དམ་པ་ཐོབ་པར་བགྱི། །དེ་ནས་སོར་མོའི་ཕྲེང་བས་ལྷ་མོ་ལ་ཚིགས་ སུ་བཅད་པས་སྨྲས་པ། དེ་བཞིན་གཤེགས་པ་བཤོས་མི་གསོལ། །ཉན་ཐོས་རྣམས་ཀྱང་དེ་བཞིན་ན། །ཁྱོད་ཀྱི་སྦྱིན་པ་སུ་ལ་སྦྱིན། །མྱུར་སྨྲོས་བཟང་མོ་ཡངས་པའི་མིག །ང་ཡི་ ཐེ་ཚོམ་ལ་གོར་ཆོད། །དེ་ནས་ལྷ་མོ་ཡངས་པའི་མིག་གིས་སླར་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པས་སྨྲས་པ། སངས་རྒྱས་རྟག་ཏུ་བཤོས་གསོལ་ཏོ། །ཉན་ཐོས་རྣམས་ ཀྱང་དེ་བཞིན་ནོ། །བརྟན་པ་རབ་ཏུ་འབྱུང་འདོད་ལ། །བརྫུན་དུ་སྨྲ་བ་མི་ཆའོ། །རྫུན་གྱི་ཚིག་ནི་རྣམ་སྤོངས་ཤིག །གཡོ་ཡི་བསམ་པ་སྡིག་ཅན་ཡིན། །ཆོས་གཅིག་ལས་ནི་འདས་པ་ ཡི༑ ༑སྐྱེ་བོ་རྫུན་གྱི་ཚིག་སྨྲ་བ། །འཇིག་རྟེན་ཕ་རོལ་བཏང་བ་དག །མི་བྱེད་པ་ནི་ཅི་ཡང་མེད། །དེ་ནས་སོར་མོའི་ཕྲེང་བས་ལྷ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ། །བུད་མེད་ཁྱོད་ཅི་ ཞིག་འཁྱལ། །ཁྱོད་ཀྱང་དམའ་བའི་རིགས་སུ་སྐྱེས་ཀྱི། སྦྲང་བུ་ལྟ་བུ་སངས་རྒྱས་ཀྱིས་སྨད་པའི་བུད་མེད་ཀྱི་དངོས་པོའི་བདག་ཉིད་ལ་ཤིན་ཏུ་རྟོགས་ཤིག །འཇིག་རྟེན་ན་རྫུན་དུ་སྨྲ་བ་ གང༑ འཇིག་རྟེན་ན་བདེན་པ་འཛིན་པ་གང༌། འཇིག་རྟེན་ན་ཟང་ཟིང་ལ་ཆགས་པ་གང༌། འཇིག་རྟེན་ན་ན་ཞིང་ཤི་བ་གང་ཡིན་སྦྲང་བུ་ལྟ་བུས་མི་ཤེས་སོ། །སེམས་ཅན་གང་དེ་བཞིན་ གཤེགས་པའི་ཡོན་ཏན་གྱི་བདག་ཉིད་ཆེན་པོ་མི་ཤེས་པའི་སེམས་ཅན་དེ་དག་ནི་རྫུན་སྨྲ་བའོ། །སེམས་ཅན་གང་ཟང་ཟིང་ལ་ཆགས་པས། དེ་བཞིན་གཤེགས་པ་ལའང་ཟང་ཟིང་གིས་ བཀུར་པའི་སེམས་ཅན་དེ་དག་ནི་བརྫུན་དུ་སྨྲ་བ་སྟེ། དེ་དག་ལ་རབ་ཏུ་འབྱུང་བའང་མེད་ན། བསྙེན་པར་རྫོགས་པར་ལྟ་ག་ལ་འགྱུར། སེམས་ཅན་གང་དེ་བཞིན་གཤེགས་པའི་ལྡེམ་ པོ་དག་མི་ཤེས་པའི་སེམས་ཅན་དེ་དག་ནི་བརྫུན་དུ་སྨྲ་བ་སྟེ། དེ་དག་ལ་རབ་ཏུ་འབྱུང་བའང་མེད་ན། བསྙེན་པ་རྫོགས་པར་ལྟ་ག་ལ་འགྱུར། ང་ནི་ཆོས་གཅིག་ལས་ཀྱང་མི་འདའོ། །ལྷ་ མོ་ཁྱོད་ཀྱིས་ནི་ཆོས་ཐམས་ཅད་ལས་འདས་ཀྱི། དེ་བཞིན་གཤེགས་པ་ལྷའི་ལྷ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མྱུར་དུ་བཟོད་པ་གསོལ་ཅིག །དེ་ནས་སོར་མོའི་ཕྲེང་བ་ལ་ལྷ་ མོས་སླར་འདི་སྐད་ཅེས་སྨྲས་སོ། །བུད་མེད་ཀྱི་དངོས་པོ་རིགས་དམའ་བའོ་ཞེས་ཟེར་བ་ཅི་ལ་ལྡེམ་པོ་ངག་ཏུ་སྨྲ། སོར་མོའི་ཕྲེང་བ། བུད་མེད་དམ། སྐྱེས་པ་ཡིན་པར་ཇི་ལྟར་ཤེས། ། ༄༅། །སོར་མོའི་ཕྲེང་བ། ཁྱོད་མྱུར་དུ་སྨྲོས་ཤིག །ཁྱོད་ཤ་ཟའི་དངོས་པོ་ད་དུང་མ་ཞིའོ། །དེ་ནས་སོར་མོའི་ཕྲེང་བས་ལྷ་མོ་དེ་ལ་སླར་འདི་སྐད་ཅེས་སྨྲས་སོ། །རྒྱལ་ པོའི་མལ་དུ་ཁྱི་སོང་ནས་རི་མོ་བྱེད་པའི་སེམས་ཅན་གྱིས་མི་གཅིག་པར་བྱས་པ་དེ་བཞིན་དུ་ལྷ་མོ་ཁྱོད་ཀྱང་ཐབས་ཀྱི་ཆོས་ཀྱི་བརྩེབས་བུད་མེད་ཀྱི་དངོས་པོར་བསྒྱུར་ཏེ། འདོད་པའི་ཡུལ་ལ་ སེམས་ཤིང་རི་མོ་བྱེད་དོ། །དེ་བས་ན་ལྷ་མོ་ཁྱོད་བུད་མེད་ཀྱི་དངོས་པོ་སྤོངས་ལ་སྐྱེས་པ་དང༌། བུད་མེད་ཅེས་བྱ་བ་རབ་ཏུ་སྟོང་པར་སྒོམས་ཤིག །རབ་ཏུ་སྟོང་པ་ལ་གོམས་ན་སྐྱེས་ པའི་དངོས་པོ་མྱུར་དུ་འཐོབ་བོ། །དེ་ནས་དེའི་ཚེ་ཤཱ་རིའི་བུ་དང༌། མཽངྒལ་གྱི་བུ་གཉིས་རྫུ་འཕྲུལ་གྱི་སྟོབས་ཀྱིས་དད་པའི་རྒྱལ་པོ་བཞིན་དུ་ནམ་མཁའ་ལས་འོངས་ཏེ། བཅོམ་ལྡན་ འདས་ག་ལ་བ་དེར་ཕྱིན་པ་དང༌། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ ཀྱི་བུ། ལེགས་སོ། །ལེགས་སོ། །ཁྱོད་ཀྱིས་མཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ཤེས་པར་གྱིས་ཤིག །དེ་བཞིན་གཤེགས་པ་དང་ཐབས་གཅིག་ཏུ་དོང་ལ་ཚངས་ བ་མཚུངས་པར་སྤྱོད་པ་རྣམས་ལྟར་བཅུག་སྟེ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བར་འདོང་ངོ༌། །བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ནས། འཇིག་ རྟེན་སྐྱེ་བོའི་ཕུང་པོ་མང་པོ་ལྟར་ནམ་མཁའ་ལ་ཟླ་བ་དྲི་མ་མེད་པ་དང༌། ངང་པའི་རྒྱལ་པོ་ལྟར་ཆས་ཏེ་འདོང་ངོ༌། །དེ་ནས་སོར་མོའི་ཕྲེང་བས། ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ་ སླར་ཚིགས་སུ་བཅད་པ་སྨྲས་པ། རྫུ་འཕྲུལ་ལྡན་པ་གང་ཡིན་འཇིག་རྟེན་ན། །རྫུ་འཕྲུལ་རྩ་བ་ལས་ནི་ཅི་ཞིག་སྐྱེ། །རྫུ་འཕྲུལ་ལྡན་ཐོབ་འགྱུར་བ་མྱུར་སྨྲོས་ལ། །ཁྱོད་ཀྱིས་ང་ཡི་ཐེ་ཚོམ་ མྱུར་དུ་སོལ། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པས་སླར་སྨྲས་པ། གལ་ཏེ་འཇིག་རྟེན་དག་ན་སྦྱིན་བདག་རྣམས། །རྟག་ཏུ་ལྷམ་ ཡང་རབ་ཏུ་སྦྱིན་པར་བྱེད། །གལ་ཏེ་དགེ་སློང་ཚུལ་ཁྲིམས་རྫོགས་པ་ལ། །ལྷམ་གྱི་རྣམ་པ་ཤིན་ཏུ་ཕུལ་བ་སྟེ། །རྣམ་པ་གཉིས་པོ་དེ་དག་གིས། །རྫུ་འཕྲུལ་འདོད་པ་རྫུ་འཕྲུལ་འཐོབ། ། སོར་ཕྲེང་དེ་ལྟར་ཤེས་པར་གྱིས། །རྫུ་འཕྲུལ་འདོད་ན་དེ་ལྟར་སྤྱོད། །དེ་ནས་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོ་ལ། སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་ མཽངྒལ་གྱི་བུ། སྦྲང་བུའི་སྤྱད་པ་སྤྱོད་དེ། རྫུ་འཕྲུལ་ཀུན་བཟུང་བ་མི་ཤེས་སོ། །སྦྲང་བུའང་ནམ་མཁའ་ལ་འགྲོ་།སྦྲང་བུའི་རྫུ་འཕྲུལ་གྱི་སྟོབས་ཅན་ཁྱོད་ཅང་མ་ཟེར་ཅིག །བདག་གྲོལ་ ནས་དགྲོལ་བར་བྱའོ་སྙམ་སྟེ། ཕན་པའི་སེམས་དེས་ནི་རྫུ་འཕྲུལ་དང་ལྡན་པ་མྱུར་དུ་འགྲུབ་བོ། །དམ་པའི་ཆོས་ཕན་པར་སྟོན་པ་ཉམ་ཐག་པའི་ཚེ། དེའི་མདུན་དུ་བདག་གི་སྲོག་བོར་ ༄༅། །ན༑ དེས་རྫུ་འཕྲུལ་དང་ལྡན་པ་འགྲུབ་བོ། །སེམས་ཅན་བྱེ་བ་མང་པོ་བསྒྲལ་བ་ལས་ལྷག་པ་རྒྱལ་བའི་ཚལ་ན། །རྫུ་འཕྲུལ་ག་ལ་ཡོད་ཀྱི་ང་མི་འགྲོའོ། །དེ་ ལྟར་ཐེག་པ་ཆེན་པོ་དཔག་ཏུ་མེད་པས་ན། དེ་བཞིན་གཤེགས་པ་འདི་དཔག་ཏུ་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སོར་མོའི་ཕྲེང་བས་ཚིགས་སུ་བཅད་པ་འདི་སྐད་ཅེས་ སྨྲས་སོ། །འཇིག་རྟེན་དག་ན་ཤེས་རབ་ཆེ་བ་གང༌། །ཇི་ལྟ་བུར་ན་བློ་གྲོས་སྐྱེ་བར་འགྱུར། །ཡེ་ཤེས་ཆེན་པོ་ཁྱོད་ཀྱིས་མྱུར་བར་ཡང༌། །མྱུར་དུ་སྨྲོས་ཏེ་ང་ཡི་ཐེ་ཚོམ་ཆོད། །དེ་ནས་ཚེ་ དང་ལྡན་པ་ཤཱ་རིའི་བུས། སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པ་སླར་སྨྲས་པ། ཚུལ་ཁྲིམས་ལྔ་རྣམས་རབ་ཏུ་བསྲུངས་བས་ན། །བློ་མཆོག་ཤེས་རབ་ཆེན་པོ་འཐོབ་པར་འགྱུར། ། ལུས་འདི་བོར་ནས་རང་གི་བློར་བཅས་ཏེ། །གང་དང་གང་དུ་འདོད་པ་དེར་སྐྱེ་སྟེ། །དེ་དང་དེར་ནི་ཤེས་རབ་ཆེན་པོར་འགྱུར། །ཕྱོགས་སུ་སྙན་པ་རྣམ་གྲངས་སོར་མོའི་ཕྲེང༌། །དཔའ་ ཆེན་བློ་ལྡན་དེ་ལྟར་ཤེས་པར་གྱིས། །དེ་ནས་སོར་མོའི་ཕྲེང་བས། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པ་རྟག་པའོ་ཞེས་བསྟན་པ་མི་ འཆི་བའི་ཚིག་འདི་ལས་ཤེས་རབ་ཆེན་པོ་སྐྱེ་སྟེ། དེ་ལྟར་སྟོན་པ་ཤེས་རབ་དང་ལྡན་པ་དེ་ནི་སངས་རྒྱས་ཡིན་ཏེ། ཀྱེ་མ་བཙུན་པ་ཤེས་རབ་ཆེན་པོ་ཤཱ་རིའི་བུ་ནི་སྦྲང་བུའི་སྤྱད་ པ་སྤྱོད་དེ། སྦྲང་བུ་ལྟ་བུར་འགྲོ་བ་ཁྱོད་ནི་ཤེས་རབ་དང་ལྡན་པ་མི་ཤེས་སོ། །སྦྲང་བུ་ལྟ་བུའི་ཤེས་རབ་ཅན་ཁྱོད་ཅང་མ་ཟེར་ཅིག །བཙུན་པ་ནི་སྦྲང་བུ་ལྟ་བུའི་ཤེས་རབ་ཅན་ནོ། །དེ་ནས་ དེའི་ཚེ་ཀུན་དགའ་བོ་དེར་འོངས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །སོར་མོའི་ཕྲེང་ བ་ཁྱོད་ཀྱིས་མཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ། མྱུར་དུ་གསུང་རབ་ཡན་ལག་དགུ་པ་ལྷོགས་ཤིག །དེ་ནས་གནས་བརྟན་ཀུན་དགའ་བོ་ ལ༑ སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་སྨྲས་སོ། །ཁྱོད་མང་དུ་ཐོས་པའི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས་ན། བཙུན་པ་ཀུན་དགའ་བོ། ཁྱོད་ལ་དྲི་ཡི་སྨྲོས་ཤིག །འཇིག་ རྟེན་ན་མང་དུ་ཐོས་པ་གང༌། ཇི་ལྟར་ན་མང་དུ་ཐོས་པ་འབྱུང༌། བཙུན་པ་ཀུན་དགའ་བོ། ངས་དེ་སྐད་དྲིས་པ་མྱུར་དུ་སྨྲོས་ཤིག །དེ་ནས་ཚེ་དང་ལྡན་པ་ཀུན་དགཱ་བོས། སོར་མོའི་ ཕྲེང་བ་ལ་སླར་འདི་སྐད་ཅེས་སྨྲས་སོ། །མདོ་སྡེ་ཡན་ལག་དགུ་པ་ཀློག་པ་དང༌། གཞན་ལ་ཡང་སེར་སྣ་མེད་པར་རབ་ཏུ་སྟོན་པ་དེ་ལས་མང་དུ་ཐོས་ཤིང་བསམ་གྱིས་མི་ཁྱབ་པའི་ གཟུངས་ཕུན་སུམ་ཚོགས་པ་ཐོས་པར་འགྱུར་རོ། །དེ་ནས་སོར་མོའི་ཕྲེང་བས་གནས་བརྟན་ཀུན་དགའ་བོ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དེ་བཞིན་གཤེགས་པ་ ༄༅། །ནི་ཐེར་ཟུག་གཡུང་དྲུང་ངོ་ཞེས་བསྟན་པ་སྟོན་པ། བསྟན་པ་དེ་ནི་འཇིག་རྟེན་ན་མང་དུ་ཐོས་པ་ཡིན་ཏེ། མང་དུ་ཐོས་པ་དེ་ལྟ་བུར་ཤེས་པར་གྱིས་ཤིག །ཀྱེ་མ་ བཙུན་པ་ཀུན་དགའ་བོ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། མང་དུ་ཐོས་པ་འབྱུང་བའི་སྒོ་མི་ཤེས་སོ། །སྤྲང་བུ་ལའང་མང་དུ་ཐོས་པ་ཡོད་ཀྱི། སྦྲང་བུ་ལྟ་བུའི་མང་དུ་ཐོས་པ་ཁྱོད་ཅང་མ་ཟེར་ ཅིག་༑དེ་ནས་གནས་བརྟན་སྒྲ་གཅན་ཟིན། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུ། ལེགས་སོ། །ལེགས་ སོ༑ ༑ཁྱོད་ཀྱིས་མཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ་མྱུར་དུ་གུས་བར་བསླབ་པ་ཟུངས་ཤིག །དེ་ནས་སོར་མོའི་ཕྲེང་བས། སྒྲ་ གཙན་ཟིན་ལ་སླར་སྨྲས་པ། བཙུན་པ་སྒྲ་གཅན་ཟིན། ཁྱོད་བསླབ་པ་ལ་དགའ་ཞིང་གུས་པའི་མཆོག་ཏུ་དེ་བཞིན་གཤེགས་པས་གསུངས་ན། འཇིག་རྟེན་ན་བསླབ་པ་ལ་གུས་པ་ གང་ཡིན། དེ་བཞིན་གཤེགས་པའི་སྲས་ཕངས་པ་མྱུར་དུ་སྨྲོས་ལ་ངའི་ཐེ་ཚོམ་ཆོད་ཅིག །དེ་ནས་གནས་བརྟན་སྒྲ་གཅན་ཟིན་གྱིས་སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་ པས་སྨྲས་པ། སངས་རྒྱས་གསུང་རྣམས་ཤིན་ཏུ་གུས་པར་གཟུང༌། །དེ་ནས་བསླབ་ལ་གུས་ཤིང་ཚུལ་ཁྲིམས་ལྡན། །ཁོང་དཔའ་དབང་གྱུར་ཁོང་པའི་མཆོག་འཛིན་པ། །སོར་མོའི་ ཕྲེང་བ་དེ་ལྟར་ཤེས་པར་གྱིས། །སོར་མོའི་ཕྲེང་བས་སྒྲ་གཅན་ཟིན་ལ་སླར་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་ན་དེ་བཞིན་གཤེགས་པ་ནི་མཆོག་ཏུ་རྟག་པའོ་ཞེས་གུས་པས་བསྟན་པ་ནི་ གུས་པའི་མཆོག་ཅེས་བྱ་སྟེ། བཙུན་པ་སྒྲ་གཅན་ཟིན། སྟོན་པ་དེ་ནི་འཇིག་རྟེན་ན་བསླབ་པ་ལ་གུས་པའི་མཆོག་ཏུ་ཤེས་པར་གྱིས་ཤིག །ཀྱེ་བཙུན་པ་སྒྲ་གཅན་ཟིན་ནི་སྦྲང་བུའི་སྤྱད་པ་ སྤྱོད་དེ། སྦྲང་བུ་ལྟ་བུ་ཁྱོད་བསླབ་པ་ལ་གུས་པར་མི་ཤེས་སོ། །སྦྲང་བུ་ལའང་གུས་པ་ཡོད་ཀྱི། སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་བརྟན་མ་འགགས་པ། བཅོམ་ལྡན་ འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །སོར་མོའི་ ཕྲེང་བ། ཁྱོད་ཀྱིས་མཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ། ད་རིང་པོར་མ་ཐོགས་པར་ལྷའི་མིག་ཅན་དུ་གྱིས་ཤིག །དེ་ནས་ཚེ་དང་ལྡན་པ་མ་ འགགས་པ་ལ་སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མ་འགགས་པ། ཁྱོད་དེ་བཞིན་གཤེགས་པས་ལྷའི་མིག་ཅན་གྱི་མཆོག་ཏུ་གསུངས་ན། འཇིག་རྟེན་ན་ལྷའི་ མིག་ཅན་གང༌། ལྷའི་མིག་ཇི་ལྟར་ཏེ། མྱུར་དུ་སྨྲོས་ལ་ངའི་ཐེ་ཚོམ་ཆོད་ཅིག །དེ་ནས་སོར་མོའི་ཕྲེང་བ་ལ་ཚེ་དང་ལྡན་པ་མ་འགགས་པས་སླར་ཚིགས་སུ་བཅད་པ་འདི་སྐད་ཅེས་ ༄༅། །སྨྲས་སོ། །མར་མེས་རྟག་ཏུ་མིག་ཐོབ་འགྱུར། །ཡང་ན་གཞན་ལ་ནན་ཏན་དུ། །ཆོས་བཤད་པས་ཀྱང་ཤེས་པར་བྱ། །གཟུགས་ཅན་ནང་ན་གཟུགས་ མཆོག་ཅན། །དེ་ལྟར་སོར་ཕྲེང་ཤེས་པར་གྱིས། །དེ་ནས་སོར་མོའི་ཕྲེང་བས་ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་ནན་ ཏན་དུ་མི་འཆབ་ཅིང༌། སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པ་སྟོན་ན། དེས་ལྷའི་མིག་ཐོབ་པར་འགྱུར་ཏེ། དེ་ནི་འཇིག་རྟེན་ན་ལྷའི་མིག་ཅན་ནོ། །ཀྱེ་མ་བཙུན་པ་མ་ འགགས་པ། ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། ལྷའི་མིག་བསྐྱེད་པ་མི་ཤེས་སོ། །སྦྲང་བུའང་རང་གི་ཡུལ་མཐོང་གི །སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་བརྟན་ དགེ་སྦྱོང་གི་ཁོལ་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །སོར་མོའི་ཕྲེང་ བ༑ ཁྱོད་ཀྱིས་མཐུན་ཞིང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་དགའོ། །སོར་མོའི་ཕྲེང་བ། ད་ནི་བཟོད་པ་ལ་མང་དུ་བསྒོམ་པར་བྱའོ། །དེ་ནས་སོར་མོའི་ཕྲེང་བས། གནས་ བརྟན་དགེ་སྦྱོང་གི་ཁོལ་པོ་ལ་འདི་སྐད་ཅེས་སྨྲས་སོ། །འཇིག་རྟེན་དག་ན་བཟོད་པ་རྫོགས་པ་སུ། །བཟོད་པ་འདོད་པས་ཇི་ལྟར་བཟོད་པར་འགྱུར། །ཇི་ལྟ་བུར་ན་བཟོད་པར་འགྱུར་པ་ ཡང༑ ༑མྱུར་དུ་སྨྲོས་ལ་ང་ཡི་ཐེ་ཚོམ་ཆོད། །དེ་ནས་གནས་བརྟན་དགེ་སྦྱོང་གི་ཁོལ་པོས། སོར་མོའི་ཕྲེང་བ་ལ་སླར་སྨྲས་པ། དགེ་སློང་བཟོད་པ་འདོད་པ་ཡིས། །སྟེའུ་དང་ཙནྡན་ འདྲ་བར་བྱ། །དེ་ནས་བཟོད་པ་ཐོབ་པར་འགྱུར། །དེ་ནི་འཇིག་རྟེན་རྡུལ་བཟོད་ཡིན། །སོར་ཕྲེང་དེ་ལྟར་ཤེས་པར་གྱིས། །དེ་ནས་སོར་མོའི་ཕྲེང་བས་གནས་བརྟན་དགེ་སྦྱོང་གི་ཁོལ་ པོ་ལ་འདི་སྐད་ཅེས་སླར་སྨྲས་སོ། །འཇིག་རྟེན་ན་དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་སྟོན་པ་ལ་མི་མཁས་པ། ལོག་པར་ལྟ་བའི་མི་དག་ཞེ་སྡང་ཞིང་བསྟན་པ་ནི་བདག་མེད་པའོ་ ཞེས་བདག་ཉིད་དེ་ལྟར་འཇོག་སྟེ། དེ་དག་ནི་ཚིག་ལ་གོམས་པར་མི་བྱེད་ཅིང༌། མཚུངས་པ་མེད་དོ་སྙམ་ནས། རང་གི་སྲོག་ཀྱང་བཏང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་རབ་ཏུ་སྟོན་ པ་དེ་ནི་བཟོད་པའི་དམ་པ་སྟེ། འཇིག་རྟེན་ན་ཕན་པར་སྟོན་པའོ། །འཇིག་རྟེན་ན་བཟོད་པ་དུལ་བ། ཞི་བ། འཇིགས་པ་མེད་པའོ། །ཀྱེ་མ་གནས་བརྟན་དགེ་སྦྱོང་གི་ཁོལ་པོ་ཁྱོད་ནི་སྦྲང་ བུའི་སྤྱད་པ་སྤྱོད་དེ། བཟོད་པ་བསྐྱེད་པར་མི་ཤེས་སོ། །སྦྲང་བུའང་བཀྲེས་པ་དང༌། སྐོམ་པ་བཟོད་ཀྱི། སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག། །།བམ་པོ་གསུམ་པ། དེ་ནས་གང་པོ་བྱམས་མའི་བུས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །སོར་མོའི་ཕྲེང་བ། ༄༅། །ཁྱོད་ཀྱིས་མཐུན་པ་དང་རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ང་ཡང་དགའོ། །སོར་མོའི་ཕྲེང་བ་སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པའི་ཆོས་ཀྱི་ གཏམ་སྟོན་ཅིག །དེ་ནས་སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །གང་པོ། ཁྱོད་སངས་རྒྱས་ཀྱིས་ཆོས་སྨྲ་བའི་མཆོག་ཏུ་གསུངས་ན། བཙུན་པ། འཇིག་རྟེན་ན་ཆོས་སྨྲ་བ་གང་ཡིན། ཇི་ལྟར་ན་དགེ་སློང་དོན་ཤེས་པ་ཡིན། བཙུན་པ་ཆོས་སྨྲ་བའི་མཆོག་གིས་ཤོད་ཅིག །དེ་ནས་སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་ འདི་སྐད་ཅེས་སྨྲས་སོ། །སངས་རྒྱས་ཀུན་དང་ཉན་ཐོས་ཀྱིས། །གང་དེ་ཀུན་ཏུ་མ་བརྙེས་པ། །ཆོས་དེ་མངོན་པར་སངས་རྒྱས་ནས། །སྲོག་ཆགས་རྣམས་ལ་བསྟན་པར་བྱ། ། དེ་སྐད་གསུངས་པའི་དོན་ཅི། གང་པོས་སྨྲས་པ། འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང༌། བདག་དང༌། སྲོག་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ནས། བདག་མེད་པ་ནི་སངས་རྒྱས་ཀྱི་ཚིག་གོ་སྙམ་སྟེ་འདས་སོ། ། ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང༌། སྲོག་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་ཤིན་ ཏུ་ནན་ཏན་དུ་བཙལ་ཀྱང་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་སེམས་ཅན་གྱི་དབྱིངས་དང༌། སྲོག་དང༌། གང་ཟག་དང༌། ཤེད་ལས་སྐྱེས་པ་དང༌། ཤེད་བུ་དག་ནན་ཏན་དུ་བྱ་སྟེ་བཙལ་ཀྱང་རྙེད་པར་མི་འགྱུར་རོ། །དེ་བཞིན་དུ་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་དུས་གསུམ་དུ་ཆོས་ ཐམས་ཅད་ལ་སྲོག་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བུ་དང༌། སེམས་ཅན་གྱི་ཁམས་དང༌། བདག་ནན་ཏན་དུ་བཙལ་ཀྱང་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། དེ་ ལྟར་སྲོག་དང༌། གང་ཟག་དང༌། ཤེད་ཅན་དང༌། ཤེད་བུ་དང༌། སེམས་ཅན་དང༌། བདག་གི་དབྱིངས་མེད་པར་སྟོན་ཏོ། །དེ་ལྟར་བདག་མེད་པར་སྟོན། དེ་ལྟར་སྟོང་པར་སྟོན་ཏེ། དེ་ལྟ་བུའི་ཆོས་ཀྱི་གཏམ་སྟོན་ཏོ། །སོར་མོའི་ཕྲེང་བས་གང་པོ་བྱམས་མའི་བུ་ལ་སླར་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་བཙུན་པ་གང་པོ། ཁྱོད་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། ཆོས་ཀྱི་གཏམ་ སྟོན་མི་ནུས་སོ། །སྤྲང་བུའང་ཟི་ཟི་ཞེས་སྒྲ་འབྱིན་ཤེས་ཀྱི། སྦྲང་བུ་ལྟར་བླུན་པ་ཁྱོད་ཅང་མ་ཟེར་ཅིག །གང་པོ། དེ་བཞིན་གཤེགས་པའི་ལྡེམ་པོ་ངག་མི་ཤེས་པས་བདག་མེད་ པ་ལ་ཆོས་སུ་སེམས་པ་དེ་ནི་གཏི་མུག་གི །ཆོས་ཀྱི་མར་མེའི་ནང་དུ་ཕྱེ་མ་ལེ་བ་ལྟར་ལྟུང་ངོ༌། །གང་དེ་སངས་རྒྱས་ཀྱིས་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་ ༄༅། །འདས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་མེད་པ་མ་བརྙེས་ནས་འདས་སོ། ད་ལྟར་གྱི་སངས་རྒྱས་བཅོམ་ ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ཐམས་ཅད་ལ་བདག་གི་ཁམས་མེད་པ་མི་བརྙེས་སོ། །མ་བྱོན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་སེམས་ཅན་ ཐམས་ཅད་ལ་སེམས་ཅན་གྱི་ཁམས་མེད་པ་བརྙེས་པར་མི་འགྱུར་རོ། །རང་སངས་རྒྱས་དང༌། ཉན་ཐོས་རྣམས་ཀྱིས་དུས་གསུམ་དུ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་ པའི་སྙིང་པོ་མེད་པ་མ་བརྙེས་མི་བརྙེས་བརྙེས་པར་མི་འགྱུར་ཏེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡང་སངས་རྒྱས་ཀུན་གྱིས་གང་མ་བརྙེས་ཞེས་བྱ་བ་ནི་འདས་པའི་སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ལ་ནན་ཏན་དུ་བཙལ་ཀྱང་འཇིག་རྟེན་པའི་བདག་མཐེ་བོ་ཙམ་དང༌། ཙི་ཙེའི་འབྲུ་དང༌། འབྲས་དང༌། ཡུངས་འབྲུ་དང༌། ཏིལ་གྱི་ རིལ་བུ་ཙམ་དམར་པོ་དང༌། སྔོན་པོ་དང༌། སེར་པོ་དང༌། དཀར་པོ་དང༌། ཐུང་ངུ་དང༌། རིང་པོ་དང༌། ཤིན་ཏུ་རིང་པོ་ལ་སོགས་པ་སྙིང་ག་ན་འབར་ཞིང་འདུག་ཅེས་བྱ་བ་དང༌། ལྟེ་བའི་ དྲུང་དང༌། མགོ་དང༌། མིག་དང༌། རྣ་བ་ལ་མེ་མར་གྱི་སྙིང་པོ་དམར་པོ་སྣུམ་གྱི་རྐྱེན་གྱིས་འབར་བ་ལྟ་བུ་འདུག་གོ་ཞེས་བྱ་བ་ལ་སོགས་ཏེ། རྟོག་པ་རྣམ་པ་མང་པོ་ནི་ཇི་ལྟར་འཇིག་རྟེན་ པ་རྣམས་བདག་ལ་སྒོམ་པ། གང་དེ་དག་གི་རྟག་པ་བརྟན་པ་ཐེར་ཟུག་སྟེ། བདག་ནི་འདི་འདྲའོ་ཞེས་བྱ་སངས་རྒྱས་ཐམས་ཅད་དང༌། ཉན་ཐོས་ཐམས་ཅད་ཀྱིས་མ་བརྙེས་ནས་མངོན་པར་ སངས་རྒྱས་ནས་སྲོག་ཆགས་རྣམས་ལ་བཤད་དོ་ཞེས་བྱ་སྟེ། ཚིགས་སུ་བཅད་པ་དེའི་དོན་ནི་འདི་ཡིན་གྱི། གང་པོ་ནི་ཕྱིན་ཅི་ལོག་ཏུ་རྣམ་པར་བྲགས་པ་སྣ་དེའི་དོན་མ་ཡིན་ནོ། །སངས་ རྒྱས་རྣམས་ཀྱིས་གང་མ་བརྙེས་ཞེས་བྱ་བ་དེ་ནི་འདས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་བརྙེས་ནས་འདས་ཏེ། མ་བྱས་པའི་ སངས་རྒྱས་ཀྱི་ཁམས་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པ་སེམས་ཅན་ཐམས་ཅད་ལ་ཡོད་དོ། །ད་ལྟར་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀྱང་དེ་བཞིན་ གཤེགས་པའི་སྙིང་པོ་བྱས་པ་ནི་ནན་ཏན་དུ་བཙལ་ཀྱང་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱས་པའི་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཐའ་ཡས་པའི་ མཚན་དང༌། དཔེ་བྱད་ཀྱིས་བརྒྱན་པ་ཡོད་དོ། །དུས་གསུམ་དུ་ཉན་ཐོས་དང༌། རང་སངས་རྒྱས་སྦྲང་མ་ལྟ་བུ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཅེས་གྲག་སྟེ། མིག་གིས་ནི་བལྟ་ མི་ནུས་སོ་ཞེས་འདྲི་བ་དེ་ལ་བྱེད་པའི་རྒྱུ་ནི་བསྟན་ཏོ། །འདི་ལྟ་སྟེ། སྒྲ་གཅན་ཟིན་དཔལ་གྱི་བསླབ་བ་དང༌། ཚུལ་ཁྲིམས་ལྷུར་བྱེད་པས་སྲོག་ཆགས་ཅན་གྱི་ཆུ་ལ་ཤིན་ཏུ་ནན་ཏན། ༄༅། །དུ་བལྟ་སྟེ། སྲོག་ཆགས་ཡིན་ནམ་མ་ཡིན། འོན་ཏེ་རྡུལ་འདྲ་བ་ཞིག་སྟེ། ཐམས་ཅད་མ་ཡིན་ནོ་སྙམ་པ་ལས་རིམ་གྱིས་བརྟགས་ན་སྲོག་ཆགས་ཕྲ་མོ་ ཡིན་པར་མཐོང་བདེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སྟག་རྣམས་ཀྱིས་རང་གི་ལུས་ལ་བདག་གི་དབྱིངས་ཡོད་པར་བདག་ཉིད་ཀྱིས་ཀྱང་མཐོང་སྟེ། འདི་འདྲ་བ་དེ་ ལྟ་བུ་མཐའ་ཡས་པའི་དབྱིངས་སུ་མཐོང་ངོ༌། །དེ་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བ་བྱེད་པ་ཡིན་ཏེ། གང་དག་ཀུན་ཏུ་འབར་བ་དང༌། རབ་ཏུ་ འབར་བ་ལྟ་བུའི་འཇིག་རྟེན་དུ་རང་གི་སྲོག་ཀྱང་བཏང་སྟེ་སྟོན་པར་འགྱུར་བ་ནི་རབ་ཏུ་དཀའ་བ་བྱེད་པ་ཕན་པར་སྟོན་པ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སྟག་དེ་དག་ལ་ང་དེ་བཞིན་ གཤེགས་པའི་སྙིང་པོ་སྟོན་གྱི། གཞན་ལ་མི་སྟོན་ཏོ། །སེམས་ཅན་དེ་དག་ནི་བདག་ཉིད་དེ་བཞིན་གཤེགས་པ་ཡིན་ནོ། །དཔེར་ན། འཕྲུལ་གྱི་མིག་དང་ལྡན་པའི་ནང་ན་མ་འགགས་ པ་བཞིན་ཏེ། མ་འགགས་པ་དང་ལྷན་ཅིག་ཏུ་བྱིས་པ་ཤའི་མིག་ཅན་སོང་ནས་ནམ་མཁའ་ལ་བྱ་སོང་བའི་རྗེས་ལ་བལྟས་ན། བྱིས་པ་ཤའི་མིག་ཅན་གྱིས་ཅི་ནམ་མཁའི་བྱ་རྗེས་ མཐོང་ངམ། གནས་བརྟན་མ་འགགས་པས་ནི་གསལ་བར་མཐོང་སྟེ། སྐྱེས་བུ་ཤའི་མིག་ཅན་ཡང་གནས་བརྟན་གྱི་དྲིང་ལ་རབ་ཏུ་ཡིད་ཆེས་ནས་འགྲོ་བ་དེ་བཞིན་དུ། བྱིས་པ་ ཤའི་མིག་ཅན་དང་འདྲ་བ་ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་མདོ་སྡེ་ཐམས་ཅད་ཀྱི་ཚུལ་ལ་ཡིད་ཆེས་ནས་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་ཀྱི། དེ་བཞིན་གཤེགས་པའི་ ཡུལ་གྱི་དབྱིངས་ལྟ་ཡང་དག་པར་ག་ལ་མཐོང༌། དེ་སྟེ་ཉན་ཐོས་དང༌། རང་སངས་རྒྱས་གཞན་གྱི་དྲིང་ལ་འཇོག་ན། མི་དམུས་ལོང་ཙམ་ལྟ་ག་ལ་ཡིད་ཆེས། སྔོན་བྱུང་བ་ས་འདི་མངར་སྣ་ བཞི་ཅན་དུ་གྱུར་ཏོ་ཞེས་སྔོན་གྱི་ཡང་དག་པར་རྫོགས་པའི་སངས་རྒྱས་གཞན་དུ་མི་གསུང་པ་རྣམས་ལས་ཁོ་བོས་ཐོས་ཏེ། སེམས་ཅན་གང་དག་གིས་མངར་སྣ་བཞི་མྱོང་བའི་སེམས་ ཅན་དེ་དག་ད་དུང་ཡང་བྱིས་པའི་ཚེ་ས་ཟ་སྟེ། གང་གིས་ཡུན་རིང་པོ་ནས་བསྙེན་པ་རོ་ཞིམ་པོ་དེ་སེམས་ཅན་རྣམས་ད་དུང་ཡང་གཏོང་མི་ནུས་སོ། །དེ་བཞིན་དུ་སྔོན་གྱི་ཡང་དག་པར་རྫོགས་ པའི་སངས་རྒྱས་མང་པོའི་དྲུང་དུ་གང་གིས་དེ་བཞིན་གཤེགས་པའི་སྙིང་པོ་ལ་བསྒོམས་ཤིང་མང་དུ་བྱས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ ཡིད་ཆེས་ཏེ། སེམས་ཅན་དེ་དག་ནི་ཡུན་རིང་པོ་ནས་བསྒོམས་ཤིང་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་སྟེ་གཞན་མ་ཡིན་ནོ། །མ་འོངས་པའི་དུས་ནའང་སེམས་ཅན་གང་དེ་བཞིན་ གཤེགས་པའི་སྙིང་པོ་སྟོན་པ་དང༌། ཐོས་ནས་ཡིད་ཆེས་པར་འགྱུར་བའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྲས་ས་ལ་ཟ་བ་ལྟ་བུ་དེ་བཞིན་གཤེགས་ ༄༅། །པ་ལ་བྱས་པ་གཟོ་བའོ། །གང་སྔོན་ཕྱུགས་སུ་གྱུར་ཏེ། རང་གི་མ་ལ་བརྒལ་ཞིང་རྣམ་པར་མྱོས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཉལ་བའི་ཚེ་སོ་ སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཆོས་དེ་ཁོ་ན་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ནའང་སེམས་ཅན་གང་སོ་སྒྲ་ཁྲིག་ཁྲིག་ཟེར་ཞིང་དེ་བཞིན་གཤེགས་པའི་ སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། དེ་དག་ནི་ཕྱུགས་སུ་གྱུར་པ་ཆོས་ཉིད་མི་ཤེས་པའོ། །སྔོན་ཕུག་རོན་དུ་གྱུར་པའི་སེམས་ ཅན་དེ་དག་ནི་ཤིན་ཏུ་གཟུགས་འདོད་ཅིང་གཡེམ་པའི་དབང་དུ་སོང་སྟེ། ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཞིང་དྲག་ཤུལ་གྱི་ལས་བྱེད་དོ། །མ་འོངས་ པ་ནའང་སེམས་ཅན་གང་གཡེམ་པའི་དབང་དུ་སོང་བ་དག་ཕལ་ཆེར་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི་ཕུག་རོན་དུ་གྱུར་ པ་ཡུན་རིང་པོ་ནས་ཉོན་མོངས་པ་ལ་གོམས་པ་གང་ཡིན་པའོ། །གང་སྔོན་ངོ་ཚ་མེད་པའི་ཁྭར་གྱུར་པ། ཤིན་ཏུ་བྱས་པ་མི་གཟོ་བ་མི་གཙང་བ་ཟ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་ དབུལ་ཞིང་ངོ་ཚ་བ་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ནའང་སེམས་ཅན་གང་ཕན་པར་སྟོན་པའི་དྲུང་ནས། དེ་བཞིན་གཤེགས་པའི་ སྙིང་པོ་ཐོས་ན་དགོད་དེ་འགྲོའོ། །བདག་གི་དབྱིངས་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ། དེ་ནི་ངོ་ཚ་མེད་པ་མི་གཙང་བ་ཟ་བའི་ཁྭ་ཡིན་ནོ། ། སྔོན་སྤྲེའུ་མི་སྡུག་པར་གྱུར་ཏེ། ཡིད་རྒྱ་མཚོ་སྣ་ཚོགས་རྣམ་པར་བཀྲ་བའི་རླབས་ལྟ་བུར་གཡོ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སེམས་ འཁྲུག་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སེམས་འཁྲུག་ཅིང་དེ་ བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། སྤྲེའུ་ལྟ་བུར་དགོད་པ་དམན་པ་ཡིན་ནོ། །སེམས་ཅན་གང་སྔོན་འུག་ པར་གྱུར་པ་ཉིན་པར་ཤིན་ཏུ་མི་མཐོང་ཞིང་མཚན་མོ་མཐོང་བ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ད་དུང་ཡང་འཇིག་རྟེན་ན་བླ་མ་མཐོང་ནས་ལྟའང་ མི་འདོད་དོ། །མ་འོངས་པའི་དུས་ནའང་སེམས་ཅན་གང་དག་ཕན་པར་སྟོན་པའི་དྲུང་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ལ་སངས་རྒྱས་ཀྱིས་ལུང་བསྟན་པ་ལ་ཡིད་མི་ཆེས་པའི་སེམས་ ཅན་དེ་དག་ནི། བཙུན་པ་གང་པོ། གང་འུག་པར་གྱུར་པ་ཡིད་མི་ཆེས་པ་ཡིན་ཏེ། མོ་མཁན་གྱི་ཚིག་བཞིན་ནོ། །བཙུན་པོ་གང་པོ། སྔོན་གྲམ་ཁྲོད་དུ་སྐྱེས་པ་ཤིན་ཏུ་དོན་མེད་པའི་གཞུང་ ༄༅། །གིས་གོས་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་བདག་མེད་པ་ཞེས་བྱ་བ་དགོངས་པའི་ཚིག་ཏུ་མི་ཤེས་ པས༑ སེམས་ཅན་གྲམ་ཁྲོད་པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་སོ། །མ་འོངས་པའི་དུས་ནའང་ཤིན་ཏུ་དོན་མེད་པའི་གཞུང་ལ་ཆགས་པའི་ལྡེམ་པོ་ ངག་ཏུ་གསུངས་པ་མི་ཤེས་པ། གྲམ་ཁྲོད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། ངེས་པར་གྲམ་ཁྲོད་པ་དེ་ བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པ་ཡིན་ནོ། །གང་སྔོན་སྒོ་གང་ཡང་རུང་བ་ན་འདུག་ཅིང་རྐུན་པོ་དམའ་བའི་སེམས་ཅན་དེ་དག་ནི་ཁྱི་ལྟ་བུ་ཞེས་བྱ་སྟེ། མ་འོངས་པའི་དུས་ ནའང་སེམས་ཅན་གང་གཞན་གྱི་ཁྱིམ་ན་རྒྱུ་ཞིང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། དེ་དག་ནི་ཁྱི་དང་ འདྲ་བར་དམའ་པ་ཡིན་ནོ། །སྔོན་བྱི་ལར་གྱུར་པའི་སེམས་ཅན་གང་རྟག་ཏུ་ཤ་ཟ་བ་ལ་ཆགས་ཤིང༌། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ ད་དུང་ཡང་ཤ་ལ་ཆགས་ཤིང༑ སྲོག་གཅོད་པ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོར་འགྱུར་རོ། །མ་འོངས་པ་ནའང་སེམས་ཅན་གང་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ་ གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་མི་བཟད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་བྱི་ལའི་གཟུགས་ བསྒྱུར་བའི་སྲིན་པོའོ། །གང་བྱི་བ་དང༌། མ་ནིང་དུ་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཆད་འཐུང་ཞིང་བྱི་བ་དང༌། མ་ནིང་དུ་གྱུར་ ཏེ༑ ཤིན་ཏུ་མི་གཙང་བ་འཐུང་བ་ཡིན་ནོ། །མ་འོངས་པ་ནའང་སེམས་ཅན་གང་ཆང་འཐུང་ཞིང་མ་ནིང་ལྟ་བུ་དམའ་བ་དེ་དག་ནི་འཇིག་རྟེན་པའི་རོས་ངོ་མས་པས་དེ་བཞིན་གཤེགས་པའི་སྙིང་ པོ་མི་འདོད་དེ། དེ་དག་ནི་གཞན་མ་ཡིན་གྱི་མ་ནིང་དང༌། བྱི་བ་གང་ཡིན་པ་དེ་དག་ཏུ་བལྟའོ། །གང་ཅེ་སྦྱང་དུ་གྱུར་པའི་སེམས་ཅན་ཁྲེལ་མེད་ཅིང་གཡོ་ངན་པ་དེ་བཞིན་གཤེགས་པའི་སྙིང་ པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་ཤིང་སེམས་ཅན་གཡོན་ཅན་ཅེ་སྦྱང་ལྟ་བུར་གྱུར་ཏོ། །མ་འོངས་པ་ནའང་ སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལྡེམ་པོ་ངག་ཏུ་བཤད་པ་མི་ཤེས་པ་འདི་ལྟར་གནང་ངོ་ཞེས་ལོག་པར་རྟོག་པ་དེ་དག་ནི་ངེས་པར་ཅེ་སྦྱང་དུ་གྱུར་པའོ། །སྔོན་སེམས་ཅན་ གང་སྲིན་བུ་མི་སྡུག་པ་སྡིག་པར་གྱུར་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་རབ་ཏུ་འབར་ ༄༅། །ཏེ༑ སྙིང་ཞེ་སྡང་བར་གྱུར་པ་དེ་ནི་ངེས་པར་སྡིག་པ་དང་མཚུངས་པ་ཡིན་ནོ། །མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སངས་ རྒྱས་ཀྱིས་བཤད་པ་མ་ཡིན་ནོ་ཞེས་ཡིད་མི་ཆེས་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། ངེས་པར་སྡིག་པ་ལྟ་བུ་ཚ་བའི་ལས་བྱེད་པའོ། །གང་སྔོན་སྦྲུལ་གདུག་པ་མི་ཟད་པར་ གྱུར་པ། དེ་བཞིན་གཤེགས་པའི་སྙིང་པོ་ལ་མི་བསྔགས་པར་སྨྲ་བའི་སེམས་ཅན་དེ་དག་ནི་ད་དུང་ཡང་ང་རྒྱལ་ཆེ་ཞིང་འཇིགས་པའི་གཟུགས་སྤྲུལ་གདུག་པ་མི་ཟད་པར་འགྱུར་རོ། ། མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཕན་པར་བསྟན་པ་ལ་མི་བསྔགས་པར་སྨྲ་ཞིང་སྡིག་པར་སྤྱོད་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་ པ་གང་པོ། ངེས་པར་སྤྲུལ་གདུག་པ་མི་ཟད་པའོ། །སྔོན་སེམས་ཅན་གང་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རེ་ཆུང་བ་མིའི་ཡོན་ཏན་མི་ཤེས་པ་དེ་བཞིན་གཤེགས་པའི་སྙིང་པོ་བཙུན་པར་ མི་བྱེད་ཅིང༌། མདོ་སྡེ་ལ་སྨོད་པ་དེ་དག་ད་དུང་ཡང་མདོ་སྡེ་ལ་སྨོད་དེ། སེམས་ཅན་དེ་དག་ནི་ངེས་པར་ལུག་ཏུ་གྱུར་པ་གླེན་ཞིང་ཁོ་རེ་ཆུང་བ་ཡིན་ཏེ། མ་འོངས་པ་ནའང་སེམས་ ཅན་གང་གཉིད་ཆེ་ཞིང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ན་སྨོད་པ་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་ཁོ་རེ་ཆུང་ཞིང་ཞན་པའོ། །སྔོན་མ་ཧེ་ཁོ་རེ་ཆུང་བར་གྱུར་པ་དེ་བཞིན་ གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ངེས་པར་ཞེན་ཅིང་བརྐམ་སྟེ། ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེ་ལྟ་བུའོ། །མ་འོངས་པ་ནའང་བརྐམ་ ཞིང་ཁྲོ་ལ་ཞན་ཅིང་ཁོ་རེ་ཆུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། ངེས་པར་ལྟ་བ་གསུམ་གྱིས་འཇུངས་པའི་མ་ཧེའོ། ། སེམས་ཅན་གང་སྔོན་དོམ་དུ་གྱུར་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། སེམས་ཅན་དེ་དག་ནི་ད་དུང་ཡང་ཡིད་དུ་མི་འོང་བ་སྒྲོགས་ ཏེ༑ ངེས་པར་དོམ་དང༌། ཅེ་སྦྱང་ལྟ་བུའོ། །མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་དུ་མི་འོང་བར་སྒྲོགས་པ་དེ་དག་ནི་གཞན་མ་ ཡིན་ཏེ། བཙུན་པ་གང་པོ། དོ་མ་དང༌། ཅེ་སྦྱང་ལྟ་བུའོ། །གང་སྔོན་བྱ་ཀ་ལནད་ཀར་གྱུར་པ། དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་ཤིང་ཡིད་མི་ཆེས་ཏེ། ད་དུང་ཡང་སེམས་ ཅན་གང་མིག་རྟུལ་བ་དེ་དག་ནི་ངེས་པར་བྱ་ཀ་ལནད་ཀར་གྱུར་པའོ། །མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་འཆབ་ཅིང་མ་རུངས་པ་སྡིག་པའི་ ལས་བྱེད་པ་དེ་དག་ནི་གཞན་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་མི་སྟོན་པ་དེ་ནི་ངེས་པར་མིག་རྟུལ་བའི་བྱ་ཀ་ལནད་ཀ་ཡིན་ནོ། །གང་སྔོན་བོང་བུར་གྱུར་པ་དེ་བཞིན་གཤེགས་ ༄༅། །པའི་སྙིང་པོ་ལ་མི་དགོས་པར་སེམས་བསྐྱེད་པ་དེ་དག་ནི་ད་དུང་ཡང་དབུལ་ཞིང་བོང་བུ་ལྟ་བུར་ཟས་རྩུབ་པོ་ཟ་བར་འགྱུར་རོ། །མ་འོངས་པ་ནའང་དབུལ་པོ་གཞན་ གྱིས་མངག་པའི་རིགས་ངན་པར་སྐྱེའོ། །གང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་ཤིང་བདག་མེད་པ་ལ་སྒོམ་པ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། འདོད་ལྡན་ དང༑ གདོལ་པ་དང༌། བྱ་བ་དང༌། བོང་བུ་ལྟ་བུའོ། །གང་སྔོན་ལྷ་མ་ཡིན་ལུས་ཐུང་དུར་གྱུར་ཅིང་མཆེ་བ་རིང་བ་མི་སྡུག་པ་ཁོག་པ་ལྟ་བུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་ བ་དེ་དག་ནི་ད་དུང་ཡང་ལུས་ཐུང་ཞིང་ཁོག་པ་ལྟ་བུར་གྱུར་ཏེ། དེ་དག་ནི་ངེས་པར་ལྷ་མ་ཡིན་ནོ། །མ་འོངས་པ་ནའང་སེམས་ཅན་གང་ཁོག་པ་ལྟ་བུ་ཐུང་ཞིང་མཆེ་བ་རིང་བ་ གཏུམ་པོ་དེ་བཞིན་གཤེགས་པའི་སྙིང་པོ་ལ་ཁ་ཟེར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། ལྷ་མ་ཡིན་གྱི་རིགས་སུ་གཏོགས་པའི་སེམས་ཅན་ཡིན་ནོ། །གང་སྔོན་ ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་བར་འགྱུར་བ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བའི་སེམས་ཅན་དེ་དག་ནི་ད་དུང་མཆུ་དང༌། རྐན་བསྐམས་ཤིང༌། ཡི་དྭགས་རིད་ པ་ཁ་ནས་མེ་ལྕེ་འབྱུང་བའི་སྲོག་ཆགས་སུ་འགྱུར་རོ། །མ་འོངས་པ་ནའང་སེམས་ཅན་གང་ལུས་ཤིན་ཏུ་རིད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལ་སྨོད་ཅིང་འཕྱ་བ་དེ་དག་ ནི༑ བཙུན་པ་གང་པོ། གཞན་མ་ཡིན་ཏེ། ངེས་པར་ཡི་དྭགས་ཁ་ནས་མེ་ལྕེ་འབྱུང་བ་ཉམ་ཆུང་བ་ཡིན་ནོ། །དེ་དག་སྔོན་ཡང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྐུ་རྟག་པ་ ལ་མི་རྟག་པར་ལྟ་བ་རྣམས་མཛེ་ན་པར་འགྱུར་ཏེ། ད་དུང་ཡང་སེམས་ཅན་གང་ཞན་ཅིང་མཛེ་ན་བར་གྱུར་པ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། ། མ་འོངས་པ་ནའང་སེམས་ཅན་གང་དག་དེ་བཞིན་གཤེགས་པའི་སྐུ་རྟག་པ་ལ་མི་རྟག་པར་ལྟ་བ་མཛེ་ན་བར་འགྱུར་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། དེ་བཞིན་གཤེགས་ པའི་སྐུ་རྟག་པ་ལ་སྨོད་པ་ཡིན་ནོ། །སྔོན་གང་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བ་རྣམས་ནི་བོང་ཆེན་པོར་གྱུར་ཏེ། ད་དུང་ཡང་བོང་ཆེ་ཞིང་ཞན་པ་དེ་དག་ནི་ངེས་པར་དེ་བཞིན་ གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བའོ། །མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་མ་ཞི་བར་ལྟ་བ་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། བོང་ཆེན་ པོ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ཞི་བའི་སྐུ་ལ་སུན་འབྱིན་པའོ། །གང་སྔོན་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་ཏེ། ནད་མང་བའི་སེམས་ཅན་རྣམ་པ་མང་པོ་དེ་དག་ནི་དེ་བཞིན་ གཤེགས་པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །ད་དུང་ཡང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་གཡུང་ ༄༅། །དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་ཡིན་ནོ། །མ་འོངས་པ་ནའང་སེམས་ཅན་གང་ཕུན་སུམ་ཚོགས་པའི་དུས་ན་རྒུད་པར་འགྱུར་བ་དེ་དག་ནི་དེ་བཞིན་གཤེགས་ པའི་གཡུང་དྲུང་གི་སྐུ་ལ་གཡུང་དྲུང་མ་ཡིན་པར་ལྟ་བ་སྟེ། བཙུན་པ་གང་པོ། དེ་དག་ནི་ངེས་པར་གཞན་མ་ཡིན་གྱི་དེ་བཞིན་གཤེགས་པའི་སྐུ་མི་གསལ་བའོ་ཞེས་སུན་འབྱིན་པའོ། ། སྔོན་གང་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་ལ་ཐེར་ཟུག་མ་ཡིན་པར་ལྟ་བའི་སེམས་ཅན་དེ་དག་ནི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་སྟེ་མི་རྟག་པར་གྱུར་ཏོ། །ད་དུང་ ཡང་སེམས་ཅན་གང་ལ་ལ་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་སྐྱེས་ནས་ཤི་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པའི་སྐུ་ཐེར་ཟུག་དང༌། གསལ་བ་ལ་སྨོད་པའོ། །མ་འོངས་པ་ ནའང་སེམས་ཅན་གང་མི་རྟག་ཅིང་ཚེ་ཐུང་བར་འགྱུར་བ་དེ་དག་ནི་ཐེར་ཟུག་གི་སྐུ་ལ་སྨོད་པ་ཡིན་ཏེ། བཙུན་པ་གང་པོ། དེ་དག་ནི་གཞན་མ་ཡིན་གྱི་ངེས་པར་དེ་བཞིན་གཤེགས་པ་ ཐེར་ཟུག་གི་སྐུ་ལ་སྨོད་པའོ། །སྔོན་སེམས་ཅན་གང་བུ་མེད་པར་གྱུར་པ་དེ་དག་ཀྱང་དེ་བཞིན་གཤེགས་པ་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་མི་ རྟག་པར་འཛིན་པ་རྣམས་ཏེ། ད་དུང་ཡང་སེམས་ཅན་གང་བུ་མེད་པར་གྱུར་པ་དེ་དག་ནི་མྱ་ངན་ལས་འདས་པ་ལ་ཞིག་པར་ལྟ་བའོ། །མ་འོངས་པ་ནའང་སེམས་ཅན་གང་བུ་མེད་ པ་མ་རུངས་པ་དེ་དག་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཞིག་པར་ལྟ་བ་རྣམས་ཏེ། གཞན་མ་ཡིན་གྱི། བཙུན་པ་གང་པོ། དེ་དག་ནི་ངེས་པར་དེ་བཞིན་གཤེགས་ པ་ཡོངས་སུ་མྱ་ངན་ལས་འདས་པ་ཞིག་པར་ལྟ་བ་རྣམས་སོ། །སྔོན་སེམས་ཅན་གང་དེ་བཞིན་གཤེགས་པ་ཕ་མ་ཕྲད་པ་ལས་སྐྱེས་པར་རྟོག་པའི་སེམས་ཅན་དེ་དག་ནི་ཕ་མ་དང་བྲལ་ བར་འགྱུར་རོ། །ད་དུང་ཡང་སེམས་ཅན་གང་ཕ་མ་དང་བྲལ་བ་དེ་དག་ནི་ངེས་པར་དེ་བཞིན་གཤེགས་པ་ལ་ཁ་ཟེར་བའོ། །མ་འོངས་པ་ནའང་སེམས་ཅན་གང་སངས་རྒྱས་ལ་ཕ་མ་ཕྲད་ པ་ལས་སྐྱེས་པར་ལྟ་བ་དེ་དག་ཕ་མ་མེད་པར་འགྱུར་ཏེ། དེ་དག་ནི་གཞན་མ་ཡིན་གྱི། བཙུན་པ་གང་པོ། དེ་བཞིན་གཤེགས་པ་ལ་ཁ་ཟེར་བ་ཕ་མ་དང་བྲལ་བའོ། །སྔོན་སེམས་ཅན་ གང་དེ་བཞིན་གཤེགས་པའི་སྐུ་རུས་པ་དང༌། རྒྱུས་པ་དང༌། རྐང་དང༌། ཁྲག་ཅན་གྱི་མིའི་ལུས་སོ་ཞེས་རྫུན་ཟེར་ཞིང༌། འཇིག་རྟེན་དང་མཐུ་པར་འཇུག་པ་ལས་ཕྱིར་ཕྱོགས་པའི་སེམས་ ཅན་དེ་དག་ནི་འཇིག་རྟེན་ན་མི་སྡུག་པའི་སྐྱོན་ཅན་དུ་འགྱུར་རོ། །ད་དུང་ཡང་སེམས་ཅན་དེ་དག་ནི་ཡན་ལག་ཐམས་ཅད་མཚང་ཞིང་ཁམ་ནམ་པ་འཇིག་རྟེན་དང་མཐུན་པར་འཇུག་པ་ ལས་ཐམས་ཅད་ཕྱིར་ཕྱོགས་པར་འགྱུར་རོ། །མ་འོངས་པ་ནའང་སེམས་ཅན་གང་ཁ་མི་གཙང་བའི་དྲི་མི་ཞིམ་པར་མནམ་བ། ཞ་བོ། གཞོགས་ཉམས་པ། ཡན་ལག་ཐམས་ཅད་མ་ ༄༅། །ཚང་བ། འཇིག་རྟེན་དང་མཐུན་པར་འཇུག་པ་ལས་ཕྱིར་ཕྱོགས་པའི་སེམས་ཅན་དེ་དག་ནི་གཞན་མ་ཡིན་ཏེ། བཙུན་པ་གང་པོ། འཇིག་རྟེན་ཐམས་ཅད་ཀྱིས་ སྤངས་པའོ། །སེམས་ཅན་ཐམས་ཅད་ཀྱི་ལས་སྔར་བཤད་པ་རྣམས་ཤིན་ཏུ་ཡང་བ་ཡིན་ཏེ། གལ་ཏེ་མིའི་སྐྱེ་གནས་སུ་སྐྱེ་བ་ཐོབ་ནའང་འཇིག་རྟེན་གྱི་སྡུག་བསྔལ་བསམ་གྱིས་མི་ ཁྱབ་པ་ཐམས་ཅད་ཐོབ་པར་འགྱུར་རོ། །དུད་འགྲོའི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ། །རང་གིས་བྱས་པས་མ་རིག་པ་ཡུན་ རིང་པོར་མྱོང་ཞིང་གནས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་གྱི་དག་ཉིད་ཆེན་པོ་ལས་ཕྱིར་ཕྱོགས་པ་དེ་དག་ལ་དགེ་བ་ཡུངས་འབྲུ་ཙམ་ཡང་རྙེད་པར་དཀའོ། །སྔོན་གང་དེ་ བཞིན་གཤེགས་པ་མང་པོ་ལ་མཉེས་པར་བྱས་པས་དེ་བཞིན་གཤེགས་པའི་ཆེ་བ་ཐོས་ནས། སེ་གོལ་གཏོགས་པའི་སྲིད་དུ་འཛིན་ནའང་དགེ་བའི་རྩ་བ་དེས་སེམས་ཅན་དེ་དག་ དབང་པོ་ཐུལ་བ་དང༌། ཕྱུག་ཅིང་རིགས་ཆེན་པོར་འགྱུར་རོ། །ད་ལྟར་ཡང་སེམས་ཅན་གང་དབང་པོ་ཐུལ་ཅིང་བྲན་བཟའ་མང་པོའི་ཁྱིམ་བདག་ཤིང་སཱ་ལ་ཆེན་པོ་ལྟ་བུ་དང༌། བྲམ་ཟེའི་རིགས་ཆེན་པོར་གྱུར་པའི་སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་རྣ་བ་ལ་རེག་པ་ཙམ་གྱིས་མཉེས་པར་བྱེད་ཅིང་བསོད་ནམས་ཀྱི་ལས་ཤིན་ཏུ་བྱེད་དོ། ། མ་འོངས་པ་ནའང་སེམས་ཅན་གང་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས། དེ་བཞིན་ཉིད་དུ་སྒྲུབ་པ་དང༌། མི་གང་བྲན་བཟའ་མང་ཞིང་རིགས་ཆེ་བའི་སེམས་ཅན་དེ་དག་ནི་གཞན་མ་ ཡིན་ཏེ། བསོད་ནམས་བྱས་པའི་སེམས་ཅན་དོན་དང་ལྡན་པ། ཡིད་དང་འཐད་པ། གཟུགས་དང༌། མདོག་དང༌། སྟོབས་དང༌། སྙེམས་པ་ཕུན་སུམ་ཚོགས་པ། བློ་གྲོས་དང༌། དྲན་ པ་དང༌། ཡིད་རྣོ་བར་ལྡན་པ་དབྱངས་ཡིད་དུ་འོང་ཞིང་མཐོང་ན་དགའ་བ། རྒྱལ་པོ་དང༌། བློན་པོ་དང༌། རྒྱལ་བུ་དང༌། འཁོར་ལོས་བསྒྱུར་བ་དང༌། དེ་བཞིན་དུ་དགེ་ཞིང་ང་རྒྱལ་མེད་པའི་ སེམས་ཅན་མིག་གཉིད་ཐུལ་བ། གཤོར་བ་བག་ཡོད་པ། དེ་ལ་སོགས་པ་མཐོ་རིས་དང༌། སའི་སྟེང་གི་ཕུན་སུམ་ཚོགས་པ་ལྷའི་དབང་པོ་དང༌། ཚངས་པའི་དབང་པོ་དང༌། འཇིག་རྟེན་ སྐྱོང་བ་ལ་སོགས་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པའི་བསོད་ནམས་ཀྱི་རྒྱུས་ནད་མེད་པ་དང༌། གཙེ་བ་མེད་པ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་དགའ་བར་ འགྱུར་རོ། །དེ་བཞིན་གཤེགས་པ་རྟག་པ་གཡུང་དྲུང་ཐེར་ཟུག་སྟེ། ཡོངས་སུ་མྱ་ངན་ལས་འདས་པའང་འཆི་བ་མེད་པར་ཐོས་པས་ཐམས་ཅད་འབྱོར་ཅིང་ཡུན་རིང་དུ་སྲ་བ་དང༌། རྟག་པར་ འགྱུར་རོ། །སངས་རྒྱས་ནི་འཇིག་རྟེན་ཐམས་ཅད་དང་རྗེས་སུ་མཐུན་པར་འཇུག་པས་རོལ་པ་ཡིན་པར་ཤེས་ཤིང༌། གང་དེ་བཞིན་གཤེགས་པ་འཁྲིག་པ་ལས་བྱུང་བ་མ་ཡིན་ནོ་ཞེས་སྟོན་ ༄༅། །པ་དེ་དག་ནི་ཡེ་ཤེས་དང༌། ཡོན་ཏན་རྙེད་པའི་བསོད་ནམས་ཀྱིས་བུ་མང་ཞིང་ཕ་མ་རིང་དུ་འཚོ་བ་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་སེམས་ ཅན་ཐམས་ཅད་ལ་ཡོད་པར་ཤེས་པའི་རྒྱུས་འཇིག་རྟེན་ན་བདེ་བའི་རྣམ་པའི་མཆོག་རྣམས་དང༌། ཕུན་སུམ་ཚོགས་པ་ཇི་སྙེད་ཡོད་པ་ཐམས་ཅད་རྙེད་པར་འགྱུར་རོ། །དེ་བཞིན་གཤེགས་ པའི་སྙིང་པོ་རྟག་པར་ཐོས་པས་སྔོན་བྱུང་བ་དང༌། ད་ལྟར་དང༌། མ་འོངས་པ་དང༌། དུས་གསུམ་དུའང་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། མཐོ་རིས་དང༌། སའི་སྟེང་གི་བདེ་བ་ཐམས་ ཅད་རྟག་ཏུ་ཐོབ་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྙས་པའི་རྒྱུས་ནི་འགྲོ་བ་ལྔའི་གནས་ཐམས་ཅད་ན་ཡན་ལག་མ་ཚང་བར་འགྱུར། འཁོར་བ་སྡུག་བསྔལ་བར་ འཁྱམས་པ་ན་སྡུག་བསྔལ་བ་མྱོང་བར་འགྱུར་རོ། །སེམས་ཅན་གང་སངས་རྒྱས་ལ་བསྙེན་བཀུར་བྱས་པ་དང༌། སེམས་ཅན་གང་ཕན་པར་སྟོན་ཅིང་བདག་ཉིད་དེ་བཞིན་གཤེགས་པའི་ སྙིང་པོ་ལ་སེམས་པ་དེ་དག་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་པ་རྙེད་པར་འགྱུར་རོ། །བཙུན་པ་གང་པོ། སངས་རྒྱས་མང་པོ་ལས་ཕྱིར་ཕྱོགས་པའི་སེམས་ཅན་གང་དེ་བཞིན་ གཤེགས་པའི་སྙིང་པོ་ཐོས་ན་སྨོད་པའི་སེམས་ཅན་དེ་དག་ནི་བདག་ཉིད་ཀྱི་ས་བོན་བསྲེགས་ཤིང་ཀྱེ་མ་དུས་གསུམ་དུ་བསམ་གྱིས་མི་ཁྱབ་པར་མྱ་ངན་དུ་བྱ་བ་ཡིན་ནོ། །ཆོས་སྟོན་ པར་འདོད་པས་འདི་ལྟར་བསྟན་ཏེ། དེ་བཞིན་གཤེགས་པ་རྟག་པ་དང༌། ཡང་དག་པ་ཉིད་དུ་ཤིན་ཏུ་བསྔགས་པར་བྱའོ། །དེ་ལྟར་མི་སྟོན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་འདོར་བ་དེ་དག་ ནི༑ དཔེར་ན། གདོལ་པ་ལ་རྒྱལ་པོའི་བལ་གླང་ལྟ་བུར་དེ་ལ་སེང་གེའི་ཁྲིའང་མི་འོས་སོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་སྐྱེས་ པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་དབྱིངས་མ་སྐྱེས་པ་མཚན་དང༌། དཔེ་བྱད་བཟང་པོས་བརྒྱན་པ་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ ཀྱིས་བཙལ་ཀྱང་དབྱིངས་མ་བྱུང་བ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་མ་བྱུང་བའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བདག་ཉིད་ཀྱིས་བཙལ་ཀྱང་དབྱིངས་མི་རྟག་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་རྟག་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་ མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ཐེར་ཟུག་མ་ཡིན་པ་ མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་ཐེར་ཟུག་གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ ༄༅། །ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང༌། དེ་བཞིན་གཤེགས་པའི་སྙིང་པོ་གཡུང་དྲུང་མ་ཡིན་པ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་གཡུང་དྲུང་ གི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ལ་ནད་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་ནད་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ལ་རྒ་ཤི་མ་བརྙེས་ཏེ། སེམས་ཅན་ཐམས་ ཅད་ལ་རྒ་ཤི་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་ དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་འཇིགས་པ་མ་བརྙེས་ཏེ། མི་འཇིགས་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང༌། དཔེ་བྱད་ བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་གཞིག་ཏུ་རུང་བ་མ་བརྙེས་ ཏེ༑ མི་ཤིགས་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་མཚན་དང༌། དཔེ་བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །སངས་རྒྱས་ཐམས་ཅད་ ཀྱིས་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་ལ་དྲི་མ་མ་བརྙེས་ཏེ། སེམས་ཅན་ཐམས་ཅད་ལ་དྲི་མ་མེད་པའི་དབྱིངས་སངས་རྒྱས་ཀྱི་དབྱིངས་མཚན་དང༌། དཔེ་ བྱད་བཟང་པོ་མཐའ་ཡས་པས་བརྒྱན་པའི་དབྱིངས་ཡོད་དོ། །དཔེར་ན། ཆུ་དང༌། འབྲུ་མར་འདྲེས་པ་མི་དམིགས་པ་དེ་བཞིན་དུ་སངས་རྒྱས་ཀྱི་དབྱིངས་ཀྱང་ཉོན་མོངས་པ་བྱེ་བས་གཡོགས་མོད་ ཀྱི༑ ཉོན་མོངས་པ་དང༌། སངས་རྒྱས་ཀྱི་དབྱིངས་འདྲེས་པར་གྱུར་པའི་གནས་མེད་དོ། །དབྱིངས་ཀྱང་ཉོན་མོངས་པ་བྱེ་བའི་ནང་ན་འདུག་མོད་ཀྱི། བུམ་པའི་ནང་ན་མར་མེ་འདུག་པ་བཞིན་དུ་ བུམ་པ་བཅག་ན་མར་མེ་རབ་ཏུ་འབར་ཞིང་མཛེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་རྫོགས་པའི་སངས་རྒྱས་སོ། །ཡང་ན་རྫོགས་པའི་སངས་རྒྱས་ཀྱི་ཉན་ཐོས་ནི་བུམ་པ་ལྟ་ བུ༑ ཉོན་མོངས་པ་མེད་པ་ནི་མར་མེ་ལྟ་བུ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་བྱེད་པ་ནི་ཉོན་མོངས་པ་དང་བཅས་པའམ། ཉོན་མོངས་པ་མེད་པའམ། སུའང་རུང་སྟེ། དེ་ཉིད་རྫོགས་པའི་ སངས་རྒྱས་ཞེས་བྱའོ། །བཙུན་པ་གང་པོ། སྒྲོལ་བ་ལམ་དུ་ཞུགས་པས་ཉོན་མོངས་པ་བྱེ་འབུམ་པ་ལྟར་བཅག་ན། ཕྱིས་གདོད་དབྱིངས་ཐམས་ཅད་ལག་མཐིལ་ན་སྐྱུ་རུ་རའི་འབྲུ་བཞིན་དུ་མཐོང་ ༄༅། །ངོ༑ ༑དཔེར་ན། ཟླ་བ་དང༌། ཉི་མ་སྤྲིན་གྱིས་གཡོགས་ནས་སའི་སྟེང་དུ་མི་སྣང་ཞིང་སྤྲིན་ལས་གྲོལ་ན། ཟླ་བ་དང༌། ཉི་མ་སའི་སྟེང་དུ་སྣང་བ་དེ་བཞིན་དུ། དེ་བཞིན་ གཤེགས་པའི་སྙིང་པོ་ཉོན་མོངས་པ་བྱེ་བས་ཁེབས་ན་མི་སྣང་ངོ༌། །ཟླ་བ་དང༌། ཉི་མ་བཞིན་དུ་ཉོན་མོངས་པ་ལས་གྲོལ་ན། སངས་རྒྱས་ཀྱི་དབྱིངས་ཀྱི་ཉི་མ་དང༌། ཟླ་བའང་སྣང་ངོ༌། །ཀྱེ་མ་ བཙུན་པ་གང་པོ། ཁྱོད་ནི་སྦྲང་བུའི་སྤྱད་པ་ལྟ་བུ་ལ་སྤྱོད་དེ། ཆོས་ཀྱི་གཏམ་སྟོན་མི་ཤེས་སོ། །སྦྲང་བུའང་སྒྲ་འབྱིན་ན་དེའང་ཤེས་པ་ཡིན་ནམ། ལན་གཉིས་སུ་མ་སྨྲ་བར་སྦྲང་བུ་ཁྱོད་ མྱུར་དུ་སོང་ཞིག །དེ་ནས་གནས་བརྟན་མཛེས་དགས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་ སོ༑ ༑སོར་མོའི་ཕྲེང་བ། ཁྱོད་ཀྱིས་མཐུན་པ་དང༌། རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ངའང་དགའོ། །ད་སངས་རྒྱས་ཀྱི་གཟུགས་འདོད་པར་གྱིས་ལ་བྲམ་ཟེ་ཁྱོད་དེ་ལྟར་ཤེས་ པར་གྱིས་ཤིག །དེ་ནས་སོར་མོའི་ཕྲེང་བས། མཛེས་དགའ་ལ་སླར་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཛེས་དགའ། ཁྱོད་ནི་བྱད་བཞིན་བཟང་བའི་མཆོག་ཡིན་ན། འཇིག་རྟེན་ན་རབ་ ཏུ་བྱད་བཞིན་བཟང་བ་གང་ཇི་ལྟར་ན་མི་རྣམས་ཀྱི་གཟུགས་དང༌། མཛེས་པ་བཟང་པོར་འགྱུར། མྱུར་དུ་སྨྲོས་ཏེ་ངའི་ཐེ་ཚོམ་ཆོད་ཅིག །དེ་ནས་སོར་མོའི་ཕྲེང་བ་ལ་མཛེས་དགས་ སྨྲས་པ། ལག་པ་རབ་བཀྲུས་སོར་བཅུའི་ཐལ་སྦྱར་ཏེ། །དེ་བཞིན་གཤེགས་ཀྱི་ཞབས་ལ་ཕྱག་འཚལ་ཞིང༌། །རྟག་ཏུ་ནད་པའི་རིམ་གྲོ་བྱེད་པ་ནི། །དེ་ལས་སྐྱེས་བུ་བྱད་བཞིན་ བཟང་པོར་འགྱུར། །སོར་མོའི་ཕྲེང་བས་མཛེས་དགའ་ལ་སླར་སྨྲས་པ། དེ་བཞིན་གཤེགས་པ་ལ་རུས་པའང་མེད། རྒྱུས་པའང་མེད་ན། སྐུ་གདུང་དང༌། རིང་བསྲེལ་ལྟ་ག་ལ་ཡོད་དེ། རིང་བསྲེལ་མེད་པ་ཐབས་ཀྱི་མཆོག་ཆོས་ཀྱི་སྐུ་ནི་སངས་རྒྱས་བསམ་གྱིས་མི་ཁྱབ་པ་སྟེ། དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་པའོ། །མ་དད་པ་རྣམས་དད་པ་བསྐྱེད་པའི་ཕྱིར་ རིང་བསྲེལ་གཞག་པའི་ཐབས་མཛད་དེ། སངས་རྒྱས་ཀྱི་མཆོད་རྟེན་བྱ་བའི་ཕྱིར་རིང་བསྲེལ་བཞག་གོ །དེ་ནི་སངས་རྒྱས་ཀྱི་ཆོས་ཉིད་དེ། འཇིག་རྟེན་གྱི་ཚངས་པ་དང༌། དབང་ཕྱུག་དང༌། ཀཱ་ཏྱཱ་ཡའི་བུ་མོ་དང༌། འགྲོ་སྐེམས་གཞོན་ནུའི་གཟུགས་ཁང་པ་དང༌། སོ་ཕག་གི་ཁྱིམ་གྱི་གནས་སུ་ཆ་བྱད་བཅོས་པའི་གཟུགས་རྣམ་པ་མང་པོ་བྱས་ཏེ་བཞག་པ་དེ་དག་སྐྱབས་མ་ཡིན་པར་ བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པའི་སྐུ་གདུང་དེ་ལྟར་ཐབས་ཡིན་པ་ཤེས་པ་དེ་ནི། འཇིག་རྟེན་ན་བྱད་བཞིན་བཟང་བའི་མི་ཡིན་ཏེ། ཐབས་ཀྱི་ཡེ་ཤེས་རྩ་བ་དེས་གཟུགས་མཛེས་པར་ འགྱུར་གྱི། རྟོག་པ་གཞན་ནི་བྱིས་པ་ལྟར་འཁྱམས་པ་ཡིན་ནོ། །མཛེས་དགའ། ཁྱོད་གཟུགས་བཟང་པོར་འགྱུར་བའི་སྒོའང་མི་ཤེས་སོ། །ཀྱེ་མ་བཙུན་པ་མཛེས་དགའ། ཁྱོད་ནི་སྦྲང་བུའི་ ༄༅། །སྤྱད་པ་སྤྱོད་དེ། གཟུགས་འབྱུང་བའི་སྒོའང་མི་ཤེས་སོ། །སྦྲང་བུའང་གཟུགས་ཕུན་སུམ་ཚོགས་པ་ཡོད་ཀྱི། སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་གནས་ བརྟན་ཉེ་སྦྱོར་གྱིས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བཙལ་ནས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །སོར་མོའི་ཕྲེང་བ། ཁྱོད་ཀྱིས་མཐུན་པ་དང་། རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ངའང་དགའོ། །སོར་མོའི་ཕྲེང་བ། ད་འདུལ་བ་ལ་བརྩོན་པར་གྱིས་ཤིག །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་ཉེ་སྦྱོར་ལ་སླར་སྨྲས་པ། བཙུན་པ་ ཉེ་སྦྱོར། ཁྱོད་འདུལ་བ་འཛིན་པའི་མཆོག་ན། འཇིག་རྟེན་ན་འདུལ་བ་འཛིན་པ་གང༌། ཇི་ལྟར་ན་འདུལ་བ་བཅའ་བ་ལ་མཁས་པ་ཡིན། མྱུར་དུ་སྨྲོས་ཏེ་ངའི་ཐེ་ཚོམ་ཆོད་ཅིག། དེ་ནས་གནས་ བརྟན་ཉེ་སྦྱོར་གྱིས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །སྡིག་པ་ཐམས་ཅད་མི་བྱ་སྟེ། །དགེ་བ་རྣམས་ནི་རྫོགས་པར་བྱ། །རང་གི་སེམས་ཀྱང་ཡོངས་སུ་གདུལ། །དེ་ནི་སངས་ རྒྱས་རྣམས་ཀྱི་ཡང༌། །འདུལ་བ་བསྡུས་པའི་སྙིང་པོའོ། །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་ཉེ་སྦྱོར་ལ་སླར་འདི་སྐད་ཅེས་སྨྲས་སོ། །སྐྱོན་ཆགས་པ་ཡ་མཚན་ཅན་རྣམས་ཀྱི་ ནོར་དང༌། ཆོས་གོས་ལ་སོགས་པ་དང༌། གླེགས་བམ་དང༌། ལྷུང་བཟེད་དང༌། ཆུ་ཚགས་དང༌། སྐ་རགས་དང༌། ཁབ་རྣམས་ཐམས་ཅད་དུ་ཐམས་ཅད་དགག་ཅིང་བླང་བར་བྱ་སྟེ། མི་བགྲུངས་པ་ཚར་བཅད་ཅིང་ནན་ཏུར་བྱ་བ་ཡིན་ནོ། །དེ་ཐམས་ཅད་ནི་ཚུལ་ཁྲིམས་དང་ལྡན་པའི་ནོར་ཏེ། སྐྱོན་ཆགས་པའི་ཡ་མཚན་ཅན་གྱི་ནོར་མ་ཡིན་ནོ། །དཔེར་ན། རྒྱལ་པོའི་རལ་གྲི་ གདོལ་པའི་ཁྱིམ་ན་འདུག་ན་རལ་གྲི་དེ་མཐུས་ཕྲོགས་ཀྱང་ཉེས་པ་མེད་དེ། དེ་ནི་གདོལ་པའི་ནོར་མ་ཡིན་གྱི་རྒྱལ་པོའི་དཀོར་རོ། །དེ་བཞིན་དུ་དེ་ནི་ཚུལ་ཁྲིམས་དང་ལྡན་པའི་ནོར་ཏེ། བཟུང་ནས་ ནན་གྱིས་ཁྱེར་བ་དེ་ནི། འཇིག་རྟེན་ན་འདུལ་བ་འཛིན་པ་སྟེ། དེ་ལ་ཉེས་བྱས་ཙམ་གྱི་ལྟུང་བའང་མེད་དོ། །ཆོག་དང་མི་ལྡན་པའང་མ་ཡིན་ཏེ། དེ་ནི་དེ་བཞིན་གཤེགས་པའི་བཀའ་རྫོགས་པའོ། ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་དང་མཚུངས་པར་གཟིགས་པའོ། །ཀྱེ་མ་བཙུན་པ་ཉེ་སྦྱོར་ནི་སྦྲང་བུའི་སྤྱད་པ་ལྟ་བུ་སྤྱོད་དེ། འདུལ་བ་བསྡུས་པའི་ སྙིང་པོ་མི་ཤེས་སོ། །སྦྲང་བུའང་བྱ་བ་ཤེས་ཀྱི་སྦྲང་བུ་ལྟ་བུ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས་ སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །ལེགས་སོ། །ལེགས་སོ། །སོར་མོའི་ཕྲེང་བ། ཁྱོད་ཀྱིས་མཐུན་པ་དང༌། རྗེས་སུ་དགོངས་པའི་བསོད་ནམས་བྱས་པ་ངའང་དགའོ། །ད་ནི་ཆོས་ལ་སྟོང་ པ་ཆེན་པོ་ཅིའང་མེད་པ་བསྒོམ་པར་བྱའོ། །དེ་ནས་སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འཇམ་དཔལ། ཁྱོད་སྟོང་པ་ཆེན་པོ་མཐོང་བའི་མཆོག་ན། ༄༅། །འཇིག་རྟེན་ན་སྟོང་པ་མཐོང་བ་གང་ཡིན། སྟོང་པ་སྟོང་པ་ཞེས་བྱ་བའི་དོན་ཅི། ཤེས་པ་ཆེན་པོ་དང་ལྡན་པ་མྱུར་དུ་སྨྲོས་ཏེ་ངའི་ཐེ་ཚོམ་མྱུར་དུ་ཆོད་ཅིག །དེ་ནས་ འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་ཚིགས་སུ་བཅད་པས་སྨྲས་པ། སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་ཉིད་མེད་པའོ། །སངས་རྒྱས་ནམ་ མཁའ་ལྟ་བུ་སྟེ། །ནམ་མཁའ་མཚན་མ་མེད་ལས་སྐྱེས། །སངས་རྒྱས་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་གཟུགས་མེད་གྱུར་པའོ། །ཆོས་རྣམས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་ གཤེགས་པ་ཆོས་ཀྱི་སྐུ། །ཡེ་ཤེས་ནམ་མཁའ་ལྟ་བུ་སྟེ། །དེ་བཞིན་གཤེགས་པ་ཡེ་ཤེས་སྐུ། །གཟུང་དུ་མེད་ཅིང་རེག་ཏུ་མེད། །ཆགས་མེད་ཡེ་ཤེས་དེ་བཞིན་གཤེགས། །ཐར་ པ་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ཐར་པ་སངས་རྒྱས་དེ་བཞིན་གཤེགས། །སྟོང་པ་ཅི་ཡང་མེད་པ་དག །སོར་ཕྲེང་ཁྱོད་ཀྱིས་ག་ལ་ཤེས། །དེ་ནས་ སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །འདི་ལྟ་སྟེ། དཔེར་ན། སྤྲིན་ཆེན་པོ་ལས་ཆར་རབ་ཏུ་བབ་པ་དང༌། སྐྱེས་བུ་བྱིས་པའི་རང་ བཞིན་གྱིས་སེར་བའི་འབྲུ་བླངས་ཏེ། ནོར་བུ་རིན་པོ་ཆེ་བཻ་ཌཱུཪྻར་བསམས་ནས། ཁྱིམ་དུ་ཁྱེར་བ་དང༌། ཧ་ཅང་གྲང་ཆེས་ནས་གཟུང་མ་ནུས་ཏེ་གཏེར་དུ་བྱའོ་སྙམ་ནས། བུམ་པའི་ནང་ དུ་ལེགས་པར་བཅུག་པ་དང༌། སེར་བའི་རིལ་བུ་དེ་ཞུ་བར་མཐོང་ནས། སྟོང་པའོ་སྙམ་སྟེ་ཅང་མི་ཟེར་བར་གྱུར་པ་དེ་བཞིན་དུ་། བཙུན་པ་འཇམ་དཔལ། ཤིན་ཏུ་སྟོང་པ་ཉིད་ལ་བསྒོམས་ ཤིང་སྟོང་པར་རབ་ཏུ་བསམས་པས་ཆོས་ཐམས་ཅད་ཞིག་པར་མི་ཟད་པར་མཐོང་ངོ༌། །ཐར་པ་སྟོང་པ་མ་ཡིན་པ་ལའང་སྟོང་པར་མཐོང་ཞིང་རྟོག་གོ །འདི་ལྟ་སྟེ། དཔེར་ན། སེར་བའི་ རིལ་བུ་ལ་ནོར་བུ་སྙམ་དུ་བསམས་ནས། ནོར་བུའང་སྟོང་པར་སྒོམ་པ་དེ་བཞིན་དུ། ཁྱོད་ཀྱང་སྟོང་པ་མ་ཡིན་པའི་ཆོས་ལ་སྟོང་པར་སེམས་ཏེ། ཆོས་སྟོང་པ་མཐོང་ནས་སྟོང་པ་མ་ཡིན་པའི་ ཆོས་ལའང་སྟོང་པར་འཇིག་པར་བྱེད་དོ། །སྟོང་པའི་ཆོས་ཀྱང་གཞན། སྟོང་པ་མ་ཡིན་པའི་ཆོས་རྣམས་ཀྱང་གཞན་ཏེ། སེར་བའི་རིལ་བུ་ལྟ་བུར་ཉོན་མོངས་པ་བྱེ་བ་ནི་སྟོང་པའོ། །སེར་ བའི་རིལ་བུ་ལྟ་བུར་མི་དགེ་བའི་ཕྱོགས་ཀྱི་ཆོས་རྣམས་ནི་མྱུར་དུ་འཇིག་གོ །ནོར་བུ་བཻ་ཌཱུཪྻ་བཞིན་དུ་སངས་རྒྱས་ནི་རྟག་པ་སྟེ། ཐར་པའི་མཐའང་ནོར་བུ་བཻ་ཌཱུཪྻ་བཞིན་ནོ། །ནམ་མཁའ་ ཡང་སངས་རྒྱས་རྣམས་ཀྱི་གཟུགས་ཡིན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ཀྱི་གཟུགས་མེད་པ་ཡིན་ནོ། །སངས་རྒྱས་ཀྱི་ཐར་པའང་གཟུགས་ཡིན་ཏེ། ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཐར་པ་གཟུགས་མེད་པ་ཡིན་ན། ཇི་ལྟར་ཐར་པའི་མཚན་ཉིད་སྟོང་པ་ཞེས་བྱ། དབྱེ་བ་མེད་པའི་འདུ་ཤེས་སུ་མ་བྱེད་ཅིག །འཇམ་དཔལ། གང་གྲོང་ཁྱེར་བརྩིགས་ ༄༅། །པའི་ཁྱིམ་སྟོང་པ་ན་མི་མེད་པས་སྟོང་ངོ༌། །བུམ་པ་ནི་ཆུ་མེད་པས་སྟོང་ངོ༌། །ཀླུང་ནི་ཆུ་མི་འབབ་པས་སྟོང་ངོ༌། །ཅི་གྲོང་གི་བར་སྐབས་ཁྱིམ་མེད་པ་ལ་སྟོང་པ་སྟོང་པ་ ཞེས་བྱའམ། ཅི་ཁྱིམ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི། མི་མེད་པས་སྟོང་པ་ཞེས་བྱའོ། །ཅི་བུམ་པ་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་ མ་ཡིན་གྱི། ཆུ་མེད་པས་སྟོང་པ་ཞེས་བྱའོ། །ཅི་ཀླུང་ཐམས་ཅད་སྟོང་པ་ཡིན་ནམ། ཐམས་ཅད་སྟོང་པ་མ་ཡིན་གྱི། ཆུ་མི་འབབ་པའི་ཕྱིར་སྟོང་པ་ཞེས་བྱ་སྟེ། དེ་བཞིན་དུ་ཐར་པ་ཐམས་ ཅད་ཀྱིས་སྟོང་པ་མ་ཡིན་གྱི། ཉེས་པ་ཐམས་ཅད་དང་བྲལ་བའི་ཕྱིར་ཐར་པ་སྟོང་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ནི་སྟོང་པ་མ་ཡིན་ཏེ། ཉེས་པ་ཐམས་ཅད་དང་བྲལ་ ཞིང་ཉོན་མོངས་པ་བྱེ་བའི་མི་དང༌། ལྷ་མེད་པའི་ཕྱིར་སྟོང་པ་ཞེས་བྱའོ། །ཁྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུའི་སྤྱད་པ་སྤྱོད་དེ། སྟོང་པ་དང༌། མི་སྟོང་པའི་དོན་དེ་ཁོ་ན་མི་ཤེས་ སོ༑ ༑གཅེར་བུ་པའང་ཐམས་ཅད་སྟོང་པར་སྒོམ་སྟེ། གཅེར་བུ་པའི་སྦྲང་མ་ཁྱོད་ཅང་མ་ཟེར་ཅིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་སླར་ འདི་སྐད་ཅེས་སྨྲས་སོ། །སོར་མོའི་ཕྲེང་བ། ཁྱོད་འབྲོག་དགོན་པ་ན་སྟག་བཞིན་དུ་ཉན་ཐོས་ཐམས་ཅད་གསོད་ན། དེ་བཞིན་དུ་དེ་བཞིན་གཤེགས་པའི་སྲས་རྣམས་ལ་མ་བརྙས་ ཤིག་༑སྦྲང་བུ་ཁྱོད་སུ་ཞིག །དེ་ནས་སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སླར་འདི་སྐད་ཅེས་སྨྲས་སོ། །དཔེར་ན། འབྱམ་པོ་ཡི་དྭགས་ལྟ་བུར་བཀྲེན་པ་དག་ལམ་དུ་ཞུགས་ ན༑ སྟག་གི་དྲི་མནམ་པ་ཙམ་གྱིས་ཀུན་ཏུ་འབྲོས་པ་དེ་བཞིན་དུ་ཉན་ཐོས་རྣམས་ཀྱང་ཐེག་པ་ཆེན་པོ་མི་ཤེས་པས་འབྱམ་པོ་ལྟ་བུར་བྱང་ཆུབ་སེམས་དཔའི་དྲི་མནམ་ན་ཀུན་ཏུ་འབྲོས་སོ། །དཔེར་ ན༑ སེང་གེའི་རྒྱལ་པོས་རི་ཁྲོད་ནས་སེང་གེའི་མཐུ་རྩལ་གྱིས་སྒྲ་བསྒྲགས་ན། སེང་གེའི་སྒྲ་ཐོས་པས་རི་དྭགས་དང༌། ཝ་ལ་སོགས་པ་ཐམས་ཅད་མི་འཚོ་ཞིང་འཆི་བར་འགྱུར་བ་དེ་བཞིན་དུ། བྱང་ ཆུབ་སེམས་དཔའ་སེང་གེའི་སྒྲ་བསྒྲགས་ཏེ། སེང་གེའི་མཐུ་རྩལ་གྱིས་རྣམ་པར་གནོན་པ་ན། བྱང་ཆུབ་སེམས་དཔའི་སྒྲ་ཐོས་ན། ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལྡེམ་པོ་ ངག་ལ་ཀུན་ཏུ་རྨོངས་སོ། །ངས་ཀྱང་རེ་ཞིག་ཝའི་སྒྲ་ཕྱུང་ནའང་ཉན་ཐོས་ཐམས་ཅད་ལན་ལྡོན་མི་ནུས་ན། གལ་ཏེ་སེང་གེའི་སྒྲ་ཕྱུང་ན་ཉན་ཐོས་རྣམས་ཇི་ལྟར་འགྱུར། དེ་ནས་འཇམ་ དཔལ་གཞོན་ནུར་གྱུར་པས་སོར་མོའི་ཕྲེང་བ་ལ་སླར་འདི་སྐད་ཅེས་སྨྲས་སོ། །སྦྲང་བུ་ལྟ་བུ་ཁྱོད་སུ་ཞིག །སོར་མོའི་ཕྲེང་བས་ཤིན་ཏུ་གཏུམ་པའི་ལས་བྱས་སོ། །ཁྱོད་ལྟ་བུའང་ བྱང་ཆུབ་སེམས་དཔའ་ཡིན་དུ་ཟིན་ན། བདུད་སྡིག་ཅན་དག་ཅི་འདྲ། ཀྱེ་མ་འཇིག་རྟེན་རྣམས་ནི་བདག་ཉིད་མི་ཤེས་ཏེ། བདག་གི་ཉེས་པ་མི་མཐོང་གི །གཞན་གྱི་ཉེས་པ་མཐོང་ངོ༌། ༄༅། །སོར་མོའི་ཕྲེང་བ། སྡིག་པ་ཇི་སྙེད་ཅིག་བྱས། དེ་ནས་སོར་མོའི་ཕྲེང་བས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་མ་འཇིག་རྟེན་ན་ དམ་པའི་ཆོས་འཇིག་པའི་སྐྱེས་བུ་གཉིས་ཡོད་དེ། གང་ཤིན་ཏུ་སྟོང་པ་ཉིད་དུ་ལྟ་བ་དང༌། གང་འཇིག་རྟེན་ན་བདག་ཏུ་སྨྲ་བ་འདི་གཉིས་ནི་དམ་པའི་ཆོས་འཇིག་པ་དང༌། དམ་པའི་ ཆོས་ཁས་འབུབ་པའོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྡིག་པ་དང༌། མི་སྡིག་པ་མི་ཤེས་སོ། །ཀྱེ་མ་བྱང་ཆུབ་སེམས་དཔའི་སྤྱོད་པའང་མི་ཤེས་སོ། །ཀྱེ་མ་བྱང་ཆུབ་སེམས་དཔའ་ སྟག་རྣམས་འཇིགས་པ་མེད་པའོ་སྙམ་དུ་སེམས་ན། ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྦྲང་བུ་དང༌། སེང་གེའི་བྱེ་བྲག་ཀྱང་མི་ཤེས་སོ། །བཙུན་པ་འཇམ་དཔལ། དེ་བཞིན་གཤེགས་ པས་བསྔགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ཉོན་ཅིག །དཔེར་ན། སྒྱུ་མའི་རྒྱལ་པོས་སྒྱུ་མ་ལ་འདུས་པའི་དཔུང་དུ་ཇི་ལྟར་གཅོད་པ་དང༌། གཏུབ་པ་སྟོན་ཏེ་སྒྱུ་མ་བྱེད་པས་བཟའ་ བ་དང༌། རྙིས་པའང་སྟོན། སྒྱུ་མ་བྱེད་པ་རྣམ་པ་མང་པོ་སྒྱུ་མའི་མཆོག་སྒྱུ་མ་བྱེད་པའི་སྒྱུ་མ་ཇི་ལྟ་བ་དེ་བཞིན་དུ། སངས་རྒྱས་རྣམས་ཀྱི་བསྟན་པའང་དེ་བཞིན་ཏེ། བྱང་ཆུབ་སེམས་ དཔའ་སྟག་རྣམས་ཀྱང་བདག་ཉིད་སྐྱེ་བ་དང༌། ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྒྱུ་མ་རྣམ་པ་མང་པོ་སྟོན་ཏོ། །ནད་ཀྱི་བསྐལ་པ་བར་མ་ལ་བདག་ལ་ནད་མེད་དོ་ཞེས་སེམས་ ཅན་རྣམས་ན་བའི་ཕྱིར་ཟས་ཀྱི་མཆོག་ཏུ་འགྱུར་རོ། །མེའི་བསྐལ་པ་བར་མ་ལས་རྣམས་སྲེག་ཅིང་རྟག་པར་འདུ་ཤེས་པའི་སེམས་ཅན་རྣམས་ལ་མི་རྟག་པར་སྟོན་ཏོ། །མཚོན་གྱི་ བསྐལ་པ་བར་མ་ལ་སེམས་ཅན་རྣམས་ཀྱི་ཕྱིར་བདག་གིས་བསྟན་ཏོ་སྙམ་སྟེ། ཐམས་ཅད་མཚོན་དང༌། ལྕགས་སུ་བྱས་ནས། སངས་རྒྱས་ཀྱིས་ཕན་ཚུན་དུ་གསོད་པ་བསྟན་ཀྱང་ སེམས་ཅན་གཅིག་ལའང་གནོད་པར་མི་འགྱུར་ཏེ། དེ་དག་ནི་སྒྱུ་མ་སྤྲུལ་པ་བཞིན་ནོ། །སངས་རྒྱས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱང་ཡུངས་ འབྲུའི་སྦུ་གུར་འཇུག་སྟེ། སེམས་ཅན་གང་ལའང་གནོད་པར་མི་འགྱུར་རོ། །ཡང་དེ་ནས་ཕྱུང་སྟེ། གནས་ཇི་ལྟ་བ་བཞིན་དུ་འཇོག་པར་ཡང་སྟོན་ཏོ། །རྒྱ་མཚོའི་ཆུ་དང༌། ཆུའི་ཕུང་པོ་ དང༑ རིའི་ཕུང་པོ་དང༌། རི་རབ་ལ་སོགས་པ་སངས་རྒྱས་ཀྱི་སྤུའི་ཁུང་བུ་གཅིག་ཏུ་འཇུག་ཀྱང་སེམས་ཅན་གཅིག་ལའང་གཙེས་པར་མི་འགྱུར་ཞིང་ཕྱིས་སོ་སོའི་ཕྱོགས་སུ་འགོད་དོ། ། རྐང་པའི་མཐེ་བོས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཡོ་བར་བྱས་ཀྱང་སེམས་ཅན་གཅིག་ལའང་གཙེ་བ་བྱས་པར་མི་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཀྱི་མཛད་ པའོ༑ ༑རྣམ་པ་གང་དང༌། གང་གིས་སེམས་ཅན་ལ་ཕན་པར་འགྱུར་བ་བྲན་དང༌། སློབ་མར་ཡང་འགྱུར་རོ། །དེ་བཞིན་དུ་གྲོང་མི་དང༌། དེད་དཔོན་དང༌། མདུན་ན་འདོན་དུའང་འགྱུར་རོ། །རྒྱལ་ ༄༅། །པོ་དང༌། བློན་པོ་དང༌། གཞོན་ནུ་དང༌། གྲོང་དཔོན་དང༌། ཚོགས་ཐམས་ཅད་ཀྱི་ནང་དུའང་སེམས་ཅན་རྣམས་ལ་ཕན་པར་བྱ་བའི་ཕྱིར། བདག་ཉིད་འདུམ་ པར་སྦྱར་བ་དང་མཐུན་པར་བྱེད་དོ། །ལྷ་ཐམས་ཅད་དུའང་འགྱུར་ཏེ། དེ་དག་གི་ལྟ་བ་བཟློག་པའི་ཕྱིར་ཐམས་ཅད་དུ་སྐྱེ་བ་སྟོན་པས། དེའི་ཕྱིར་སྐྱེས་པའི་རབས་ཞེས་བྱའོ། །སྒྱུ་མ་ བྱེད་པའི་སྒྱུ་མ་མཐོང་ན། ཀྱེ་མ་སྒྱུ་མ་བྱེད་པ་འདི་སྡིག་པ་སྟེ། གཅད་པ་དང༌། གཏུབ་པ་བྱེད་ཅིང་གཞན་ལ་གསོད་དོ་ཞེས་ཚོགས་ཐམས་ཅད་ལ་མི་བརྗོད་པ་དེ་བཞིན་དུ་སངས་ རྒྱས་ཀྱང་འཇིག་རྟེན་ན་སྒྱུ་མ་བྱེད་པའི་རང་བཞིན་ཡིན་པར་བལྟ་སྟེ། དེ་བཞིན་དུ་ངས་སེམས་ཅན་རྣམས་བསད་པའང་ཤེས་པར་བྱའོ། །སྒྱུ་མ་བྱེད་པས་སྒྱུ་མ་བྱེད་པའི་སྐྱེས་བུ་ཇི་ ལྟ་བ་དེ་བཞིན་དུ་སྒྱུ་མ་སྤྲུལ་པ་ཉིས་སྟོང་དུ་གཅིག་མ་ཚང་བའང་དེ་ལྟ་བུས་འདུལ་བའི་དབང་གིས་སྒྱུ་མ་སྤྲུལ་ཏོ། །འཇམ་དཔལ། ཇི་ལྟར་མཚོན་གྱི་བསྐལ་པ་བར་མ་ལ་ངས་ ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པའི་སྒྱུ་མ་འདི་དག་སྤྲུལ་ཏོ། །ཀྱེ་མ་བཙུན་པ་འཇམ་དཔལ་ནི་སྤྲང་བུ་ལྟ་བུའི་སྤྱད་པ་སྤྱོད་དེ། མིའི་གླང་པོ་ཆེ་ཤེས་ཀྱང་མི་འདོད་དོ། །ཤེས་ཀྱང་ མི་འདོད་པ་དེ་ནི་སྦྲང་བུ་ལྟ་བུ་སྟེ་སྨད་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་ བཀའ་སྩལ་ཏོ། །འཇམ་དཔལ། སོར་མོའི་ཕྲེང་བ་ཇི་སྐད་ཟེར་བ་དེ་བཞིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་དེ་ལྟའོ། །འཇམ་དཔལ། སོར་མོའི་ཕྲེང་བ་འདི་ནི་ཐ་མལ་པ་མ་ཡིན་ ཏེ༑ དེ་ལྟ་བུས་འདུལ་བའི་དབང་གིས་བྱང་ཆུབ་སེམས་དཔའ་མིའི་གླང་པོ་ཆེས་བདག་ཉིད་དེ་ལྟར་སྤྲུལ་ཏོ། །འཇམ་དཔལ། ཡུད་ཙམ་ཞིག་སྡོད་ཅིག་དང༌། སོར་མོའི་ཕྲེང་བའང་ ཁྱོད་དང་འདྲ་སྟེ། སོར་མོའི་ཕྲེང་བའི་བདག་ཉིད་ཆེན་པོ་ཤིན་ཏུ་རྒྱས་པར་བསྟན་གྱི། དེའི་གཏམ་བརྗོད་པ་ལས་སོར་མོའི་ཕྲེང་བའི་ཆེ་བ་ཤེས་པར་གྱིས་ཤིག །དེ་ནས་བཅོམ་ལྡན་ འདས་ཀྱིས་སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །མིའི་གླང་པོ་ཆེ། སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་དུ་བརྩོན་འགྲུས་བསྟན་པ་ལེགས་སོ། །ལེགས་སོ། །བདག་ ཉིད་མྱུར་དུ་དགྲ་བཅོམ་པ་ཐོབ་པར་གྱིས་ཤིག་དང༌། དེའི་ཡོན་ཏན་འདི་འདྲའོ། །དེའི་ལས་འདི་འདྲའོ། །བརྩོན་འགྲུས་འདི་འདྲའོ་ཞེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་ཕྱིར་བརྗོད་པར་བྱའོ།། །།བམ་པོ་བཞི་པ། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རདྭ་ཏིའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། ཐུགས་བརྩེ་བའི་སླད་དུ་དགྲ་བཅོམ་པ་རང་གི་ལུས་འདི་ཉིད་ཀྱིས་ཐོབ་པར་འཚལ་བའི་ཡོན་ཏན་འདི་འདྲ། ལས་འདི་འདྲ། བརྩོན་འགྲུས་ ༄༅། །འདི་འདྲའོ་ཞེས་སེམས་ཅན་ཐམས་ཅད་ལ་ཕན་པ་དང༌། བདེ་བའི་སླད་དུ་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་པ་མ་ཕྲད་དེ། དུས་སུ་མའི་རུམ་དུ་བུ་ཆགས་མ་ཐག་ཏུ་ཕ་མ་དག་དགའ་བར་འགྱུར་རོ། །བདག་གིས་མྱོང་བའི་ཡོན་ཏན་གྱིས་ཐོབ་པས་བརྩོན་འགྲུས་དང༌། གཟི་བརྗིད་གཞན་དུ་འགྱུར་རོ། །འཇིག་ རྟེན་ཀྱང་འབྱོར་པ་དང༌། མོད་པར་འགྱུར། འཇིག་རྟེན་ཁྲག་ཁྲུག་མེད་པར་འགྱུར། རྒྱལ་པོའང་ཤིན་ཏུ་བདེ་བར་འགྱུར། མས་བསོད་ནམས་དམ་པའི་རྨི་ལམ་ཡང་རྙེད་དེ། ནམ་ ཁྱེའུ་བཙས་པ་དེའི་ཚེ། རིགས་འཕེལ་བར་འགྱུར་རོ་ཞེས་མི་མཛའ་བ་རྣམས་ཀྱང་ཤིན་ཏུ་བྱམས་པར་གྱུར་ཏོ། །ནམ་ཁྱེའུ་དེ་ལོ་བདུན་ནམ། བརྒྱད་དམ། དགུ་ལོན་ནས། ཡི་ གེའི་གྲར་ཞུགས་པའི་ཚེ་ཁྱིམ་ན་འཐབ་པ་དང༌། རྩོད་པ་མི་འབྱུང༌། བྲན་ཕོ་དང༌། བྲན་མོ་རྣམས་ཀྱང་དགའ་མགུ་རངས་པར་གྱུར་ནས། ཡང་དག་པའི་ལས་ཀྱིས་ཁྱིམ་དུ་འཕེལ་ བར་བྱེད་དོ། །ནམ་ཁྱེའུ་དེ་ལོ་ཉི་ཤུ་ལོན་པ་དེའི་ཚེ་ཁྱིམ་དེའི་བ་ལང་དང༌། མ་ཧེ་དང༌། ལུག་ལ་སོགས་པ་རྐང་པ་བཞི་པ་རྣམས་ཀྱང་འཐབ་པ་མེད་དེ། ཕ་མ་ལྟ་བུར་སྡུག་ པར་འགྱུར་རོ། །བའང་ཞོ་བདམ་མོ། །ཁྱེའུ་དེ་ལ་འདོད་ཆགས་དང༌། ཕྲག་དོག་དང༌། འཚིག་པ་དང༌། གཡོ་དང༌། སྒྱུ་དང༌། རྫུན་སྨྲ་བ་དང༌། ཚིག་རྩུབ་པོ་དང༌། བྱིས་པའི་ཚུལ་ དང༑ ཆོ་ག་མ་ཡིན་པ་མེད་ཅིང་མི་དགེ་བའི་ཕྱོགས་ཀྱི་བྱ་བ་ཐམས་ཅད་མི་འབྱུང་སྟེ། ཕ་མ་ལ་མཆོད་པ་དང༌། སློབ་དཔོན་དང༌། མཁན་པོ་ལ་མཆོད་པའི་སེམས་སྐྱེའོ། །རྒན་རབས་ མཐོང་ན་ལག་པ་ཐལ་མོ་སྦྱར་རོ། །བར་མ་མཐོང་ན་པང་གིས་འཁྱུད་དེ་དམ་དུ་འཇུའོ། །ཁྱེའུ་དང༌། བུ་མོ་བདག་དང་འདྲ་བ་དང་ལྷན་ཅིག་ཏུ་བུས་པའི་རྩེད་མོ་རྩེན་སྦྱིན་པ་དང༌། རི་མོར་ བྱ་བ་དང༌། གཏོང་བ་སེམས་སོ། །ཕོངས་པ་ལ་བུ་བཞིན་བྱེད་དོ། །བྱ་བ་ཀུན་ལ་ངོ་ཚ་ཤེས་ཏེ། འཇིགས་ཤིང་སྐྲག་པ་ཡིན། དམ་པའི་ཆོས་ཀྱི་བྱ་བ་ལ་མོས་ཀྱི། གར་དང༌། སྒྱུ་མ་བྱེད་ པ་ལ་མོས་པ་མ་ཡིན། གཉིད་དང༌། སྙོམ་ལས་བྱེད་པ་མ་ཡིན། སངས་རྒྱས་མཐོང་བར་འདོད་ཅིང་རྟག་ཏུ་གླེགས་བམ་ཀློག །བསླབ་པ་ལ་སོགས་པ་བཟོ་རྣམ་པ་མང་པོ་ལ་དགའ་ཡི། རྒྱན་པོ་དང༌། རྩེད་མོ་དང༌། ཆང་འཐུང་བ་ལ་དགའ་བ་མ་ཡིན། ལྷ་ལས་ལྷུར་བྱེད་པའི་སྐྱེ་བོ་དགེ་བ་རྣམས་ཀྱིས་བཀུར་བ། མིག་གཉིད་ཐུལ་བ། ཟས་མང་དུ་མི་ཟ། གཙང་སྦྲ་ ཆུང་བ་མ་ཡིན། ཕྱི་རོལ་གྱི་འགྲོ་བ་ཐམས་ཅད་ཀྱང་དགའ་བ། ཆོས་ཀྱི་བྱ་བ་ལ་སྙིང་སྟོབས་ཆེ་ཞིང་བློ་གྲོས་ཆེ་བ་ལ་སོགས་པ་དེ་ལྟ་བུའི་ཡོན་ཏན་ཤིན་ཏུ་མང་བས་རང་གི་ལུས་དེ་ཉིད་ ཀྱིས་དགྲ་བཅོམ་པ་ཐོབ་པར་འགྱུར་ཏེ། ཡོན་ཏན་དེ་འདྲ། ལས་དེ་འདྲ། བརྩོན་འགྲུས་ཀྱི་རྣམ་པ་དེ་འདྲ་སྟེ། ཤཱ་རིའི་བུ། སོར་མོའི་ཕྲེང་བའང་མྱུར་དུ་དགྲ་བཅོམ་པ་ཐོབ་པར་ ༄༅། །འགྱུར་བས། སོར་མོའི་ཕྲེང་བ་ལ་སྡིག་པར་ག་ལ་འགྱུར། ཤཱ་རདྭ་ཏིའི་བུ། སོར་མོའི་ཕྲེང་བ་ལ་ངོ་མཚར་དང༌། ཡོན་ཏན་གཞན་ཡང་ཡོད་དེ། འཇམ་ དཔལ་ཇི་ལྟ་བ་དེ་བཞིན་དུ་སོར་མོའི་ཕྲེང་བ་བྱང་ཆུབ་སེམས་དཔའ་མིའི་གླང་པོའང་དེ་བཞིན་ནོ། །སོར་མོའི་ཕྲེང་བ་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་བལྟའོ། ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སོར་མོའི་ཕྲེང་བ་ནི། བདག་གྲོལ་ནས་འཇིག་རྟེན་ཐམས་ཅད་དགྲོལ་ལོ། །བརྒལ་ནས་བསྒྲལ་བར་བྱའོ་ཞེས་བདག་དང༌། འཇིག་ རྟེན་གྱི་ཕྱིར་སྐྱེས་བུ་འདི་རྟག་ཏུ་སྨོན་ལམ་འདེབས་ཏེ། འཇིག་རྟེན་ཐམས་ཅད་ལ་ཕན་ཞིང་སྙིང་བརྩེ་བ་སྡིག་པ་བྱེད་པ་དེ་ནི་གནས་མེད་དོ། །དེ་ལྟ་བུའི་སེམས་ཅན་དག་གི་ཕྱིར་ བྱང་ཆུབ་སེམས་དཔའ་མིའི་གླང་པོ་ཆེ་རྣམས་ནི་ཉི་མ་དང༌། ཟླ་བ་དང༌། ཚངས་པ་ལྟ་བུ་དང༌། སྐྱེ་དགུའི་བདག་པོར་འགྱུར་རོ། །ས་དང༌། རླུང་དང༌། ནམ་མཁའ་དང༌། ཆུ་དང༌། མེ་ལྔ་པ་དང༌། དེ་ལྟ་བུ་རྣམ་པ་མང་པོར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མཽངྒལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སོར་མོའི་ ཕྲེང་བ་ནི་གང་ཟག་ཡ་རབས་ལགས་ཏེ། བཅོམ་ལྡན་འདས་མཐོང་མ་ཐག་ཏུ་བདག་ཉིད་སྲིད་པ་ཐམས་ཅད་ལས་ངེས་པར་བརྒལ་ཏོ། །དེ་ནས་སོར་མོའི་ཕྲེང་བས། གནས་བརྟན་ མཽངྒལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །བཙུན་པ་མཽངྒལ་གྱི་བུ་ཆེན་པོས་དེ་བཞིན་གཤེགས་པ་མ་རྙེད་ན། འཇིག་རྟེན་ན་ཆོས་ལ་བདག་པོ་བྱེད་པའི་སེམས་ཅན་སུ་དག་ ཡོད༑ སྨྲས་པ། རིགས་ཀྱི་བུ། ཆོས་མངོན་པའི་ལུང་ལས་བཅོམ་ལྡན་འདས་ཀྱིས་རབ་ཏུ་བསྟན་ཏེ། དགེ་སློང་རྣམས་ན་བ་དང༌། ན་བ་ལྟ་བུ་གསུམ་སྟེ། ན་བ་གསུམ་གང་ཞེ་ན། ལོག་པར་ངེས་པ་ཞེས་བྱ་བ་དང༌། ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་དང༌། མ་ངེས་པའི་གང་ཟག་ཅེས་བསྟན་ཏོ། །དེ་ལ་ལོག་པར་ངེས་པ་གང་ཞེ་ན། ལོག་པར་ངེས་པ་ཞེས་བྱ་བ་ ནི༑ སྐྱེས་བུ་གང་དེ་བཞིན་གཤེགས་པས་ཀྱང་གདུལ་མི་ནུས་པའོ། །ཡང་དག་པ་ཉིད་དུ་ངེས་པ་ཞེས་བྱ་བ་ནི། དཔེར་ན། བཙུན་པ་འཇམ་དཔལ་དང༌། འོད་སྲུང་ཆེན་པོ་ལྟ་བུ་དེ་བཞིན་ གཤེགས་པ་མ་བྱུང་བཞིན་དུ་དེ་བཞིན་གཤེགས་པའི་ཕྱིར་དེ་ཁོ་ནའི་ཆོས་ལ་རབ་ཏུ་ཞུགས་པའོ། །སྨྲས་པ། བཙུན་པ་མཽངྒལ་གྱི་བུ་ཆེན་པོ། དེ་ལྟར་དེ་བཞིན་གཤེགས་པ་མ་སྐྱེས་ པར་བཙུན་པ་གནས་བརྟན་འོད་སྲུང་ཆེན་པོ་བདག་ཉིད་དེ་ཁོ་ནའི་ཆོས་ལ་རབ་ཏུ་ཞུགས་སོ་ཞེས་མ་ཟེར་ཅིག །ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་ནི་རྟག་པ་སྟེ། གང་ཆོས་ལ་ གནས་པ་དེ་དག་གི་ཁྱིམ་ན་དེ་བཞིན་གཤེགས་པ་དེ་བཞུགས་སོ། །དཔེར་ན། འབབ་ཆུ་ཐམས་ཅད་ནི་ཆར་ལས་བྱུང་སྟེ། ཆར་མེད་ཀྱང་གལ་ཏེ་ཆུ་འབབ་པ་དེ་ལ་མཁས་པས་འདི་ ༄༅། །ལྟར་བསམ་མོ། །ཆར་མེད་པར་ཆུ་འབབ་པ་དེ་ནི་གནས་མེད་ཀྱི་གཞན་དུ་ཆར་འབབ་པར་རིག་པར་བྱ་སྟེ། དེ་ལས་འབབ་ཆུ་འབབ་པར་རིག་པར་བྱའོ། ། དེ་བཞིན་དུ་མཽངྒལ་གྱི་བུ། འཇིག་རྟེན་གྱི་དང༌། འཇིག་རྟེན་ལས་འདས་པའི་མཆོག་གི་ཆོས་ཐམས་ཅད་ཀྱང་སངས་རྒྱས་ལས་འབབ་སྟེ། དེ་བས་ན་བཙུན་པ་འོད་སྲུང་ཆེན་པོའང་ དེ་བཞིན་གཤེགས་པའི་ཞབས་ཀྱི་དྲུང་དུ་རབ་ཏུ་བྱུང་བར་རིག་པར་བྱའོ། །ཇི་ལྟར་སྐྱེ་བོ་ཐམས་ཅད་ཀྱིས་སྒྱུ་མ་མི་མཐོང་ཞེ་ན། བཙུན་པ་བཅོམ་ལྡན་འདས་ཉག་གཅིག་གིས་མཁྱེན་ པ་མ་ཡིན་གྱི། གཞན་དུ་ཆར་བབ་པ་བཞིན་ཏེ། དེའི་ཕྱིར་སངས་རྒྱས་མེད་པའི་དུས་ཀྱི་སེམས་ཅན་རྣམས་ཀྱང་བདག་ཉིད་ངེས་པར་མི་སྒྲོལ་གྱི་རྟག་ཏུ་སངས་རྒྱས་ཀྱི་མངོན་སུམ་དུ་ ངེས་པར་སྒྲོལ་བར་རིག་པར་བྱའོ། །གཞན་ཡང༌། བཙུན་པ། སྐྱེས་བུ་ལ་ལ་ཞིག་ཟླ་བ་དང༌། ཉི་མ་མཐོང་ནས་ཁྱིམ་གྱི་ནང་དུ་ཞུགས་ནས་དེ་ཉིད་ཀྱིས་མི་མཐོང་ངོ་སྙམ་དུ་སེམས་ན། ཅི་ཟླ་བ་དང་ཉི་མས་མི་མཐོང་ངམ། མཐོང་མོད་ཀྱི་མི་མི་མཁས་པ་ཁྱིམ་གྱི་ནང་དུ་ཞུགས་མ་ཐག་ཏུ་ཟླ་བ་དང༌། ཉི་མས་མི་མཐོང་ངོ་སྙམ་དུ་སེམས་ཏེ། དེ་བཞིན་དུ་བཙུན་པ་མཽངྒལ་ གྱི་བུའང་མི་མཁས་པ་བཞིན་མ་ཟེར་ཅིག །དེ་བཞིན་གཤེགས་པ་ནི་རྟག་ཏུ་སེམས་ཅན་རྣམས་ངེས་པར་སྒྲོལ་ཏེ། རྟག་ཏུ་སེམས་ཅན་རྣམས་རབ་ཏུ་འབྱུང་བ་དང༌། བསྙེན་པར་རྫོགས་ པར་འཛིན་དུ་འཇུག་གོ །དེའི་ཕྱིར་གང་ཟག་ལོག་པར་ངེས་པ་དང༌། ཡང་དག་པ་ཉིད་དུ་ངེས་པ་སྟེ། མ་ངེས་པ་ཞེས་བྱ་བ་གསུམ་པ་མེད་དོ། །སྨྲས་པ། འཇིག་རྟེན་པ་ལའང་ཚུལ་ཁྲིམས་ ལྔ་ཡོད་དོ། །སངས་རྒྱས་འབྱུང་བའི་དུས་ནའང་ཡོད་དོ། །སྨྲས་པ། བཙུན་པ་མཽངྒལ་གྱི་བུ། དེ་སྐད་མ་ཟེར་ཅིག །ཇི་ཙམ་ཆོས་དང་མཐུན་པའི་ཚུལ་ཁྲིམས་དང༌། ཆོ་ག་དང༌། ཡོན་ཏན་ འཇིག་རྟེན་ན་འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དག་ཡོད་པ་དེ་དག་ཐམས་ཅད་དུ་ཐམས་ཅད་སངས་རྒྱས་ཀྱི་ཚིག་ཏུ་རིག་པར་བྱའོ། །སྨྲས་པ། ནད་པ་ལྟ་བུའི་ གཏམ་རྣམ་པ་གསུམ་སྟེ། ནད་པ་ཁ་ཅིག་སྨན་པ་རྙེད་ཀྱང་འཚོ་བ་ཡོད་དོ། །ནད་པ་ཁ་ཅིག་སྨན་པ་མ་རྙེད་ཀྱང་འཚོ་བ་ཡོད་དོ། །ནད་པ་ཁ་ཅིག་སྨན་པ་རྙེད་ཀྱང་མི་འཚོ་བ་ཡོད་དོ། །སྨྲས་པ། ན་བ་གསུམ་དུ་མེད་དེ། ན་བ་ཁ་ཅིག་སྨན་པ་མ་རྙེད་ཀྱང་འཚོའོ། །ན་བ་ཁ་ཅིག་ནི་སྨན་པ་རྙེད་ཀྱང་མི་འཚོ་སྟེ། གསོར་རུང་བ་དང༌། གསོར་མི་རུང་བ་དང་རྣམ་པ་གཉིས་སོ། ། སྨྲས་པ། གསུམ་མ་ཡིན་ཏེ། ནད་པ་ཁ་ཅིག་ནི་སྨན་པ་མ་རྙེད་ཀྱང་འཚོ་བ་ཡོད་དོ། །ནད་པ་ཁ་ཅིག་ནི་སྨན་པ་དང༌། ནད་གཡོག་རྙེད་ཀྱང་མི་འཚོ་བ་ཡོད་དེ། གལ་ཏེ་སྨན་མེད་ན་སྨན་ པས་ཀྱང་ཅི་ཞིག་བྱ། ནད་པ་གང་སྨན་པ་མ་རྙེད་ཀྱང་འཚོ་བ་དེ་སྨན་པ་རྙེད་ན་ཇི་ལྟར་འཚོ་བར་མི་འགྱུར་ཏེ། རྒྱུ་གཅིག་གིས་སྨན་པ་བྱ་བ་ཤེས་པ་མ་ཡིན་གྱི། ཟས་མི་བཟའ་བའི་ཆོ་ག་ ༄༅། །དང༑ བཏང་བའང་མི་ཤེས་སོ། །གལ་ཏེ་ཐམས་ཅད་མི་ཤེས་ན་དུས་མ་ཡིན་པར་འཆི་བས་ཤི་བར་འགྱུར་རོ། །དེའི་ཕྱིར་ནད་པ་གསོར་རུང་བ་དང༌། གསོར་ མི་རུང་བ་སྟེ། སྨན་པའང་རྙེད། སྨན་དང༌། གཡོག་རྙེད་ཀྱང་གལ་ཏེ་འཆི་ན་ནི་དེ་དོན་མེད་པའི་གནས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་སྨན་དང༌། གཡོག་དང༌། སྨན་པའང་མ་ རྙེད༑ སྨན་པ་རྙེད་ལ་སྨན་མ་རྙེད་པ་སྟེ། དེའི་ཕྱིར་སྨན་པ་དང༌། སྨན་རྙེད་ཀྱང་མི་འཚོ་ན་སྨན་དང༌། སྨན་པའི་བྱེ་བྲག་ཀྱང་མེད་དོ། །ཅིའི་ཕྱིར་ཚེའི་རིག་བྱེད་ལས་ལུས་ལྕི་བ་དང༌། ཡང་བའི་བྱ་བ་ཐམས་ཅད་འབྱུང་བ་སྟེ། དེའི་ཕྱིར་བཙུན་པ་མཽངྒལ་གྱི་བུ་ཆེན་པོ་གསོར་རུང་ཡང་རུང་ལ་མི་རུང་ཡང་མི་རུང་ཞེས་བྱ་བར་རྣམ་པ་གསུམ་དུ་རྟོག་པ་རྣམ་པ་གསུམ་ མེད་དོ། །དེ་ནི་ཉན་ཐོས་ཀྱི་ཤེས་པ་སྟེ་སྦྲང་བུ་ལྟ་བུའི་ཤེས་པའོ་ཞེས་མཁས་པ་རྣམས་འཛེར་ཏོ། །མི་མཁས་པ་རྣམས་ཀྱི་ཕྱིར་རྣམ་པ་གཉིས་སུ་བརྟགས་ཏེ། དེ་ལ་ལོག་པར་ ངེས་པ་ཞེས་བྱ་བ་ནི་འདོད་ཆེན་པའོ། །ཡང་དག་པར་ངེས་པ་ཞེས་བྱ་བ་ནི་ཉན་ཐོས་དང༌། རང་སངས་རྒྱས་སོ། །བཙུན་པ་མཽངྒལ་གྱི་བུ། ངོ་མཚར་རྣམ་པ་གཉིས་ཏེ། རྣམ་པ་ གཉིས་གང་ཞེ་ན། དེ་བཞིན་གཤེགས་པ་དང༌། འདོད་ཆེན་པའོ། །དེ་བཞིན་གཤེགས་པ་ནི་མཆོག་གི་གནས་སུ་ངོ་མཚར་དུ་གྱུར་པ་ཡིན་ཏེ། དེ་བཞིན་གཤེགས་པ་ལས་མཐོ་ བའི་གནས་གཞན་མི་སྣང་སྟེ་ངོ་མཚར་ཏོ། །དམའ་བའི་གནས་སུའང་འདོད་མང་ལས་གཞན་མི་སྣང་ངོ༌། །དཔེར་ན། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཕ་རོལ་ཏུ་ཕྱིན་པ་བཅུ་ ཡོངས་སུ་རྫོགས་པར་བྱེད་ཅིང་འགྲོ་བ་དེ་བཞིན་དུ་འདོད་ཆེན་པའང་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་བྱེད་ཅིང་འགྲོའོ། །དཔེར་ན། དེ་བཞིན་གཤེགས་པའི་ཉན་ཐོས་ རྣམས་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་བདག་གི་བུ་དང༌། མིག་དང༌། ཤ་བྱེ་བའི་ཕུང་པོའི་རི་རབ་བས་ཆེ་བ་དེ་བས་ལྷག་པར་གཏོང་བ་དེ་བཞིན་དུ་འདོད་ཆེན་པའང་འདོད་ཆེན་གྱི་ སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །འདོད་ཆེན་པའང་ནམ་ཡི་དྭགས་ཀྱི་འཇིག་རྟེན་དུ་སོང་བ་དེའི་ཚེ་དེར་གཡེམ་པའི་སེམས་སྐྱེ་སྟེ། དེའི་ཚེ་མྱུར་དུ་ བུད་མེད་མང་པོ་འབྱུང་སྟེ། བུ་མང་པོའང་འབྱུང་སྟེ། སེམས་ཙམ་གྱིས་བདེ་བ་ལྟ་འཐོབ་པར་ག་ལ་འགྱུར། དེ་ནས་མྱུར་དུ་བདག་གི་བུ་བཟའ་བའི་སེམས་སྐྱེས་ནས་ཟའོ། །ཡང་ ལས་ཀྱི་ས་བྲམ་ཟེའི་གཟུགས་སུ་འགྱུར་ཏེ། དེས་སློང་བ་རྣམས་ལའང་བུ་རྣམས་བྱིན་ཏེ། བྱིན་པ་དེ་དག་ཟའོ། །ཡང་བདག་ཉིད་ཀྱང་ཐམས་ཅད་ཟ་སྟེ། དེ་ལྟར་འདོད་ཆེན་པའང་ འདོད་ཆེན་གྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྫོགས་པར་འགྱུར་ཏེ། དེ་བཞིན་དུ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་བྱེད་དོ། །དེའི་ཕྱིར་མཐོན་པོའི་གནས་ཀྱི་མཆོག་ནི་སངས་ ༄༅། །རྒྱས་བཅོམ་ལྡན་འདས་རྣམས་སོ། །དམའ་བའི་གནས་ན་ནི་འདོད་ཆེན་པ་རྣམས་སོ། །བཙུན་པ་མཽངྒལ་གྱི་བུ། དེ་ལྟར་ངོ་མཚར་རྣམ་པ་གཉིས་ ཏེ༑ ལོག་པར་ངེས་པའི་གང་ཟག་ནི་འདོད་ཆེན་ཡིན་པར་སོམས་ཤིག །ཡང་དག་པར་ངེས་པའི་གང་ཟག་ནི་དེ་བཞིན་གཤེགས་པ་དང༌། དེ་བཞིན་གཤེགས་པའི་ཉན་ ཐོས་ཡིན་པར་སོམས་ཤིག །དེ་ནས་བཅོམ་ལྡན་འདས་ཀྱིས་སོར་མོའི་ཕྲེང་བ་ལ་བཀའ་སྩལ་པ། སོར་མོའི་ཕྲེང་བ། ཚུར་ཤོག །མྱུར་དུ་རབ་ཏུ་བྱུང་ལ་སྐྱབས་གསུམ་དུ་ འགྲོ་བ་ཟུངས་ཤིག །དེ་ནས་སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་སླར་གསོལ་པ། ཐེག་པ་འདི་ནི་ཐེག་ཆེན་ཏེ། །ཆགས་མེད་ཡེ་ཤེས་ཞེས་ཀྱང་ བགྱི༑ ༑ཐེག་པ་གཅིག་པུ་སྐྱབས་གཅིག་སྟེ། །དེ་བཞིན་གཤེགས་པ་དོན་དམ་སྐྱབས། །ཆོས་དང་སངས་རྒྱས་དོན་གཅིག་སྟེ། །དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ། །དགེ་ འདུན་དེ་བཞིན་གཤེགས་ཀྱི་མིང༌། །དགེ་འདུན་ཉིད་ནི་དེ་བཞིན་གཤེགས། །ཆོས་དང་དགེ་འདུན་གཉིས་ནི་ཐབས་ཀྱི་སྐྱབས་ལགས་ཏེ། །དེ་བཞིན་གཤེགས་ནི་ཐབས་ མེད་སྐྱབས་དང་དོན་དམ་སྐྱབས། །དེ་བཞིན་གཤེགས་པ་སྐྱབས་མེད་རྣམས་ཀྱི་སྐྱབས་ལགས་ཏེ། །དེ་ཡི་སླད་དུ་དེ་བཞིན་གཤེགས་ལ་སྐྱབས་སུ་མཆི། །ཇི་ལྟར་ཤིང་ ཀུན་ཟ་འདོད་པས་ནི་ཤིང་ཀུན་བཟའ་བྱ་ཞེས། །ཤིང་ཀུན་ཡང་དག་བོར་ནས་ཤིང་ཀུན་བཅོས་མ་ཟ་བ་ནི། །འཇིག་རྟེན་དག་ན་བདག་ལ་མི་ཕན་ནད་ནི་སོས་མི་འགྱུར། །འཇིག་རྟེན་དེ་ འདྲའི་ཕྱུགས་མེད་སྨན་པ་སྟོང་གིས་གསོ་མི་ནུས། །དེ་བཞིན་དུ་ནི་སྐྱབས་གཅིག་ཡོངས་བཏང་སྟེ། །ཐབས་ཀྱིས་སྐྱབས་སུ་གང་དག་འཇུག་པ་ཡང༌། །དེ་ལྟ་བུ་ཡི་སྦྲང་བུ་གཞན་ མེད་དེ། །དེ་ནི་སངས་རྒྱས་སྟོང་གིས་གསོ་མི་ནུས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་བ། ཁྱོད་གཞོན་ནུའི་ཚུལ་ཁྲིམས་སྲུངས་ཤིག །དེ་ནས་སོར་མོའི་ ཕྲེང་བས། བཅོམ་ལྡན་འདས་ལ་སླར་འདི་སྐད་ཅེས་གསོལ་ཏོ། །འཇིག་རྟེན་ན་གཞོན་ནུ་གང་ལགས། བསྙེན་པ་རྫོགས་པ་གང་ལགས། འཇིག་རྟེན་ན་དགེ་སྦྱོང་གསལ་བ་གང་ ལགས། འཇིག་རྟེན་ན་སྦྱིན་གནས་གང་ལགས། དེ་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང༌། སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ ལྡན་འདས། གང་འཇིག་རྟེན་ན་སྐྱབས་གཅིག་པུ་དོན་དམ་པའི་སྐྱབས་སུ་མ་འཚལ་བ་དེ་དག་ཐབས་གཉིས་པོ་ལ་བཀོད་དོ། །དེ་གཉིས་འཇིག་རྟེན་ན་སྐྱབས་ལགས་ཏེ། གཞོན་ནུར་ གྱུར་ནས་བསྙེན་པར་རྫོགས་པ་མི་གསལ་བ་དེ་དགེ་སྦྱང་ལགས་སམ། གང་སྐྱབས་གཅིག་པུ་མ་འཚལ་བ་དེ་དག་སྐྱབས་སྦྱོར་བ་ལྟ་ག་ལ་འགྱུར། གང་བཅོམ་ལྡན་འདས་ལ་དོན་དམ་ ༄༅། །པའི་སྐྱབས་སུ་མ་འཚལ་བ་དེ་དག་ཐོག་མ་ནས་སྐྱབས་སུ་འགྲོ་བའང་མ་སྦྱངས་ན་དགེ་སྦྱོང་དུ་ལྟ་ག་ལ་འགྱུར། དེ་ལྟར་སྐྱབས་སུ་མཆི་བའང་ གསལ་བར་མ་འཚལ་ན། སྦྱིན་གནས་སུ་ལྟ་ག་ལ་འགྱུར། གང་སྐྱབས་དང༌། ཐབས་ཀྱི་སྐྱབས་ཀྱི་བྱེ་བྲག་མ་འཚལ་བ་དེ་ནི་འཇིག་རྟེན་ན་གཞོན་ནུ་མི་མཁས་པའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་བ། ཁྱོད་སྲོག་གཅོད་པ་སྤངས་པའི་ཚུལ་ཁྲིམས་སྲུངས་ཤིག །དེ་ནས་སོར་མོའི་ཕྲེང་བས། བཅོམ་ལྡན་འདས་ལ་འདི་སྐད་ ཅེས་གསོལ་ཏོ། །བདག་ནི་སྲོག་གཅོད་པ་སྤངས་པའི་ཚུལ་ཁྲིམས་མི་འཛིན་གྱི། ཉ་པ་ལྟར་སྲོག་གཅོད་པའི་ཚུལ་ཁྲིམས་འཛིན་ཏོ། །སྲོག་ཅེས་བགྱི་བ་ནི་ཉོན་མོངས་པ་བྱེ་བ་ སྟེ༑ དེ་དག་བཟུང་ནས་གང་གསོད་པ་དེ་ནི་འཇིག་རྟེན་ན་སྲོག་གཅོད་པ་སྤངས་པ་འཛིན་པའོ། །དེའང་བསད་པའམ། ཡང་ན་རྒྱགས་པ་བཅོམ་སྟེ། བདག་གི་སློབ་མར་བགྱིའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་བ། ཁྱོད་རྫུན་སྨྲ་བ་སྤངས་པའི་ཚུལ་ཁྲིམས་ཟུངས་ཤིག །བཅོམ་ལྡན་འདས་ལ་སོར་མོའི་ཕྲེང་བས་སླར་འདི་སྐད་ཅེས་གསོལ་ ཏོ༑ ༑བདག་ནི་རྫུན་སྨྲ་བ་སྤངས་པའི་ཚུལ་ཁྲིམས་མི་འཛིན་ཏོ། །ཆོས་ཐམས་ཅད་ནི་མི་བདེན་པ་སྟེ། བདག་ནི་མི་བདེན་པར་སྨྲ་བའི་ཆོས་སྟོན་ཏོ། །དེ་ནི་སངས་རྒྱས་ཀྱི་ཆོས་ ཉིད་དེ་མི་བདེན་པ་ཞེས་བགྱིའོ། །ཆོས་ཐམས་ཅད་ནི་སྟོང་པ་སྟེ། དགྲ་བཅོམ་པ་ཞེས་བགྱི་བའི་ཆོས་ཐམས་ཅད་ཀྱང་རྫུན་ཞེས་བགྱིའོ། །ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ ཆུབ་སེམས་དཔའི་སྤྱོད་པ་འཇིག་རྟེན་དང་མཐུན་པའི་རྗེས་སུ་འཇུག་པ་རྣམས་ཀྱང་མི་བདེན་པའི་ཆོས་ཞེས་བགྱིའོ། །བདག་འཇིག་རྟེན་དུ་སྐྱེས་ཏེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ ནས༑ བདག་གིས་དགྲ་བཅོམ་པ་ཐོབ་བོ། །གཞན་གྱི་སྦྱིན་པའི་དངོས་པོ་ལ་སྤྱད་དོ། །བདག་འཇིག་རྟེན་ན་འཆག་གོ །བདག་གིས་ནི་རྨ་དགུ་ནས་དེའི་བགྱི་བ་བགྱིའོ། །བདག་ལྷ་མ་ འཚལ་ལོ། །བདག་གིས་སོ་ཤིང་བླང་ངོ༌། །བདག་གིས་མིག་རྩི་བྱུག་གོ །བདག་སྒོམ་མོ། །བདག་གཉིད་གཅག་གོ །བདག་གི་མགོ་བོ་བྲེག་གོ །བདག་མལ་དུ་ཞུགས་ཏེ་ཉལ་ལོ། །རྐེད་ པ་ན་བཞིག་བྱུང་ངོ༌། །བད་ཀ་ན་དང༌། མཁྲིས་པ་དང༌། རླུང་དང༌། འདུས་པ་ཞིག་བྱུང་སྟེ། བདག་གིས་སྨན་བཏུང་ངོ༌། །བདག་ནི་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདའོ་ ཞེས་བྱ་བ་ལ་སོགས་པའི་ཆོས་ཐམས་ཅད་ནི་མི་བདེན་པ་སྟེ། ཇི་ཙམ་དུ་ཐབས་ཀྱིས་བྱ་བ་དང༌། འཇིག་རྟེན་ན་ཐབས་ཀྱིས་བྱ་བ་ལ་བདག་ཡོངས་སུ་སྤྱོད་པའི་བར་དུ་རྫུན་སྨྲ་བའི་ཚུལ་ཁྲིམས་ མི་སྤྱོད་དོ། །དེ་ཁོ་ནའི་ཆོས་བདེན་པའི་ཆོས་རབ་ཏུ་བཤད་ཀྱི་ང་ལས་ཉོན་ཅིག །བཙུན་པ་མཽངྒལ་གྱི་བུ་ཆེན་པོ། གང་དེ་བཞིན་གཤེགས་པའི་སྙིང་པོ་བདེན་པ་ཡང་དག་པ་ཉིད། དོན་དམ་པའི་ ༄༅། །སྐུ༑ རྟག་པའི་སྐུ། དེ་བཞིན་གཤེགས་པའི་བསམ་གྱིས་མི་ཁྱབ་པའི་སྐུ། དོན་དམ་པའི་སྐུ། ཐེར་ཟུག་གི་སྐུ། རྟག་པའི་སྐུ། དོན་དམ་པའི་སྐུ། ཆོས་ཀྱི་སྐུ། ཞི་བའི་སྐུ། དོན་དམ་པའི་སྐུ། ཆོས་ཀྱི་སྐུ། དེ་ཁོ་ན་ལས་སྐྱེས་པའི་སྐུ༑ དེ་ཇི་ལྟར་སྟོན། དེ་བས་ནི་མི་བདེན་པའི་ཆོས་ཀྱིས་འབྱུང་ངོ༌། །བཅོམ་ལྡན་འདས་ཀྱིས་ བསྟན་པ་ཐམས་ཅད་ནི་མི་བདེན་པ་དང་བྲལ་བ་སྟེ། དེ་བས་ན་སངས་རྒྱས་ཞེས་བྱའོ། །དཔེར་ན། བ་ལང་རྫི་དག་བེའུ་ཤི་བའི་པགས་པས་བེའུ་ལྟར་བྱས་ཏེ་བྲིད་ནས། བེའུ་གཞན་ ལེན་དུ་འཇུག་པ་དེ་བཞིན་དུ། འཇིག་རྟེན་གྱི་རྗེས་སུ་འབྲང་ཞིང་སྤྱོད་པ་ན། སངས་རྒྱས་ནི་འོན་པ་ལྟ་བུར་གྱུར་ནས། ཆོས་སྟོན་ཏེ། བ་ལང་རྫི་དང༌། བ་ལྟར་འོན་པ་རྣམས་ཀྱང་ བདག་ཅག་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོན་པའང་འཇིག་རྟེན་དུ་བྱུང་སྟེ། བདག་ཅག་ཀྱང་འོན་པའོ་སྙམ་སྟེ་ཤིན་ཏུ་ དགའོ། །བཅོམ་ལྡན་འདས་ཀྱང་འོན་པ་སྙམ་དུ་སེམས་ཤིང་བདག་ཅག་ཀྱང་འཇིག་རྟེན་གྱི་གཙོ་བོར་འགྱུར་རོ་སྙམ་དུ་སེམས་སོ། །ཆོས་དེ་ཁོ་ནའི་གནས་ལ་དེས་བདག་ཉིད་ བསྐུལ་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་གྱི་ཆོས་ཐམས་ཅད་ཆོས་ལ་འགོད་པ་དེ་བཞིན་གཤེགས་པ་མཛེས་སོ། །གལ་ཏེ་བེའུ་དངོས་པོ་སླར་བསྟན་ན། བཞོར་ཡང་ མི་རུང༌། ལེན་དུའང་མི་རུང་སྟེ། བ་ལང་རྫིས་བེའུ་གསོབ་བསྟན་ཏེ། རྩྭ་སྤར་གང་བྱིན་ནས་མི་བདེན་པའི་ཆོས་ལ་དུལ་བར་བྱེད་དོ། །དེ་བཞིན་དུ་གལ་ཏེ་སངས་རྒྱས་ཀྱི་ངོ་བོ་ཉིད་དོན་དམ་པའི་ སྐུ༑ འཇིག་རྟེན་དུ་བསྟན་དུ་ཟིན་ན། སྐུ་དེ་སུས་མཐོང་བར་ནུས་ཏེ། ཇི་ལྟར་བ་ལ་རྩྭའི་ཆང་པ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་རྗེས་སུ་འབྲང་བར་བྱེད་པས་ཆོས་རྣམས་བདེན་པ་མ་ཡིན་ནོ།། དེ་བས་ན་སངས་རྒྱས་རྣམས་འཇིག་རྟེན་དུ་ཡན་ལག་གང་དང༌། གང་གིས་སེམས་ཅན་རྣམས་ཆོས་ལ་རྩོམ་པར་སེམས་ཅན་མང་པོ་ཡོངས་སུ་སྨིན་པར་མཛད་དེ། དེ་ནི་སངས་རྒྱས་རྣམས་ ཀྱི་ཆོས་ཉིད་དོ། །དེའི་ཕྱིར་བདག་ཀྱང་མི་བདེན་པའི་ཆོས་ལ་སྤྱོད་དེ། ཇི་ཙམ་དུ་སེམས་ཅན་ཐམས་ཅད་མི་བདེན་པ་ཡིན་པ་དེ་ཙམ་དུ་བདག་ཀྱང་རྫུན་སྨྲ་བ་སྤང་བའི་ཆོས་མི་འཛིན་ཏོ།། དེའི་ཚེ་བདག་གི་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་བ། ཁྱོད་ཆང་འཐུང་བ་སྤངས་པའི་ཚུལ་ཁྲིམས་ཟུངས་ ཤིག་༑དེ་ནས་སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་སླར་ཚིགས་སུ་བཅད་པས་གསོལ་པ། ཆང་སྤོང་བ་ཡི་ཚུལ་ཁྲིམས་བདག་མི་འཛིན། །ཆང་ལས་མྱོས་པ་སྐྱེས་པའི་ཚུལ་ ཁྲིམས་འཛིན། །ཆང་འཐུངས་པ་ནི་ང་རྒྱལ་སྐྱེ་བར་བརྗོད། །འགྲོ་འཆག་རྟག་ཏུ་རབ་བདེ་ཆང་ཞེས་བགྱི། །བདེ་གཤེགས་སྙིང་པོ་ཐེག་པ་ཆེ་ལས་སྐྱེས། །ཁུ་བ་འཐུངས་ནས་སྐྱེས་བུ་ ༄༅། །ངོམས་པར་འགྱུར། །དེ་བཞིན་གཤེགས་པ་རྟག་བརྟེན་ཐེར་ཟུག་ཅེས། །རབ་ཏུ་དགའ་ངོམས་ཧ་ཧ་ལེགས་བརྗོད་པ། །ཕུན་སུམ་ཚོགས་པ་དེ་ནི་ བདག་ཐོབ་ཤོག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་པ། ཁྱོད་འཁྲིག་པའི་ཆོས་སྤངས་པའི་ཚུལ་ཁྲིམས་ཟུངས་ཤིག །དེ་ནས་སོར་མོའི་ཕྲེང་བས་ བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་སླར་འདི་སྐད་ཅེས་གསོལ་ཏོ། །བདག་ནི་འཁྲིག་པ་སྤངས་པའི་ཁྲིམས་མི་འཛིན། །རྟག་ཏུ་གཞན་གྱི་བུད་མེད་གཡེམ་ཆགས་ འཛིན། །བ་དན་ལྟ་བུར་སྨད་ཚོད་ཁྱིམ་ན་སྤྱོད། །བུད་མེད་ཀུན་གྱི་དྲུང་དུའང་རབ་ཏུ་ཆགས། །ཏིང་འཛིན་རོ་ནི་བདག་གི་ཆུང་མ་སྟེ། །ཆོས་གཞན་དགའ་བ་གཞན་གྱི་བུད་ མེད་ཆགས། །དཔའ་ཞིང་བདེན་ལ་དགའ་བ་བདག་གི་བུ། །སྙིང་རྗེ་བྱམས་པ་བུ་མོ་མང་པོ་སྟེ། །སྟོང་པ་འདི་ནི་བདག་གི་ཁྱིམ་ལགས་སོ། །མཐའ་ཡས་ཕ་རོལ་ཕྱིན་པ་བདག་ གི་མལ། །ཉོན་མོངས་རྣམས་ནི་བདག་གི་གཡོག་ལགས་ཏེ། །ཟས་ནི་ལྡམ་ངག་གསང་བ་བསྟན་པ་ལགས། །བདག་གི་སྐྱེད་མོས་ཚལ་ནི་གཟུངས་རྣམས་ཏེ། །བྱང་ཆུབ་ཡན་ ལག་མེ་ཏོག་དག་གིས་བརྒྱན། །རྣམ་པར་གྲོལ་བའི་ཡེ་ཤེས་འབྲས་བུ་སྟེ། །བདག་གི་ཆོས་ཀྱི་ཚིག་ནི་སྡོང་པོ་ལགས། །དེ་ལ་སོགས་པ་ཁྱིམ་གནས་རྩེ་དགའ་མཆོག །བྱིས་ པ་རྣམས་ཀྱི་སྤྱོད་ཡུལ་འདི་མ་ལགས། །འདི་ནི་མཁས་པ་རྣམས་ཀྱི་རང་བཞིན་ཆོས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་བ། ཁྱོད་མ་བྱིན་པར་ལེན་པ་སྤངས་ པའི་ཚུལ་ཁྲིམས་ཟུངས་ཤིག །དེ་ནས་སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་པས་སླར་གསོལ་པ། བདག་ནི་མ་བྱིན་ལེན་སྤོང་ཁྲིམས་མི་འཛིན། །གཞན་ ནོར་རྐུ་བའི་ཚུལ་ནི་རྟག་ཏུ་འཛིན། །མ་བྱིན་པ་ནི་བྱང་ཆུབ་ལགས་ཞེས་བགྱི། །དེ་ནི་སུས་ཀྱང་སུ་ལའང་མ་སྩལ་ཏེ། །བྱང་ཆུབ་ཤིང་དྲུང་བཅོམ་ལྡན་བཞུགས་ནས་ཀྱང༌། །ཁྱོད་ཀྱིས་ རྙེད་པ་མེད་ཅིང་བཤིག་པའང་མེད། །དེ་ནི་ཆོས་རྣམས་ཀུན་གྱི་རང་བཞིན་ཏེ། །དེ་ནི་བླ་ན་མེད་པའི་ཆོས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་ བ༑ ཁྱོད་གར་དང༌། རོལ་མོ་སྤངས་པའི་ཚུལ་ཁྲིམས་ཟུངས་ཤིག །དེ་ནས་བཅོམ་ལྡན་འདས་ལ་སོར་མོའི་ཕྲེང་བས་ཚིགས་སུ་བཅད་པས་སླར་འདི་སྐད་ཅེས་གསོལ་ཏོ། །བདག་ ནི་གར་མཁན་བཞིན་དུ་རྟག་ཏུ་གར་བགྱིད་དེ། །དྲི་ཟའི་དབྱངས་སྙན་སྒྲོག་ཅིང་གླུ་བླངས་བྲོ་བརྡུངས་ཏེ། །ལེགས་སོ་ལེགས་སོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན། །ལེགས་བརྗོད་ གར་བགྱིད་དེ་བཞིན་གཤེགས་པའི་སྙིང་པོ་ཐོས། །མེ་སྦྱིན་ལྟ་བུར་སྒྲ་སྙན་ཐེག་ཆེན་མདོ་སྡེ་བཀླག །མིའམ་ཅི་དང་དྲི་ཟའི་རྔ་དང་རྔ་བྲན་དང༌། །སིལ་སྙན་དག་གིས་གླེགས་ ༄༅། །བམ་ལའང་མཆོད་པར་བགྱི། །སེམས་ཅན་གང་རྣམས་དེ་ལྟར་རྟག་ཏུ་མཆོད་བགྱིད་པ། །དེ་དག་འཇིག་རྟེན་དུ་ནི་ཁོ་མོར་མིང་གཅིག་པར། །ཕྱི་ དུས་སངས་རྒྱས་འགྱུར་ཞེས་དེ་བཞིན་གཤེགས་པ་གསུང༌། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་ན་སོར་མོའི་ཕྲེང་བ། ཁྱོད་ཅི་གཅིག་ཅི་ཞེས་སློབས་ཤིག ། སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་སླར་འདི་སྐད་ཅེས་གསོལ་ཏོ། །ཅི་གཅིག་ཅེ་ན། སེམས་ཅན་ཐམས་ཅད་ནི་ཟས་ལ་གནས་སོ་ཞེས་ཉན་ཐོས་ཀྱི་ཐེག་པ་ལས་བྱུང་བའི་ ཚིག་སྟེ། ཐེག་པ་ཆེན་པོ་ལ་དེ་ལྟ་བུའི་རྣམ་པ་མ་མཆིས་སོ། །ཐེག་པ་ཆེན་པོ་པ་རྣམས་ནི་རྟག་ཏུ་མིག་མི་འཛུམས་ཤིང་བརྟན་པའོ། །ཅི་གཅིག་ཅེ་ན། སེམས་ཅན་ཐམས་ཅད་ནི་ དེ་བཞིན་གཤེགས་པའི་སྙིང་པོ་ལ་གནས་པའོ། །ཅི་གཉིས་ཞེ་ན། མིང་དང༌། གཟུགས་ཀྱི་ཚིག་ཉན་ཐོས་ཀྱི་ཐེག་པ་ལས་འབྱུང་བ་སྟེ། ཐེག་པ་ཆེན་པོ་ལ་མ་ལགས་སོ། །མིང་ དང༌། གཟུགས་ནི་དེ་ལྟ་ལགས་ཏེ། མིང་དང༌། གཟུགས་རྣམ་པ་གཞན་མ་ལགས་སོ། །ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་ཐར་པ་ནི་མིང་ཙམ་སྟེ། གཟུགས་དང༌། དབྱིབས་ མི་རིག་གོ །སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཐར་པ་ནི་ལག་མཐིལ་ན་སྐྱུ་རུ་རའི་གཟུགས་བཞིན་ནོ། །ཅི་གསུམ་ཞེ་ན། ཚོར་བ་གསུམ་ཉན་ཐོས་ཀྱི་ཐེག་པ་ལས་འབྱུང་སྟེ། ཐེག་པ་ཆེན་པོ་པ་རྣམས་ཀྱི་མ་ལགས་སོ། །ཚོར་བ་འདི་གསུམ་སྟེ། གང་དེ་བཞིན་གཤེགས་པ་རྟག་པའི་མཆོག་ལ་མི་རྟག་པར་འགྱུར་རོ་ཞེས་བགྱི་བའི་དོན་ཐོས་པ་ནི་ཚོར་བའོ། །དམ་ པའི་ཆོས་ནུབ་པར་འགྱུར་རོ་ཞེས་བགྱི་བའི་དོན་ཐོས་པ་ནི་ཚོར་བའོ། །དགེ་འདུན་མི་སྣང་བར་འགྱུར་རོ་ཞེས་བགྱི་བའི་དོན་ཐོས་པ་ནི་ཚོར་བ་སྟེ། དེ་གསུམ་ཐེག་པ་ཆེན་པོའི་ཚོར་བའོ། ། ཅི་བཞི་ཞེ་ན། འཕགས་པའི་བདེན་པ་བཞི་ཞེས་ཉན་ཐོས་ཀྱི་ཐེག་པ་ལ་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་ལ་དེ་ལྟ་བུའི་རྣམ་པ་མ་མཆིས་སོ། །འདི་ལྟ་བུའི་རང་བཞིན་དང༌། བྱེད་པ་ རྣམས་ནི་བདེན་པ་བཞི་སྟེ། དེ་བཞིན་གཤེགས་པ་རྟག་ཅེས་བགྱི་བ་དེ་ནི་ཐེག་པ་ཆེན་པོ་ལ་ཤིན་ཏུ་བདེན་པ་སྟེ། སྡུག་བསྔལ་ནི་བདེན་པ་མ་ལགས་སོ། །དེ་བཞིན་གཤེགས་པ་ ཐེར་ཟུག་གོ་ཞེས་བགྱི་བ་དེ་ནི་ཤིན་ཏུ་བདེན་ཏེ། ཀུན་འབྱུང་བ་ནི་མ་ལགས་སོ། །དེ་བཞིན་གཤེགས་པ་ནི་ཐེར་ཟུག་གི་མཆོག་གོ་ཞེས་བགྱི་བ་ནི་ཤིན་ཏུ་བདེན་གྱི་འགོག་པ་ནི་མ་ལགས་ སོ༑ ༑དེ་བཞིན་གཤེགས་པ་ཞི་བའོ་ཞེས་བགྱི་བ་དེ་ནི་ཤིན་ཏུ་བདེན་གྱི་ལམ་ནི་མ་ཡིན་ཏེ། ཐེག་པ་ཆེན་པོ་ལ་འཕགས་པའི་བདེན་པ་དེ་བཞིའོ། །སྡུག་བསྔལ་གྱི་བྱ་བ་བདེན་པ་མ་ལགས་ སོ༑ ༑སྡུག་བསྔལ་གྱི་བྱ་བ་བདེན་དུ་ལགས་ན། སྡུག་བསྔལ་རྣམ་བཞི་བདེན་པར་འགྱུར་ཏེ། དུད་འགྲོ་དང༌། ཡི་དྭགས་དང༌། ལྷ་མ་ཡིན་དང༌། གཤིན་རྗེའི་འཇིག་རྟེན་པ་རྣམས་ཀྱི་དེ་ ༄༅། །དག་ཀྱང་འཕགས་པའི་བདེན་པ་བཞིར་འགྱུར་རོ། །ཅི་ལྔ་གང་ཞེ་ན། དབང་པོ་ལྔ་ཞེས་ཉན་ཐོས་ཀྱི་ཐེག་པ་ལ་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་ལ་ནི་མ་ ལགས་སོ། །དབང་པོ་ལྔ་ནི་དེ་བཞིན་གཤེགས་པ་རྟག་པ་གསལ་བར་བལྟའོ་ཞེས་མ་ཚང་བ་མེད་པར་སྒོམ་པ་དེ་ནི་མིག་གོ །དེ་བཞིན་གཤེགས་པ་རྟག་པའོ་ཞེས་ཐོས་ནས་མ་ཚང་ བ་མེད་པར་སྒོམ་པ་དེ་ནི་རྣ་བའོ། །དེ་བཞིན་གཤེགས་པ་རྟག་པའི་དྲི་མནམས་ནས་མ་ཚང་བ་མེད་བར་བསྒོམ་པ་དེ་ནི་སྣའོ། །དེ་བཞིན་གཤེགས་པའི་སྙིང་པོའི་རོ་མྱངས་ནས་མ་ཚང་ བ་མེད་པར་སྒོམ་པ་དེ་ནི་ལྕེའོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའོ་ཞེས་སྐུ་དེའི་རོ་མཆོག་ཐོས་ཤིང་རེག་ནས་མ་ཚང་བ་མེད་པར་སྒོམ་པ་དེ་ནི་ལུས་སོ། །ཅི་དྲུག་ཅེ་ན། སྐྱེ་མཆེད་ དྲུག་ཅེས་ཉན་ཐོས་ཀྱི་ཐེག་པ་ལ་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་ལ་སྐྱེ་མཆེད་དྲུག་གི་རྣམ་པ་འདི་མེད་དོ། །སྐྱེ་མཆེད་དྲུག་ཅེས་བྱ་བ་ནི་གང་དེ་བཞིན་གཤེགས་པ་རྟག་པ་ གསལ་བར་བལྟའོ་ཞེས་འོང་བའི་སྒོ་ནས་རྫོགས་པར་སྒོམ་པ་དེ་ནི་མིག་གི་སྐྱེ་མཆེད་དོ། །དེ་བཞིན་གཤེགས་པ་རྟག་གོ་ཞེས་ཐོས་པ་འོང་བའི་སྒོ་ནས་རྫོགས་པར་སྒོམ་པ་དེ་ནི་རྣ་ བའི་སྐྱེ་མཆེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པའི་དྲི་ཐོས་པ་འོང་བའི་སྒོ་ནས་རྫོགས་པར་སྒོམ་པ་དེ་ནི་སྣའི་སྐྱེ་མཆེད་དོ། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་ པ་ཐོས་པ་འོང་བའི་སྒོ་ནས་རྫོགས་པར་སྒོམ་པ་དེ་ནི་ལྕེའི་སྐྱེ་མཆེད་དོ། །གང་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ་ཞེས་སྐུ་དེའི་བྲོ་དམ་པ་ཉན་པ་དང༌། རེག་པ་འོང་བའི་སྒོ་ནས་ རྫོགས་པར་སྒོམ་པ་དེ་ནི་ལུས་ཀྱི་སྐྱེ་མཆེད་དོ། །གང་དེ་བཞིན་གཤེགས་པ་གསལ་བར་སྟོན་པ་ལ་འཁྲུགས་པ་མེད་པའི་སེམས་ཀྱིས་རྫོགས་པར་དད་པ་འོང་བའི་སྒོའི་སྐྱེ་མཆེད་ དེ་ནི་ཡིད་ཀྱི་སྐྱེ་མཆེད་དོ། །ཅི་བདུན་ཞེ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་ཞེས་ཉན་ཐོས་ཀྱི་ཐེག་པ་ལ་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་ལའང་བདུན་པོ་དེ་དག་ཨུ་དུམྦཱ་རའི་མེ་ཏོག་ རྒྱས་པ་བཞིན་དུ་རྙེད་པར་དཀའ་བའི་ཚིག་བྱང་ཆུབ་ཀྱི་ཡན་ལག་བདུན་པོ་དག་སྟེ། དེ་བཞིན་གཤེགས་པ་རྟག་པས་ཤིན་ཏུ་མེ་ཏོག་རྒྱས་པ་བདུན་ནོ། །ཅི་བརྒྱད་ཅེ་ན། འཕགས་པའི་ ལམ་ཡན་ལག་བརྒྱད་ཅེས་ཉན་ཐོས་ཀྱི་ཐེག་པ་ལ་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་འདི་ལས་ཀྱང་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཡང་དག་པར་ལྟ་བ་ལ་སོགས་པའོ། ། གཞན་ཡང༌། དེ་བཞིན་གཤེགས་པ་རྟག་པའི་མཆོག་གོ་ཞེས་རབ་ཏུ་སྟོན་པ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་ཆེ་བ་ཐོས་ཤིང་རྣམ་པར་རེག་ པ་ཙམ་གྱིས་མྱ་ངན་ལས་འདའ་བར་འགྲོ་བའི་ལམ་ཡང་དག་པར་འཐོབ་བོ། །དེ་བཞིན་གཤེགས་པའི་རྟག་པ། ཐེར་ཟུག །གཡུང་དྲུང་གི་མཆོག །བསིལ་བར་གྱུར་པ། ཤིས་པ་ནི་ ༄༅། །སངས་རྒྱས་ཏེ། དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུའོ། །དེ་བཞིན་གཤེགས་པའི་སྙིང་པོ་རྒ་བ་མེད་པའོ་ཞེས་བྱ་བ་འདི་ནི་འཕགས་པའི་ལམ་ཡན་ལག་ བརྒྱད་པ་ཡིན་པར་རིག་པར་བྱའོ། །ཅི་དགུ་ཞེ་ན། མདོ་སྡེ་ཡན་ལག་དགུ་ཞེས་ཉན་ཐོས་ཀྱི་ཐེག་པ་ལ་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་འདི་ལ་ནི་ཐོགས་པ་མེད་པའི་ཡེ་ཤེས་ ལ་ཐེག་པ་གཅིག་ཅེས་བྱའོ། །ཅི་བཅུ་ཞེ་ན། དེ་བཞིན་གཤེགས་པའི་སྟོབས་བཅུ་ཞེས་ཉན་ཐོས་ཀྱི་ཐེག་པ་ལས་གྲགས་པའི་ཚིག་སྟེ། ཐེག་པ་ཆེན་པོ་འདི་ལ་ནི་དེ་བཞིན་གཤེགས་ པའི་སྟོབས་བཅུ་མ་ཡིན་གྱི་མཐའ་ཡས་པའི་སྟོབས་ཞེས་བྱའོ། །དེ་བས་ན་སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་ཅིང་བསམ་དུ་མེད་པ་སྟེ། སྟོབས་མཐའ་ཡས་པར་ མངའ་བའོ། །སངས་རྒྱས་བཅོམ་ལྡན་འདས་ནི་མདོ་སྡེ་མཐའ་ཡས་པ་ལྡེམ་པོ་ངག་ཏུ་སྟོན་པའོ། །འདི་ནི་ལམ་གཅིག་པུ་སྟེ། དེ་བཞིན་གཤེགས་པ་ནི་ཐེག་པ་གཅིག། སྐྱབས་ གཅིག །བདེན་པ་གཅིག་གི་ཕྱིར་འབྲང་བ་ཁམས་གཅིག་པ། འགྲོ་བ་གཅིག་པ། ཁ་དོག་གཅིག་པ་སྟེ། དེ་བས་ན་ཐེག་པ་གཅིག་ཅེས་བྱའོ། །གཞན་ནི་ཐབས་ཀྱི་བྱ་བའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་སོར་མོའི་ཕྲེང་བ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ། །ལེགས་སོ། །སོར་མོའི་ཕྲེང་བ་ལེགས་སོ། །སོར་མོའི་ཕྲེང་བ། ཁྱོད་དེ་བཞིན་གཤེགས་ པས་དགེ་སློང་སོར་མོའི་ཕྲེང་བ་ཁྱོད་ཚུར་ཤོག །དགེ་སློང་སོར་མོའི་ཕྲེང་བ་ཚུར་ཤོག་ཅེས་བཀའ་སྩལ་པ་དང༌། སོར་མོའི་ཕྲེང་བ་དགེ་སློང་ལོ་མང་དུ་ལོན་པ་བཞིན་དུ་ཐམས་ཅད་ དགེ་སྦྱོང་དང་མཐུན་པར་སྤྱོད་ལམ་མཛེས་པར་གྱུར་ཏོ། །དེ་ནས་སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། བཅོམ་ལྡན་འདས་དེ་བཞིན་དུ་ མཆིའོ་ཞེས་ཁའི་སྒོ་ནས་ཚིག་བྱུང་མ་ཐག་ཏུ་དེར་འབྲས་བུའི་མཆོག་དགྲ་བཅོམ་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ་ཚུར་ཤོག །ཛེ་ཏའི་ཚལ་དུ་ སེམས་ཅན་བྱེ་བ་མང་པོ་སྒྲོལ་ཞིང་ངང་པའི་རྒྱལ་པོ་བཞིན་དུ་འདོང་ངོ༌། །དེ་ནས་དེ་བཞིན་གཤེགས་པ་སོར་མོའི་ཕྲེང་བ་དང་ཐབས་གཅིག་ཏུ་ཤཱ་རིའི་བུ་དང༌། མཽངྒལ་གྱི་བུ་དང༌། འཇམ་ དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་མདུན་དུ་བདར་ཅིང་བསྐོར་ཏེ། ནམ་མཁའ་ལ་ཟླ་བ་ཉ་བ་ལ་གཟས་བསྐོར་བ་བཞིན་དུ། དེ་བཞིན་གཤེགས་པ་ཤིང་མྱ་ངན་མེད་པའི་ དྲུང་ནས་ནམ་མཁའ་ལ་ཏ་ལ་བདུན་སྲིད་དུ་འཕགས་ཏེ། གང་དུ་དེ་བཞིན་གཤེགས་པ་དང༌། སོར་མོའི་ཕྲེང་བར་རྩོད་པའི་ས་ནས་ཛེ་ཏའི་ཚལ་གྱི་བར་དུ་གནག་པའི་དགོངས་བཞི་ བཅུར་འདོམ་གང་མེད་པའི་བར་དུ་གཤེགས་སོ། །དེ་ནས་སོར་མོའི་ཕྲེང་བའི་མ་དང༌། ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ནམ་མཁའ་ལྡིང་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོས་ ༄༅། །མཆོད་པ་ཆེར་བྱས་ཏེ། ཛེ་ཏའི་ཚལ་དུ་འོངས་སོ། །དེ་ནས་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་བཞིན་དུ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ དགའ་ར་བར་གཤེགས་ཏེ། དེ་བཞིན་གཤེགས་པ་སེང་གེའི་ཁྲི་ལ་བཞུགས་སོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ལག་མཐིལ་བཞིན་དུ་གྱུར་ཅིང༌། གོས་ཀ་ཙ་ལིནྡི་ཀ་ལྟར་རེག་ན་བདེ་བ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་བཞིན་དུ་གྱུར་ཏོ། །དེ་ནས་ཕྱོགས་ཐམས་ཅད་ཀྱི་བྱང་ཆུབ་སེམས་དཔའ་སོ་སོའི་དེ་བཞིན་གཤེགས་པས། དེང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་སེང་གེ་སྟག་ཆེན་པོ་དང་འཐབ་མོ་ཆེན་པོ་བཀྱེ་ནས་སེམས་ཅན་བྱེ་བ་མང་པོ་སྒྲོལ་ཞིང་ཆོས་ཀྱི་གཏམ་སྟོན་ཏེ། སོར་མོའི་ཕྲེང་བའི་བདག་ཉིད་ ཆེན་པོ་མཐོང་བར་འགྱུར་གྱི། ཚེ་དང་ལྡན་པ་དག། དེངས་ཤིག་ཅེས་བཀྱེ་སྟེ། སོར་མོའི་ཕྲེང་བ་བལྟར་ལྷགས་སོ། །བྱང་ཆུབ་སེམས་དཔའ་དེ་དག་ཕྱོགས་ཆ་གང་ནས་འོང་བའི་ཕྱོགས་ ཆ་དེ་དང༌། དེ་ནས་མེ་ཏོག་སིལ་མ་ཤིང་རྟའི་འཁོར་ལོ་ཙམ་གྱི་ཆར་ཕབ་བོ། །སེམས་ཅན་གང་དང༌། གང་གིས་པད་མོའི་དྲི་ལ་རེག་པར་གྱུར་པའི་སེམས་ཅན་དེ་དག་ཐམས་ཅད་ཉོན་མོངས་ པ་མེད་པར་གྱུར་ཏོ། །དེ་ནས་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ལྷའི་བུ་མོ་མང་པོས་ལྷའི་མཆོད་ པ་མང་པོ་བྱས་ཏེ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཡང་དག་པར་བསྒྲུབས་ནས་མགྲིན་གཅིག་ཏུ་ཚིགས་སུ་བཅད་པས་ཚིག་འདི་སྐད་ཅེས་སྨྲས་སོ། །བརྒྱད་བཞི་མཚན་འཆང་ཡོན་ཏན་རྒྱ་ ཆེན་མངའ། །པད་མོ་ཆོག་རྒྱས་བཞིན་དུ་ཞལ་ཡང་མཛེས། །ནམ་མཁའ་ལ་ནི་ཟླ་བ་མཛེས་པ་ལྟར། །མཛོད་སྤུ་ཐིག་ལེ་མཛེས་ལ་ཕྱག་འཚལ་ལོ། །ཐུབ་པ་དམ་པ་བདུན་མཐོ་གཟུགས་ མཆོག་མངའ། །བྱམས་མཆོག་ཕན་པའི་ཡོན་ཏན་མང་པོ་འཆང༌། །པད་མོ་མཆོག་རྒྱས་བཞིན་དུ་མཛེས་པའི་ཞལ། །ནམ་མཁའ་ལ་ནི་ཟླ་བ་མཆོག་འདྲ་བར། །མཛོད་སྤུ་ཐིག་ལེ་མཛེས་ ལ་ཕྱག་འཚལ་ལོ། །རྟག་དགེ་མཚུངས་མེད་མཆོག་ཡངས་ཡོན་ཏན་མངའ། །ཐུབ་པ་དམ་པ་ལྷ་མི་མཆོག་གིས་མཆོད། །པད་མོ་ཆོག་རྒྱས་བཞིན་དུ་མཛེས་པའི་ཞལ། །ནམ་མཁའ་ ལ་ནི་ཟླ་བ་མཆོག་འདྲ་བར། །མཛོད་སྤུ་ཐིག་ལེ་མཛེས་ལ་ཕྱག་འཚལ་ལོ། །བརྟན་དགེ་མཚུངས་མེད་མཆོག་ཡངས་ཡོན་ཏན་མངའ། །ཐུབ་པ་དམ་པ་ལྷ་མི་མཆོག་གིས་མཆོད། ། པད་མོ་མཆོག་རྒྱས་བཞིན་དུ་མཛེས་པའི་ཞལ། །ནམ་མཁའ་ལ་ནི་ཟླ་བ་མཆོག་འདྲ་བར། །མཛོད་སྤུ་ཐིག་ལེ་མཛེས་ལ་ཕྱག་འཚལ་ལོ། །ཐེར་ཟུག་དགེ་མཆོག་ཡོན་ཏན་རྒྱ་ཆེན་མངའ། ། ཐུབ་པ་དམ་པ་ལྷ་མི་མཆོག་གིས་མཆོད། །པད་མོ་མཆོག་རྒྱས་བཞིན་དུ་མཛེས་པའི་ཞལ། །ནམ་མཁའ་ལ་ནི་ཟླ་བ་མཆོག་འདྲ་བར། །མཛོད་སྤུ་ཐིག་ལེ་མཛེས་ལ་ཕྱག་འཚལ་ལོ། ། ༄༅། །ཞི་དགེ་མཚུངས་མེད་མཆོག་ཡངས་ཡོན་ཏན་མངའ། །ཐུབ་པ་དམ་པ་ལྷ་མི་མཆོག་གིས་མཆོད། །པད་མོ་རྒྱས་པ་བཞིན་དུ་མཛེས་པའི་ཞལ། །ནམ་མཁའ་ ལ་ནི་ཟླ་བ་མཆོག་འདྲ་བར། །མཛོད་སྤུ་ཐིག་ལེ་མཛེས་ལ་ཕྱག་འཚལ་ལོ། །བཟོད་འཆང་ཚུལ་ཁྲིམས་ཡོན་ཏན་མཐའ་ཡས་འཆང༌། །སོར་མོའི་ཕྲེང་ཐོགས་ཁྱོད་ལ་ཕྱག་འཚལ་ ལོ༑ ༑ཐེག་པ་གཅིག་འཛིན་ཐེག་པ་ཆེན་པོ་སྟོན། །བྱམས་འཆང་སོར་ཕྲེང་ཐོགས་ལ་ཕྱག་འཚལ་ལོ། །མཐའ་ཡས་ལུས་འཛིན་ངག་ཀྱང་མཐའ་ཡས་འཛིན། །མཐའ་ཡས་ གསུང་འཛིན་མཐའ་ཡས་བློ་གྲོས་འཆང༌། །སོར་མོའི་ཕྲེང་ཐོགས་ཁྱོད་ལ་ཕྱག་འཚལ་ལོ། །མཐའ་ཡས་འོད་འཆང་མཐའ་ཡས་ལྡེམ་དག་སྟོན། །སོར་མོའི་ཕྲེང་ཐོགས་ ཁྱོད་ལ་ཕྱག་འཚལ་ལོ། །མཐའ་ཡས་སྒྱུ་འཆང་མཐའ་ཡས་བདུད་རྣམས་འདུལ། །ཉོན་མོངས་བྱ་བ་རྣམ་པར་སྨིན་བྱེད་འཆང༌། །སོར་ཕྲེང་ཐོགས་པ་ཁྱོད་ལ་ཕྱག་འཚལ་ལོ། ། མཐའ་ཡས་ཡོངས་སུ་མྱ་ངན་འདའ་བྱེད་ཅིང༌། །མཐའ་ཡས་སྐྱེ་སྟོན་འཇིག་རྟེན་རྗེས་སུ་འཇུག །དཔའ་བོ་མཆོག་འཆང་ཁྱོད་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ ལ་སོར་མོའི་ཕྲེང་བས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ང་ནི་ཡང་དག་པའི་མཐའ་ལ་གནས་སོ་ཞེས་གསུངས་ན། དེའི་དོན་ཇི་ལྟ་བུ་ལགས། བཅོམ་ལྡན་ འདས༑ ཁྱོད་ཡང་དག་པའི་མཐའ་ལ་གནས་ཏེ་བཞུགས་པ་ཇི་ལྟ་བུ་ལགས། ང་ནི་ཐར་པའི་ས་ལ་གནས་སོ་ཞེས་བཀའ་སྩལ་པ། ཚིག་དེ་ལ་དད་པར་བགྱིར་མི་རུང་ན། འདི་ལ་དེའི་གཏན་ ཚིགས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ། ཁྱོད་འཇམ་དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་དེངས་ལ་འདི་ནས་བྱང་ཕྱོགས་སུ་སངས་ རྒྱས་ཀྱི་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དགའ་བ་བསྐྱེད་དུ་མེད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་བསྐྱེད་དུ་མེད་པའི་ཡོན་ཏན་འབྱུང་གནས་སའི་དབང་ཕྱུག་རྒྱལ་པོ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པའི་དེ་བཞིན་གཤེགས་ པ་དེ་ལ་བཅོམ་ལྡན་འདས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་བཞུགས་བཞིན་མི་སྐྱེ་བའི་མཐའ་ལ་གནས་སོ་ཞེས་གསུངས་ན་ཇི་ལྟ་བུ་ ལགས་ཞེས་ཞུས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སོར་མོའི་ཕྲེང་བས་ལེགས་སོ། །ལེགས་སོ་ཞེས་གསོལ་ནས། རྫུ་འཕྲུལ་གྱི་རྐང་པའི་སྟོབས་ཀྱིས་ངང་ བའི་རྒྱལ་པོ་ལྟར་དགའ་བ་བསྐྱེད་དུ་མེད་པའི་འཇིག་རྟེན་གྱི་ཁམས་དེར་དོང་ནས། བཅོམ་ལྡན་འདས་བློ་གྲོས་བསྐྱེད་དུ་མེད་པའི་ཡོན་ཏན་འབྱུང་གནས་སའི་དབང་ཕྱུག་རྒྱལ་པོ་ ༄༅། །དེ་བཞིན་གཤེགས་པ་ག་ལ་བ་དེར་དོང་སྟེ་ཉེ་བར་ཕྱིན་ནས། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་ གསོལ་པ། བཅོམ་ལྡན་འདས། བདག་ཅག་གཉིས་འདིར་མཆིས་པ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ནས་བཀྱེ་སྟེ་འདིར་མཆིས་སོ། ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཡོངས་སུ་མྱ་ངན་ལས་མ་འདས་པར་དེ་ཉིད་ན་བཞུགས་བཞིན་དུ་མ་སྐྱེས་པའི་མཐའ་ཐར་པ་ལ་ཇི་ལྟར་གནས་ཞེས་ གསོལ་པ་དང༌། བཅོམ་ལྡན་འདས་དེས་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཤཱཀྱ་ ཐུབ་པ་གང་ཡིན་པ་ང་ཉིད་དེ་བཞིན་གཤེགས་པ་ཡིན་ཏེ། དེ་བཞིན་གཤེགས་པ་དེ་ཉིད་སྟོན་གྱི། རིགས་ཀྱི་བུ་ཁྱེད་དེངས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེས་བདག་ ཅག་འདི་ལྟར་བཀྱེའོ་ཞེས་སྨྲོས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སོར་མོའི་ཕྲེང་བ་གཉིས་ལངས་ཏེ། བཅོམ་ལྡན་འདས་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ ནས༑ དགེའོ་ཞེས་སྨྲས་ཏེ། ངང་པའི་རྒྱལ་པོ་བཞིན་དུ་སླར་འོངས་སོ། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །ཀྱེ་མ་དེ་བཞིན་གཤེགས་པ་ནི་དཔག་ཏུ་མ་མཆིས་སོ། །དེ་བཞིན་གཤེགས་པའི་སྐུ་ནི་མཐའ་ཡས་སོ། །ཀྱེ་མ་དེ་བཞིན་གཤེགས་པའི་ཆེ་བ་ཉིད་བདག་ཅག་གིས་ མཐོང་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བློ་གྲོས་བསྐྱེད་དུ་མེད་པའི་ཡོན་ཏན་འབྱུང་གནས་སའི་དབང་ཕྱུག་རྒྱལ་པོ་དེ་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ་ཡིན་ ཏེ༑ དེ་བཞིན་གཤེགས་པ་དེ་ཉིད་སྟོན་ཏོ་ཞེས་ཚིག་བརྗོད་ནས་བདག་ཅག་སླར་བཀྱེ་ན། སངས་རྒྱས་བཅོམ་ལྡན་འདས་འདི་ན་བཞུགས་བཞིན་དུ་ཇི་ལྟར་མ་སྐྱེས་པའི་མཐའ་ལ་ གནས་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཇི་ལྟར་བློ་གྲོས་བསྐྱེད་དུ་མེད་པའི་ཡོན་ཏན་གྱི་འབྱུང་གནས་སའི་དབང་ཕྱུག་རྒྱལ་པོར་གྱུར་ཅིང་དགའ་བ་བསྐྱེད་ དུ་མེད་པའི་འཇིག་རྟེན་གྱི་ཁམས་ན་ཇི་ལྟར་གནས་འདི་ན་འདུག་བཞིན་དུ་དེ་ན་ཇི་ལྟར་གནས་འདི་ན་འདུག་ལ་མ་སྐྱེས་པའི་མཐའ་ལ་གནས་ཞེས་མ་ཟེར་ཅིག །སངས་རྒྱས་ཀྱི་སྐུ་ནི་ མཐའ་ཡས་སོ། །དེ་བཞིན་གཤེགས་པ་ནི་མཐའ་ཡས་པར་རྒྱུ་བའོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཚུངས་པ་མེད་པའོ། །དེ་བཞིན་གཤེགས་པ་ནི་མཚུངས་པ་མེད་པར་རྒྱུ་བའོ། ། སངས་རྒྱས་བཅོམ་ལྡན་འདས་ནི་དཔག་ཏུ་མེད་དེ། དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད་པར་རྒྱུ་བའོ། །སོར་མོའི་ཕྲེང་བ། ཇི་ལྟར་ན་བཅོམ་ལྡན་འདས་ཀྱི་སྐུ་མ་སྐྱེས་པར་གྱུར་པ་ ༄༅། །དེའི་དོན་དེ་བཞིན་གཤེགས་པ་ལ་དྲིས་ཤིག་དང༌། སངས་རྒྱས་སྟོན་པར་འགྱུར་རོ། །དེ་ནས་སོར་མོའི་ཕྲེང་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་ གསོལ་ཏོ། །བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་དང༌། ཕན་པ་དང༌། བདེ་བའི་སླད་དུ་ལེགས་པར་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། སོར་མོའི་ཕྲེང་བ། ངས་བསྐལ་པ་བརྒྱ་སྟོང་ཕྲག་བཅུར་ཕ་རོལ་ཏུ་ཕྱིན་པ་སྤྱད་པས་སེམས་ཅན་ཡང་དག་པར་བསྡུས་ཏེ་སེམས་ཅན་བྱང་ཆུབ་ཀྱི་སེམས་མ་སྐྱེས་པའི་ སེམས་ཅན་བྱེ་བ་མང་པོ་བྱང་ཆུབ་ལ་བཀོད་དེ། དགེ་བའི་རྩ་བ་དེས་ངའི་ལུས་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ཕ་རོལ་ཏུ་ཕྱིན་པ་དང༌། དེའི་དགེ་བའི་རྩ་བས་མ་སྐྱེས་པའི་ སྐུར་གྱུར་ཏོ། །སོར་མོའི་ཕྲེང་བས་གསོལ་པ། བཅོམ་ལྡན་འདས། ཇི་ལྟར་ན་དེ་བཞིན་གཤེགས་པ་མ་བྱུང་བའི་སྐུར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སངས་ རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མ་བྱུང་བའི་གློག་གི་ཕྲེང་བ་ཞེས་བྱ་བ་དེ་ན་རྣམ་ པར་སྣང་མཛད་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་སོ། །སོར་མོའི་ཕྲེང་བ། ཁྱོད་འཇམ་ དཔལ་གཞོན་ནུར་གྱུར་པ་དང་ལྷན་ཅིག་ཏུ་མ་བྱུང་བའི་གློག་གི་ཕྲེང་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྣམ་པར་སྣང་མཛད་བཞུགས་པར་དེངས་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ། ཡང་དག་པའི་མཐའ་ལ་ཇི་ ལྟར་གནས་པ་དྲིས་ཤིག །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སོར་མོའི་ཕྲེང་བས་ལེགས་སོ་ཞེས་གསོལ་ནས། ངང་པའི་རྒྱལ་པོ་ལྟར་རྫུ་འཕྲུལ་གྱི་སྟོབས་ཀྱི་རྐང་པས་མ་བྱུང་ བའི་གློག་གི་ཕྲེང་བའི་འཇིག་རྟེན་གྱི་ཁམས་དེར་དོང་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ག་ལ་ བ་དེར་སོང་སྟེ་ཕྱིན་ནས། དེ་བཞིན་གཤེགས་པ་ལ་དེ་བཞིན་དུ་ཞུས་པ་དང༌། སྔ་མ་བཞིན་དུ་འདིར་ལྷགས་ནས། སོར་མོའི་ཕྲེང་བ་དང༌། འཇམ་དཔལ་གཞོན་ནུར་གྱུར་པས་དེ་བཞིན་ གཤེགས་པ་ལ་གསོལ་པ། བཅོམ་ལྡན་འདས། དེ་བཞིན་གཤེགས་པ་ཇི་ལྟར་ན་མ་བྱུང་བའི་མཐའ་ལ་གནས་པ་བཤད་དུ་གསོལ། བཅོམ་ཡླྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ ཕྲེང་བ། ངས་བསྐལ་པ་བརྒྱ་སྟོང་མང་པོར་ཕ་རོལ་ཏུ་ཕྱིན་པ་བཅུས་སེམས་ཅན་ཡང་དག་པར་བསྡུས་ཏེ། སྔོན་མ་བྱུང་བའི་བདེ་བ་ལ་རབ་ཏུ་བཀོད་པས་ངའི་ལུས་བསྐལ་བ་བྱེ་བ་མང་ ༄༅། །པོར་ཚད་མེད། གྲངས་མེད་པའི་ཕ་རོལ་ཏུ་ཕྱིན་པ་ལས་མ་བྱུང་བའི་ལུས་སུ་གྱུར་ཏོ། །སོར་མོའི་ཕྲེང་བས་གསོལ་བ། བཅོམ་ལྡན་འདས། ཇི་ལྟར་ན་ འདུས་མ་བགྱིས་ཀྱི་མཐའ་ལ་གནས། བཀའ་སྩལ་པ། སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ ན་འཇིག་རྟེན་གྱི་ཁམས་ཡིད་འཕྲོག་ཅེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བློ་གྲོས་མི་ཟད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི། དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྣ་ཚོགས་ཞེས་བྱ་བ་ན་རྣམ་པར་རྒྱལ་བའི་དཔལ་ཞེས་བྱ་བ་ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ འདས་པ་ན། འཇིག་རྟེན་གྱི་ཁམས་ཟབ་མོའི་རྒྱལ་པོ་ཞེས་བྱ་བ་དེ་ནི། ཟབ་མོའི་མཆོག་ཅེས་བྱ་བ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ད་ལྟར་ བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་ འདི་ནས་བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རླུང་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་འཚོ་བ་འབྱུང་བ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་ པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་བདུན་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ རྡོ་རྗེའི་བློ་གྲོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་ གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་བརྒྱད་ ༄༅། །ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་འོད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་ དག་པར་རྫོགས་པའི་སངས་རྒྱས་དྲི་མ་མེད་པའི་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་ གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་དགུ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་ཟླ་བ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བ་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཕྱོགས་ལོགས་སུ་ གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཉི་མ་ཤར་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་གདུགས་གདལ་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་ པའང་གོང་མ་བཞིན་དུ་བསྡུའོ།། །།བམ་པོ་ལྔ་པ། སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བློ་དམ་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བྲོ་མཆོག་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་ གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྩ་ལག་འཚོ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྩ་ལག་འཚོ་བའི་འོད་ ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་ སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཕྲེང་བས་བསྒོས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཕྲེང་བའི་དྲི་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ ༄༅། །ཤིག་༑སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཏ་མ་ ལའི་འདབ་མ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏམ་ལའི་འདབ་མའི་དྲི་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཟླ་བ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་སྙིང་ པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཨ་ག་རུ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཨ་ག་རུའི་དྲི་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཕྱེ་མས་བསྒོས་ པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱེ་མའི་སྤོས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་ པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ འདས་པ་ན། འཇིག་རྟེན་གྱི་ཁམས་སྐར་མ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐར་མའི་འོད་ཅེས་བྱ་བ་ད་ལྟར་བཞུགས་ ཏེ༑ འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་ དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་བློ་གྲོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་རྒྱ་མཚོས་བྱིན་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་ ༄༅། །འདི་ནས་ཤར་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཀླུ་དང་ལྡན་པ་ཞེས་བྱ་བ་ དེ་ན༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀླུའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་ བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མཚན་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་གྱི་འོད་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་ གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྤྲིན་ཆེན་པོ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སྤྲིན་ཆེན་པོའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ ཤིག་༑སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་གློག་གི་ཕྲེང་བ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གློག་སྦྱིན་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་རྡོ་རྗེའི་བློ་གྲོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་ གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་སུ་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་ རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་འགྲོ་བ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འགྲོ་བ་འཛིན་ པའི་དབང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ ༄༅། །ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ནོར་བུ་འཛིན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནོར་བུ་འཛིན་འཆང་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ ནམ་མཁའ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དང་མཚུངས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་ བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་འདུལ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་འདུལ་བའི་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དཔལ་གྱི་ཕྲེང་བ་ཞེས་བྱ་བ་དེ་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་གྱི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་ འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ སེང་གེའི་བློ་གྲོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེང་གེའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་ བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་འཇམ་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྙན་པ་ཞེས་བྱ་བ་ད་ལྟར་བཞུགས་ ཏེ༑ འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་གཉིས་ ༄༅། །ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་གངྒཱའི་ཕྲེང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་གངྒཱས་བྱིན་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་བྲིས་ཤིག་ སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཀུན་ཏུ་བཟང་པོ་ཞེས་བྱ་བ་དེ་ན། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བློ་གྲོས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མེ་ཏོག་རྒྱས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མཐའ་ཡས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་ རྒྱས་མེ་ཏོག་མཐའ་ཡས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བཟང་པོ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཟང་པོའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ མིག་གི་བདག་པོ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མིག་གི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་ ༄༅། །འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མེ་ཏོག་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཀེའི་ལ་སའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་ དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྔ་སྒྲ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྔ་དབྱངས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་བལྟ་ན་སྡུག་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྡུག་པའི་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་ སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དགའ་བ་འཕེལ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་དགའ་འཕེལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མཛེས་སྡུག་ཅེས་བྱ་བ་དེ་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཛེས་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་རྒྱུ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱུའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་ ༄༅། །སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྤྱོད་པ་ཡིད་འཕྲོག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སྤྱོད་པའི་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག། སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སེམས་ཅན་དང་འདྲ་བ་ ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སེམས་ཅན་གྱི་མཆོག་ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་ གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་གློག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གློག་གི་བླ་མ་ཞེས་ བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་དུ་འོང་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིད་དུ་འོང་བའི་དབྱངས་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་ གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ ཚད་མེད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་ པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་ རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བརྟན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྟན་པའི་མཆོག་ ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་ངས་པ་དྲིས་ཤིག། །སངས་རྒྱས་ཀྱི་ཞིང་འདི་ནས་ནུབ་ ༄༅། །བྱང་གི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཆུའི་རོ་ཞེས་བྱ་བ་དེ་ ན༑ དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆུའི་མཆོག་ཅེས་བྱ་བ་དེ་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ འདས་པ་ན། འཇིག་རྟེན་གྱི་ཁམས་ཏོག་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་ཏོག་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ནོར་བུའི་འོད་ཅེས་བྱ་བ་དེ་ན། དེ་ བཞིན་གཤེགས་པ་ནོར་བུ་བསིལ་བ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་མཆོག་ཅེས་བྱ་བ་ ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་སོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་འོད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་གསེར་མཆོག་དཔལ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་མདོག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་ གསེར་འོད་དཔལ་ཞེས་བྱ་བ་ལ་འདྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་ རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་ཛམ་བུའི་ཆུ་བོ་གསེར་མདོག་ཅེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་ བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དྲ་བ་ཅན་ཞེས་བྱ་བ་ དེ་ན། དེ་བཞིན་གཤེགས་པ་དྲ་བ་ཅན་གྱི་འོད་ཅེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ ༄༅། །ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་ཆུ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་ཆུའི་རྒྱལ་པོ་ ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ འདས་པ་ན། འཇིག་རྟེན་གྱི་ཁམས་ཚུལ་ཁྲིམས་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་ཚུལ་ཁྲིམས་ཀྱི་སྙིང་པོ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། ། སངས་རྒྱས་ཀྱི་ཞིང་འདི་ནས་བྱང་ཤར་གྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེའི་གླིང་ ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ཞེས་བྱ་བ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་ འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྡོ་རྗེའི་འབྱུང་གནས་ཞེས་བྱ་བ་དེ་ན། དེ་ བཞིན་གཤེགས་པ་རྡོ་རྗེའི་བློ་གྲོས་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་ གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སངས་རྒྱས་ཐམས་ཅད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་བློ་གྲོས་ ཏོག་ཅེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བློ་གྲོས་གྲུབ་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དོན་གྲུབ་དཔལ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་ རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དྲི་མ་མེད་པའི་ཆུ་ཞེས་བྱ་བ་དེ་ན་ དེ་བཞིན་གཤེགས་པ་དྲི་མ་མེད་པའི་བཻ་ཌཱུཪྻ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྐྱེས་བུ་ཀླུ་ལ་དགའ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་སྐྱེས་བུ་ཀླུའི་སྙིང་པོ་ལ་དྲིས་ཤིག་པའང་ གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ ༄༅། །ཁམས་སྤོས་ཀྱི་རོ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་སྤོས་བརྩེགས་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་ འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྤོས་ལྡན་ཞེས་བྱ་བ་དེ་ན། དེ་བཞིན་ གཤེགས་པ་སྤོས་ཀྱི་སྙིང་པོ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་ བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དྲང་པོའི་འོད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དྲང་པོའི་དཔལ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་ མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ ཁམས་རིན་ཐང་མེད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་རིན་ཐང་མེད་པ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ ལྷོའི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མཐའ་ཡས་གཙུག་ཕུད་ཅན་ཞེས་བྱ་བ་དེ་ན། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐའ་ཡས་པའི་རྒྱལ་པོ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་འོད་དཔག་ཏུ་མེད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་ པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་ མཚམས་ལོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཚད་མེད་པའི་མིག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་དབང་ཕྱུག་ཅེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མེའི་གཟི་བརྗིད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་ པར་རྫོགས་པའི་སངས་རྒྱས་མེའི་འོད་ཅེས་བྱ་བ་ལ༑ དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཞིའི་ ༄༅། །བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མུན་པ་སེལ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་མུན་པ་སེལ་ལྡན་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་ མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བྱིན་པ་དང་ལྡན་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ བྱིན་པའི་སྙིང་པོ་ཞེས་བྱ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མི་སྐྱེ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་སྐྱེ་བའི་ དབང་ཕྱུག་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྤོས་ཀྱི་གླང་པོ་ཆེ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་གླང་པོ་ ཚེའི་རྣམ་པར་གནོན་པ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སྤོས་ཀྱི་སྣོད་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤོས་ཀྱི་སྣོད་ཀྱི་རྒྱལ་པོ་ལ་དྲིས་ ཤིག་པའང་གོང་མ་བཞིན་དུ་བསྡུའོ། །སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་དགའ་བའི་དབྱངས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བ་ལ་དྲིས་ཤིག་པའང་གོང་མ་བཞིན་དུ་བསྡུའོ། ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ནུབ་ཀྱི་ཕྱོགས་མཚམས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་དཔལ་གྱི་ཕྲེང་བ་ཞེས་བྱ་ བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བའི་དཔལ་དམ་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་ གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ ༄༅། །འདས་པ་ན། འཇིག་རྟེན་གྱི་ཁམས་འཇིག་རྟེན་མཐོང་བ་དང་བཅས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་ཆེར་འཕགས་པའི་རྒྱལ་པོ་འོད་འཕྲོ་བ་རྣམ་པར་སྤྲུལ་པའི་བཀོད་པ་གོ་ཆ་ཆེན་པོ་བགོས་པ། སའི་དབང་ཕྱུག་རྒྱལ་པོ་ཐམས་ཅད་ ལ་འོད་བྱེད་སྣང་བའི་སྒོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་པདྨ་དཀར་པོ་ཞེས་བྱ་བ་དེ་ན། དེ་བཞིན་ གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དམ་པའི་ཆོས་པདྨ་དཀར་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པའང་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་ པ་ན༑ འཇིག་རྟེན་གྱི་ཁམས་ཆུས་མེ་ཏོག་ཁ་འབྱེ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མེ་ཏོག་ཁ་འབྱེད་པ་ཞེས་ བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་གཞེས་ཀྱི། དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པའང་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་ གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མྱ་ངན་མེད་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་ པ་ཡང་དག་པར་རྫོགས་པའི་སངས་རྒྱས་མྱ་ངན་ཐམས་ཅད་མེད་པ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་ པ་ཇི་ལྟར་གནས་པའང་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ ཨུཏྤ་ལ་མཐིང་ག་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེའི་ཨུཏྤ་ལའི་དཔལ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་ གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་ སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་པདྨ་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་སྙིང་ ༄༅། །པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག། སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཀུ་མུ་ད་དང་ལྡན་པ་ཞེས་ བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུ་མུ་དའི་སྙིང་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་ གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་ འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ས་ཀིའི་སྤོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ཀིའི་སྤོས་ ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་ སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཀོ་ཀང་སི་ཀ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཀྲ་ཤིས་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་སྟེང་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བསོད་ནམས་ཀྱི་སྟེགས་ཅན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསོད་ནམས་ཀྱི་སྟེགས་ཀྱི་དབང་ཕྱུག་ ཅེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཇི་ལྟར་གནས་པ་དྲིས་ཤིག །སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ ལོགས་སུ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སེང་གེའི་ཚུལ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་སོང་གེའི་རྣམ་པར་རོལ་པ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ འདས་པ་ན། འཇིག་རྟེན་གྱི་ཁམས་སྟག་གི་ཕུག་ཅེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟག་སྒྲ་སྒྲོགས་ཞེས་བྱ་བ་དང༌། སངས་ ༄༅། །རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་གསུམ་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཤིང་ས་ ཧ་ཀ་ར་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ཧ་ཀ་རའི་མེ་ཏོག་ཀླུང་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ནས་ འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཞིའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་རྒྱལ་ལྡན་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་ བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལས་རྒྱལ་བར་འདུལ་བ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་ལྔའི་བྱེ་ མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ཡེ་ཤེས་མི་ཆགས་པའི་འབྱུང་གནས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་ཐེག་པ་ཆེན་པོ་རྣམ་པར་སྒྲོགས་པའི་རྒྱལ་པོ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་གི་བྱེ་མ་སྙེད་ ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་མཁའ་འབིགས་འབྱུང་གནས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་མཁའ་འབིགས་རྩེ་མོ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བདུན་གྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་ལྟད་མོ་ཆེ་བ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རི་མོ་ཐམས་ཅད་ཀྱི་རྒྱལ་པོ་ཞེས་བྱ་བ་དང༌། སངས་ རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་བློ་གྲོས་འཛིན་པ་ཞེས་བྱ་བ་དེ་ན། དེ་ བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གཟུངས་ཀྱི་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ན་ས་འོག་གི་ཕྱོགས་ལོགས་སུ་ གངྒཱའི་ཀླུང་དགུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་རྟེན་གྱི་ཁམས་སའི་བློ་གྲོས་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་སའི་རྒྱལ་པོ་ཞེས་བྱ་བ་དང༌། སངས་རྒྱས་ཀྱི་ཞིང་འདི་ནས་འོག་གི་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ན། འཇིག་ རྟེན་གྱི་ཁམས་རྟག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐེ་ཚོམ་དང༌། ཡིད་གཉིས་ཐམས་ཅད་ ༄༅། །གཅོད་པའི་འབྱུང་གནས་རྒྱལ་པོ་ཞེས་བྱ་བ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་ཀྱི་དེ་བཞིན་གཤེགས་པ་དེ་ལ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མི་ མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་ཡོངས་སུ་མྱ་ངན་ལས་མ་འདས་པར་བཞུགས་ཤིག །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚིག་གི་དཔེས་བརྒྱན་པའི་མཐའ་ལ་ཇི་ལྟར་གནས་ པ༑ འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སོར་མོའི་ཕྲེང་བ་ཁྱེད་དེང་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་ལ་དྲིས་ཤིག །ཁྱེད་ཀྱི་ཐེ་ཚོམ་དང༌། ཡིད་གཉིས་ཐམས་ ཅད་གཅོད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དེའི་མཚན་ཐེ་ཚོམ་དང༌། ཡིད་གཉིས་ཐམས་ཅད་གཅོད་པ་ཞེས་བྱའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ དང༑ སོར་མོའི་ཕྲེང་བས། བཅོམ་ལྡན་འདས་ལ་ལེགས་སོ། །ལེགས་སོ་ཞེས་གསོལ་ནས། དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། རྫུ་ འཕྲུལ་གྱི་རྐང་པའི་སྟོབས་ཀྱིས་ངང་པའི་རྒྱལ་པོ་ལྟར་དོང་སྟེ། རྟག་ཏུ་དགའ་བའི་རྒྱལ་པོ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེར་ཕྱིན་ནས། དེ་བཞིན་གཤེགས་པ་ཐེ་ཚོམ་ དང༑ ཡིད་གཉིས་ཐམས་ཅད་གཅོད་པ་ཞེས་བྱ་བའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། ཕྱོགས་གཅིག་ཏུ་འཁོད་ནས་གསོལ་པ། བཅོམ་ལྡན་འདས། བདག་ཅག་གཉིས་མི་ མཇེད་ཀྱི་འཇིག་རྟེན་གྱི་ཁམས་ནས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞབས་ཀྱི་དྲུང་ནས་འདིར་མཆིས་སོ། །ཕྱོགས་བཅུའི་སངས་རྒྱས་བཅུའི་ཞབས་ཀྱི་དྲུང་དུའང་ཕྱིན་ཏེ། བཅོམ་ ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་བཞུགས་ཏེ། མྱ་ངན་ལས་མ་འདས་བཞིན་དུ་ཐར་པའི་མཐའ་ལ་ཇི་ལྟར་གནས་པ་དེ་དག་ཐམས་ ཅད་ལ་ཞུས་ན། དེ་བཞིན་གཤེགས་པ་དེ་དག་གིས་འདི་སྐད་དུ་བཀའ་སྩལ་ཏེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་དེ། དེ་བཞིན་གཤེགས་པ་ངེད་དང་གཅིག་གི །དེ་བཞིན་གཤེགས་ པ་དེ་ལ་ཞུས་ཤིག་ཅེས་གསུངས་ནས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས་ཀྱང་རིགས་ཀྱི་བུ་ཁྱེད་གཉིས་དེངས་ལ་ཐེ་ཚོམ་དང༌། ཡིད་གཉིས་ཐམས་ཅད་ གཅོད་པའི་རྣམ་པ་དེ་བཞིན་གཤེགས་པ་ལ་དྲིས་ཤིག་ཅེས་བདག་ཅག་འདིར་བཀྱེ་སྟེ་མཆིས་སོ། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་མི་མཇེད་ཀྱི་འཇིག་རྟེན་ གྱི་ཁམས་ན་བཞུགས་ཤིང་མྱ་ངན་ལས་མ་འདས་པར་ཇི་ལྟར་ན་ཐར་པའི་མཐའ་ལ་གནས་ཞེས་ཞུས་པ་དང༌། དེ་གཉིས་ཀྱི་ཚིག་གསན་ནས། དེ་བཞིན་གཤེགས་པ་དེས་འདི་སྐད་ ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ། མྱུར་དུ་སླར་ལོག་ཅིག །དེ་བཞིན་གཤེགས་པ་དེས་ཐེ་ཚོམ་དང༌། ཡིད་གཉིས་ཐམས་ཅད་གཅོད་པར་འགྱུར་རོ། །དེ་བཞིན་གཤེགས་པ་དེ་ཉིད་ ༄༅། །ང་ཡིན་ཏེ། ཐ་དད་པ་ནི་མ་ཡིན་ནོ། །དེ་ལྟར་ཤཱཀྱ་ཐུབ་པ་ནི་ཚད་མེད་དོ་ཞེས་གསུངས་ནས་སླར་བཀྱེའོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ ལྡན་འདས་ལ་ལེགས་སོ། །ལེགས་སོ་ཞེས་གསོལ་ཏེ། སོར་མོའི་ཕྲེང་བ་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པ་དེའི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། དོང་ནས་བཅོམ་ལྡན་འདས་ ཀྱི་དྲུང་དུ་ཕྱིན་ཏེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་དེ་བཞིན་གཤེགས་པའི་སྐུ་ནི་ཚད་མེད་གྲངས་མེད་པར་འཛིན་པ་ སྟེ༑ དེ་བཞིན་གཤེགས་པ་དེ་ཉིད་ང་ཡིན་ཏེ། ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་དེ་ཁྱེད་ཀྱི་ཐེ་ཚོམ་ཐམས་ཅད་གཅོད་པར་འགྱུར་གྱི། ཁྱེད་དེངས་ཤིག་ཅེས་དེ་དག་གིས་ཀྱང་ བདག་ཅག་སླར་བཀྱེའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ང་ཉིད་དེ་བཞིན་གཤེགས་པ་དེ་ཡིན་ནོ་ཞེས་དེ་བཞིན་གཤེགས་པ་དེ་གསུང་ངམ། དེ་དག་གིས་ གསོལ་པ། དེ་གཅིག་གསུང་བ་བཞིན་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་གསུང་སྟེ། ཐ་མར་བདག་ཅག་གིས་ཞུས་ན། དེ་བཞིན་གཤེགས་པ་ཐམས་ཅད་ང་ཉིད་ དེ་བཞིན་གཤེགས་པ་དེ་ཡིན་ཏེ། གཅིག་གོ་ཞེས་གསུང་ངོ༌། །བཀའ་སྩལ་པ། དེ་བཞིན་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་འཇིག་རྟེན་གྱི་ཁམས་དེ་ དག་ཅི་འདྲ། དེ་གཉིས་ཀྱིས་གསོལ་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གྱི་ཁམས་སུ་བདག་ཅག་གིས་ཕྱིན་པ་ཐམས་ཅད་ནི་གྲམ་པ་དང༌། གྱོ་མོ་ཐམས་ཅད་མ་ མཆིས་པ། ལག་མཐིལ་བཞིན་དུ་མཉམ་པ། ཀ་ཙ་ལིནད་ཀ་བཞིན་དུ་རེག་ན་བདེ་བ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་ལྟར་སྙིགས་མ་ལྔ་དང་བྲལ་བ། ཉན་ཐོས་དང༌། རང་ སངས་རྒྱས་དང༌། བུད་མེད་མ་མཆིས་པ་ཐེག་པ་དམ་པ་གཅིག་སྟེ། ཐེག་པ་གཞན་ལ་མི་འཇུག་གོ །བཀའ་སྩལ་པ། དེ་བཞིན་གཤེགས་པ་དེ་རྣམས་ཀྱི་མཚན་རིགས་ཀྱི་ བུའམ། རིགས་ཀྱི་བུ་མོ་གང་ཁ་ཏོན་ལེགས་པར་བྱེད་དམ། འདྲིའམ། ཉན་ཀྱང་རུང་སྟེ། བསྟིང་ངམ། བརྗོད་དམ། གཞན་གྱི་ཕྱིར་འཕྱའམ། བདག་གིས་བརྗོད་ན། བདག་ འཇིགས་པ་ཐམས་ཅད་མེད་པར་འགྱུར་རོ། །ལྷ་ཐམས་ཅད་ཀྱང་དེ་ལ་གནོད་པར་མི་བྱེད་དོ། །དེ་བཞིན་དུ་ཀླུ་དང༌། གནོད་སྦྱིན་དང༌། ནམ་མཁའ་ལྡིང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། དྲི་ཟ་ལ་སོགས་པས་ཀྱང་མི་ཚུགས་སོ། །ཁྲོས་ནས་ལ་ལ་བསྲུང་བར་འགྱུར། །དེས་འགྲོ་བ་བཞི་བཅད་པ་ཡིན། །བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་དེ་དག་ཀྱང་ བྱང་ཆུབ་ཀྱི་རྒྱུ་ཐོབ་པར་འགྱུར་རོ་ཞེས་གསུང་ངོ༌། །སོར་མོའི་ཕྲེང་བ། གཞན་ཡང༌། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ངོ་མཚར་ནི་གཟུངས་མཚུངས་པ་མེད་པའི་མདོ་སྡེ་ཆེན་པོ་ལས་ ༄༅། །སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་གཅིག་སྟེ། ང་ཉིད་དེ་བཞིན་གཤེགས་པ་དེ་ཉིད་ཡིན་ནོ་ཞེས་རྒྱ་ཆེར་བཤད་དོ། །དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་བསྔགས་ པའང་བསམ་གྱིས་མི་ཁྱབ་བོ། །དེ་ལྟར་དེ་བཞིན་གཤེགས་པའང་ཚད་མེད་པ་སྟེ། དེ་ལྟར་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའང་མཐའ་ཡས་གྲངས་མེད་དེ། དེ་ལྟ་བུའི་ ཡོན་ཏན་གྱི་མཚན་ཉིད་དང་ལྡན་པ་ལ་མི་རྟག་པ་དང༌། ནད་ལྟ་ག་ལ་འབྱུང༌། ད་དེ་བཞིན་གཤེགས་པའི་སྐུ་རྟག་པ་དང༌། མཐའ་ཡས་བ་རྩ་བ་དང་བཅས། རྒྱུ་དང༌། རྐྱེན་དུ་བཅས་ པའི་གཏན་ཚིགས་ཐམས་ཅད་ཁྱེད་ལ་རྒྱ་ཆེར་བསྟན་ཏོ། །འཇིག་རྟེན་གྱི་ཁམས་འདི་ན་སྐྱེ་བོ་རྣམས་མི་དགེ་བས་ན། སངས་རྒྱས་ཐམས་ཅད་ཀྱང་འཇིག་རྟེན་གྱི་ཁམས་འདིའི་ རྒྱལ་པོ་མི་བཞེད་དོ། །མི་དགེ་བ་དགེ་བ་ལ་བཀོད་པའི་ཕྱིར་ལུས་ཡང་དང༌། ཡང་བཏང་བས་ན། ངའི་ལུས་མ་སྐྱེས་པའི་སྐུར་གྱུར་ཏོ། །ངའི་ལུས་བསྐལ་པ་བྱེ་བ་གྲངས་མེད་ པ་མང་པོར་དམ་པའི་ཆོས་བསྲུང་བའི་ཕྱིར། ངའི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་རེ་རེའང་བཅད་གཏུབས་བཅོམ་ནས་བྱིན་པས་ངའི་ལུས་མི་ཤིགས་པ་འདུས་མ་བྱས་ཀྱི་ ལུས་མཚུངས་པ་མེད་པར་གྱུར་ཏོ། །བསྐལ་པ་བྱེ་བ་མང་པོར་དཔའ་བོ་ལྟར་འདུག་སྟེ། གནས་མང་པོར་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་ལུས་མང་པོར་བཏང་སྟེ། ལུས་རེ་རེའང་ བསྐལ་པ་བྱེ་བ་མང་པོར་དཔའ་བོ་ལྟར་འདུག་ཅིང་དཀའ་བ་སྤྱད་པས་ངའི་ལུས་རྒ་བ་མེད་པའི་སྐུར་གྱུར་ཏོ། །བསྐལ་པ་བྱེ་བ་མང་པོར་གྲངས་མེད་པར་ང་ནད་ཀྱི་བསྐལ་པ་བར་ མར་སྐྱེས་ཏེ། ངའི་ལུས་རེ་རེའང་སྨན་དམ་པར་གྱུར་ནས། གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སེམས་ཅན་རྣམས་ལ་ཕན་བཏགས་པས་ན། ངའི་ལུས་ནད་མེད་པའི་སྐུར་གྱུར་ཏོ། །ང་ ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་ལྟོགས་པའི་ནད་ཞི་བར་བྱས་ཏེ། ཐེག་པ་གཅིག་པའི་ཁུ་བ་བླུད་པས་ ན༑ ངའི་ལུས་མི་འཆི་བའི་སྐུར་གྱུར་ཏོ། །ངས་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་ཉོན་མོངས་པ་བྱེ་བ་མང་པོའི་དྲི་མ་བསལ་ནས། ཤིན་ཏུ་དཀའ་བ་ བསྟན་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པས་ན། ངའི་ལུས་ཉོན་མོངས་པ་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་ མེད་པར་སེམས་ཅན་ཡི་དྭགས་བྱེ་བ་མང་པོ་སྐོམ་ཞིང་ལྟོགས་པའི་སྡུག་བསྔལ་རབ་ཏུ་ཞི་བར་བྱས་ཏེ། ཐེག་པ་གཅིག་པའི་ཆོས་ཚིམ་པར་བྱས་པས་ན། གངྒཱའི་ཀླུང་མང་པོའི་བྱེ་ མ་སྙེད་དུ་ངའི་ལུས་ཟག་པ་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོར་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། ལྷ་མ་ཡིན་དུ་བཅས་པའི་སེམས་ ༄༅། །ཅན་བྱེ་བ་མང་པོ་ལ་མ་དང༌། སྲིང་མོ་དང༌། བུ་བཞིན་དུ་སྡུག་པར་བྱས་པས་ན། ངའི་ལུས་གནོད་པ་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ལ་མི་བདེན་པར་སྨྲ་བ་རྣམས་ཐེག་པ་ཆེན་པོའི་བདེན་པ་ལ་བཀོད་ པས་ན། ངའི་ལུས་བདེན་པ་རྟག་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་ བྱེ་བ་མང་པོ་ཆོས་མ་ཡིན་པ་བྱེད་པ་རྣམས་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་རྣམ་པ་ལ་བཀོད་པས་ན། ངའི་ལུས་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་ སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ལོག་པར་ལྟ་བའི་དབང་དུ་གྱུར་པ་རྣམས་ཡང་དག་པར་ལྟ་བ་ལ་བཀོད་པས་ན། ངའི་ལུས་ཤིན་ཏུ་བདེ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་ མང་པོ་འཇིགས་སྐྲག་པར་གྱུར་པ་རྣམས་འཇིགས་པ་མེད་པ་ལ་བཀོད་པས་ན། ངའི་ལུས་དགེ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་ བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་མྱ་ངན་ཆེན་པོར་གྱུར་པ་རྣམས་མྱ་ངན་མེད་པའི་ཆོས་ལ་བཀོད་པས་ན། ངའི་ལུས་མྱ་ངན་མེད་པ་ དང༑ མྱ་ངན་དང་བྲལ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་མང་པོ་ གཞན་གྱི་ཆུང་མ་ལ་ཆགས་པ་རྣམས་ཚུལ་ཁྲིམས་ཆེན་པོའི་གོ་ཆ་ལ་བཀོད་པས་ན། ངའི་ལུས་རྡུལ་མེད་ཅིང་རྡུལ་དང་བྲལ་བའི་སྐུར་གྱུར་ཏོ། །ང་ཚེ་རབས་གངྒཱའི་ཀླུང་གི་བྱེ་མ་ སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་སྐྱོན་ཆགས་པའི་ཡ་མཚན་ཅན་རྣམས་བསྡུས་ཏེ། རབ་ཏུ་སྦྱངས་པས་དམ་པའི་ཆོས་ལ་བཀོད་པས་ན། ངའི་ལུས་ཤག་ཤིག་མེད་དེ། ཤག་ཤིག་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ།། །།བམ་པོ་དྲུག་པ། ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་ པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་དབུལ་པོར་གྱུར་པ་རྣམས་ཆོས་ཀྱི་ནོར་དང༌། གཏེར་བྱིན་པས་ན། ངའི་ལུས་ཚུལ་མེད་པ་ལས་ ཚུལ་གྱི་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་འདོད་པའི་ ༄༅། །དབང་དུ་གྱུར་པ་རྣམས་ཉོན་མོངས་པ་མེད་པ་ལ་བཀོད་པས་ན། ངའི་ལུས་གཙེ་བ་དང་བྲལ་ཞིང་གཙེ་བ་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་ མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ཉོན་མོངས་པ་སྤྲུགས་ཤིང༌། སྤྲུལ་གདུག་པའི་ དུག་མེད་པར་བྱས་པས་ན། ངའི་ལུས་ནད་འགོ་བ་མེད་ཅིང་ནད་འགོ་བ་དང་བྲལ་བའི་ཆོས་ཀྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་ པོ་གྲངས་མེད་པར་ལྷ་དང་མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་འཇིག་རྟེན་ན་རྩལ་ལག་མེད་པ་ལ་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱིས་རྩ་ལག་ཏུ་བྱས་པས་ན། ངའི་ལུས་མ་ བྱས་པའི་ཆོས་གསལ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་ བ་མང་པོ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་གཏམ་བསྙད་པས་ན། ངའི་ལུས་ཅིའང་མེད་པའི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་ གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་དེ་བཞིན་གཤེགས་པའི་གསལ་བ་དང༌། ངོ་མཚར་ ལ་བཀོད་པས་ན། ངའི་ལུས་ངོ་མཚར་གྱི་སྐུར་གྱུར་ཏོ། །ང་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་ མང་པོ་རྣམས་སངས་རྒྱས་སུ་སྦྱོར་དུ་བཙུད་པས་ངའི་ལུས་ཚད་མེད་དཔག་ཏུ་མེད་པའི་མཆོག་དམ་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་ མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་བསྒྲལ་བའི་ཕྱིར་རིགས་དེ་དང༌། དེར་སྐྱེ་བ་བསྟན་ཏེ། རབ་ཏུ་བསྒྲལ་བས་ན། ངའི་ལུས་མཆོག་དམ་ པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་འཇིགས་པ་ཐམས་ཅད་ ལས་བསྒྲལ་ཏེ། བྱང་ཆུབ་པ་ལ་བཀོད་པས་ན། ངའི་ལུས་བླ་ན་མེད་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་ པར་སེམས་ཅན་བྱེ་བ་མང་པོ་རྣམས་ཡན་ལག་མ་ཚང་པའི་ལུས་ཀྱིས་འཇིག་རྟེན་གྱི་ཕྱིར་འགྲོ་བར་བྱས་ཏེ། སེམས་ཅན་མང་པོ་བྱང་ཆུབ་ལ་བཀོད་པས་ན། ངའི་ལུས་བླ་ན་མེད་ པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ངས་འཇིག་རྟེན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོ་ ༄༅། །རྟག་པའི་དབྱིངས་མ་བཅབས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པར་བསྟན་པས་ན། ངའི་ལུས་རྟག་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་ གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ངས་ཚུལ་ཁྲིམས་བསྲུང་བ་ན། ལྷའི་བུ་མོ་དང༌། བདུད་ཀྱི་བུ་མོ་དང༌། འཇིག་རྟེན་པ་བཟང་མོ་མཐོང་ཡང་སེམས་ མ་བཏང་བས་ངའི་ལུས་མི་འཇིག་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་ཐམས་ཅད་ ཀྱི་བླ་མའི་ཆུང་མ་དང༌། ཕུ་ནུ་བོའི་ཆུང་མ་དང༌། བུད་མེད་ཐམས་ཅད་ལ་ཆགས་པར་མ་བྱས་པས་ན། ངའི་ལུས་མི་འཇིག་པའི་ཆོས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་ གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་ཀྱི་ཉེས་པ་མཐའ་ཡས་པ་ཟད་པར་བྱས་པས་ན། ངའི་ལུས་མཚུངས་པ་མེད་པ་མཐའ་ཡས་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་ པོ་དུད་འགྲོའི་སྐྱེ་གནས་སུ་སོང་བ་རྣམས་ཆོས་ཟབ་མོ་ལ་བཀོད་པས་ན། ངའི་ལུས་ཟབ་མོའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་ མང་པོ་གྲངས་མེད་པར་དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའི་བྱ་རྗེས་བཞིན་དུ་བསྟན་ཏེ། སངས་རྒྱས་ཀྱི་དབྱིངས་གསལ་བར་བྱས་པས་ན། ངའི་ལུས་བལྟར་མི་མཐོང་ བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་སེམས་ཅན་བྱེ་བ་མང་པོ་བདག་མེད་པར་འཛིན་པ་ལས་བཟློག་སྟེ། དེ་ བཞིན་གཤེགས་པའི་སྙིང་པོ་བལྟ་དཀའ་བ་བསྟན་པས་ན། ངའི་ལུས་སེམས་ཅན་ཐམས་ཅད་ཀྱིས་བལྟ་དཀའ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་སྐྱེས་པའི་སེམས་ཅན་རྣམས་སྲོག་གཅོད་པ་ལས་བཟློག་སྟེ། དམ་པའི་ཆོས་ལ་བཀོད་པས་ན། ངའི་སྐུ་ཤིན་ཏུ་ཕྲ་བའི་སྐུར་གྱུར་ ཏོ༑ ༑ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ཆོས་ཀྱི་དགའ་བ་བསྐྱེད་པས་ན། ངའི་ལུས་མཁས་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་བསྐལ་པ་བྱེ་བ་མང་པོ་གྲངས་མེད་པར་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་རྣམས་ ལ། དེ་བཞིན་གཤེགས་པའི་སྙིང་པོ་འཇམ་དཔལ་ལྟ་བུར་དབྱིངས་བསྟན་པས་ན། ངའི་ལུས་བལྟ་དཀའ་བའི་སྐུར་གྱུར་ཏོ། །བསྐལ་པ་གྲངས་མེད་པ་མང་པོར་ངས་སེམས་ཅན་ ༄༅། །བྱེ་བ་མང་པོ་རྣམས་བཅིངས་པ་ཐམས་ཅད་དང་བྲལ་བར་བྱས་ཏེ། ཐར་པའི་གནས་སུ་རབ་ཏུ་བཀོད་པས། དེ་ལས་ངའི་ལུས་བལྟ་དཀའ་བའི་སྐུར་ གྱུར་ཏོ། །གྲངས་མེད་པ་མང་པོར་ངས་ལྷ་དང༌། མི་དང༌། སེམས་ཅན་དམྱལ་བ་པ་རྣམས་ལ་སེམས་ཅན་བྱེ་བ་མང་པོ་དག་སྲིད་པ་ཐམས་ཅད་དུ་གནས་སུ་མ་བཅུག་སྟེ། ཐར་པ་དེ་ ཁོ་ན་ཉིད་ལ་བཀོད་པས། དེ་ལས་ངའི་ལུས་ཐམས་ཅད་དུ་ཀུན་གཞི་མེད་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་ལ་བདག་དང༌། འཇིག་རྟེན་ སྙམ་དུ་མ་བསམས་ཏེ། སེམས་ཅན་ཐམས་ཅད་སྒྲ་གཅན་ཟིན་བཞིན་དུ་བལྟས་པས། དེ་ལས་ངའི་ལུས་ཉོན་མོངས་པ་མེད་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་ལྷ་ དང༑ མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་བསླབ་པའི་གནས་ལྔ་ལ་རྣམ་པར་དག་པར་བྱས་པས། ངའི་ལུས་རུས་པ་དང༌། རྒྱུས་པ་དང༌། ཡན་ལག་རྣམ་པར་དག་པའི་ སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་ཐམས་ཅད་དགྲོལ་ལོ་ཞེས་དམ་བཅས་ཏེ། ལེགས་པར་བྱ་བའི་སྨོན་ལམ་བཏབ་པས་སེམས་ཅན་རྣམས་བསྒྲལ་ཏེ། དེའི་ཕྱིར་ ངའི་ལུས་ཐམས་ཅད་ལས་གྲོལ་བའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་རྣམས་ངན་པར་ལྟ་བའི་ནད་ཟུག་རྡུ་རྣམ་པ་མང་པོ་བྱུང་སྟེ། དེ་ཁོ་ནའི་ཆོས་ལ་ རབ་ཏུ་བཀོད་པས་དེ་ལས་ངའི་ལུས་ཞི་བ་རྟག་པའི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོ་ཚེ་རབས་མང་པོར་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་སྒྲ་གཅན་འཛིན་ལྟར་ངེས་པར་ལྟ་ཞིང་ དེ་བཞིན་དུ་གཞན་ཡང་བཙུད་པས་དེ་ལས་ངའི་ལུས་ཞི་གནས་ཀྱི་སྐུར་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་རྣམས་རྟོག་པ་ཐམས་ཅད་སྤངས་ནས་རབ་ ཏུ་བཟུང་སྟེ། དགྲ་མཐོང་ནའང་བསྟེན་ཅིང་ཆོག་ཤེས་པ་དང༌། ཡོ་བྱད་བསྙུངས་ཤིང་གཞན་ཡང་དེ་ལ་བཙུད་པས་དེའི་ཕྱིར་ངའི་ལུས་ཉེ་བར་ཞི་བའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་ མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་ཟང་ཟིང་སྦངས་ནས་ཉན་ཐོས་ཀྱི་ཆོག་ཤེས་པ་ཙམ་བསྟན་པས་དེ་ལས་ངའི་ལུས་ནེམ་ནུར་གྱི་ཚུལ་ཐམས་ཅད་བཅད་པ་ཕ་རོལ་ཏུ་ ཕྱིན་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་མང་པོར་སེམས་ཅན་བྱེ་བ་མང་པོ་ཉ་དང༌། ཤ་དང༌། ཚིལ་དང༌། བསོད་པའི་ཟས་རྣམས་སྤངས་ཏེ། སེམས་ཅན་རྣམས་ ཀྱང་དེ་བཞིན་དུ་སྤོང་དུ་བཅུག་པས། དེ་ལས་ངའི་ལུས་བཟང་པོའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་མང་པོར་ངས་ལྷ་དང༌། མིར་བཅས་པའི་སེམས་ཅན་བྱེ་བ་མང་པོ་ཉོན་མོངས་ པ་བྱེ་བ་མང་པོ་ཐམས་ཅད་སྦྱོང་དུ་བཅུག་པས། དེ་ལས་ངའི་ལུས་སྤྲོས་པ་མེད་པའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་མང་པོར་ངས་སེམས་ཅན་སྐྱོན་ཆགས་པའི་ཡ་མཚན་ ༄༅། །ཅན་བྱེ་བ་མང་པོ་རྣམས་ལ་ལྕེ་འབབ་པ་ལྟ་བུར་དེ་དག་གི་གོ་སྐབས་བཅོམ་སྟེ། སྐྱེ་བོ་མེད་པར་བྱས་པས་དེ་ལས་ངའི་ལུས་ཀུན་གཞི་བཅོམ་པའི་སྐུར་ གྱུར་ཏོ། །གྲངས་མེད་པ་མང་པོར་ངས་ཕྱིན་ཅི་ལོག་པ་ཞིས་འཁྱམས་པའི་སེམས་ཅན་བྱེ་བ་མང་པོ་ཆོས་ཀྱི་ཁུ་བ་ཞིམ་པོ་བླུད་པས། དེ་ལས་ངའི་ལུས་སྤྲུལ་པའི་ཚངས་པ་ལྟར་ ལྷའི་ལུས་སུ་གྱུར་ཏོ། །གྲངས་མེད་པ་མང་པོར་ངས་སེམས་ཅན་བྱེ་བ་མང་པོ་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་དབེན་པ་དང༌། རྟག་པའི་ཚོལ་བ་ལ་ཉེས་པ་དང་མ་བསྲེ་ ཞིག་ཅེས་དྲང་པོར་བྱས་པས། དེ་ལས་ངའི་ལུས་དབེན་ཞིང་རྣམ་པར་གྲོལ་བའི་སྐུར་གྱུར་ཏོ། །ཚེ་རབས་མང་པོ་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ། ངས་སེམས་ཅན་ བྱེ་བ་མང་པོ་རྣམས་ལ་སངས་རྒྱས་ཀྱི་ཚིག་གོ་ཞེས་སོར་མོའི་རྩེ་མོས་ཟླ་བ་བསྟན་པ་བཞིན་དུ་བཀོད་པས། དེ་ལས་ངའི་ལུས་སོ་སོར་བྲལ་བའི་སྐུར་གྱུར་ཏོ། །ཚེ་རབས་གྲངས་ མེད་པ་མང་པོར་ཡོངས་སུ་མྱ་ངན་ལས་འདའ་པས་ཡོངས་སུ་མྱ་ངན་ལས་ཟློ་ཞིང་ཤིན་ཏུ་ཡོངས་སུ་མྱ་ངན་ལས་འདའ་བས་ཀྱང༌། ཡོངས་སུ་མྱ་ངན་ལས་མ་འདས་ཏེ། དེའི་ ཕྱིར་ངའི་ལུས་ཆོས་ཉིད་ཀྱིས་ཆོས་ཀྱི་སྐུར་གྱུར་ཏོ། །ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་ངས་སེམས་ཅན་བྱེ་བ་མང་པོ་རྣམས་ལ་དེ་བཞིན་གཤེགས་ པའི་སྙིང་པོ་ལ་ཤིན་ཏུ་ནན་ཏན་དུ་བཙལ་ཀྱང་དྲི་མ་མེད་དོ་ཞེས་བསྟན་པས། དེ་ལས་ངའི་ལུས་དབྱིངས་ཀྱི་སྐུར་གྱུར་ཏོ། །དབྱིངས་དེའང་སེམས་ཅན་ཐམས་ཅད་ལ་ཡོད་དེ། གྲངས་མེད་ པ་མང་པོར་ངས་ཐེག་པ་ཆེན་པོ་ཆགས་པ་མེད་པའི་ཡེ་ཤེས་བདག་མེད་པ་བདག་དང་བྲལ་བའི་སྒོ་བསྟན་པས། དེའི་འབྲས་བུས་ངའི་ལུས་སྐྱེ་མཆེད་མེད་པའི་སྐུར་གྱུར་ཏོ། ། ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་སེམས་ཅན་བྱེ་བ་མང་པོ་དག་རྟག་པར་རབ་ཏུ་ཉོན་མོངས་པ་མང་པོ་བཏུལ་བ་ལ་བཙུད་པས། དེ་ལས་ངའི་ལུས་ དགེ་བ་འཇིག་རྟེན་ལས་འདས་པ་བླ་མའི་སྐུར་གྱུར་ཏོ། །ང་ཚེ་རབས་གྲངས་མེད་པ་མང་པོར་སེམས་ཅན་ཐམས་ཅད་ཀྱི་རྟེན་དུ་གྱུར་ཏེ། སྐྱབས་མེད་པ་རྣམས་ཀྱི་སྐྱབས། གཉེན་ མེད་པ་རྣམས་ཀྱི་གཉེན་དུ་གྱུར་པས། དེ་ལས་ངའི་ལུས་ཆུ་བོ་སིནྡྷུ་རྒྱ་མཚོ་ལ་འབབ་པ་ལྟ་བུའི་སྐུར་གྱུར་ཏོ། །ང་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་མདོ་སྡེ་འཆད་པ་ ན་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ལ་འཇིགས་པའམ། སྐྲག་པའི་སེམས་མ་བསྐྱེད་པས། དེ་ལས་ངའི་ལུས་བརྟན་པའི་སྐུར་གྱུར་ཏོ། །ང་ཚེ་རབས་གྲངས་མེད་པ་གངྒཱའི་ ཀླུང་གི་བྱེ་མ་མང་པོ་སྙེད་དུ། ངང་པ་ལྟར་དཀར་བའི་ཁང་པ་ཡང་ཐོག་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་སྲིད་དང༌། བདེ་བ་མང་པོ་སྤངས་ཏེ། ནགས་ཁྲོད་དུ་ཞུགས་པས་ ༄༅། །དེ་ལས་ངའི་ལུས་གནས་ལྟ་བུའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་ལྷོད་པ་རྣམས་སྤྱོད་པ་རྟག་ཏུ་གདོལ་པ་ ལྟར་རིང་དུ་སྤངས་ཏེ། ཚུལ་ཁྲིམས་དང་ལྡན་པ། དམ་པ་རྣམས་དང་གནས་གཅིག་ན་འཁོད་པའི་ཚེ་ཆུ་ཕོར་གང་ཙམ་ཡང་བླངས་པར་མི་དྲན་ཏེ། དེའི་ཕྱིར་དེ་ལས་ངས་འགྱོད་པ་ མེད་པའི་སྐུ་ཐོབ་བོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་ཉོན་མོངས་པའི་ཁུར་ཡང་བར་བྱས་པས། དེ་ལས་ངའི་ལུས་རབ་ཏུ་སྦྱངས་པ་དང༌། གསལ་ བའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་རྒྱལ་པོའི་བུ་དཔེར་བྱས་ཏེ། ཁྱིམ་ན་གནས་པའི་ཉེས་པ་སྤངས་པས། དེ་ལས་ངའི་ལུས་མི་ཚོལ་ བའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་སྤངས་ཤིང་ཉོན་མོངས་པའི་ཕུང་པོ་ཟད་པར་བྱས་ པས༑ དེ་ལས་ངའི་ལུས་ནད་མེད་པ་དང༌། འཇིགས་པ་མེད་པ་དང༌། ང་རྒྱལ་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་ལྷ་ མི་མང་པོ་རྣམས་ལ་བུད་མེད་དང་རྩེ་བའི་ཉོན་མོངས་པ་བྱེ་བ་ནི་སྦྲུལ་གདུག་པའི་དུག་ལྟ་བུར་སྨད་པས་དེ་ལས་ངའི་ལུས་འགོག་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་ པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱི་ཞབས་ཀྱི་དྲུང་ནས་བྱིས་པའི་སྤྱོད་པ་ལྟ་བུ་བདག་ཉིད་ལུང་བསྟན་པ་ཐོས་ནས། དེ་བཞིན་ཉིད་དུ་ནན་ཏན་ བྱས་ཏེ། མདོ་སྡེ་ལ་སྨོད་པ་རྣམས་ལ་ཐེག་པ་ཆེན་པོ་བཤད་པས། དེ་ལས་ངའི་ལུས་གནས་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་དེ་ བཞིན་གཤེགས་པའི་སྙིང་པོ་ཐོས་ནས། བསྐལ་པ་བྱེ་བ་མང་པོར་སེམས་ཅན་རྣམས་ཀྱིས་ཉོན་མོངས་པ་གཞིག་པར་བྱས་ནས་སངས་རྒྱས་སུ་འགྱུར་པར་ཡིད་ཆེས་པའི་ཕྱིར། སེམས་ ཅན་བྱེ་བ་ཀུན་གྱི་སྐྱབས་སུ་འགྱུར་བར་སྤྱད་པ་བརྩམས་ཏེ། དེའི་འབྲས་བུས་ངའི་ལུས་སྐྱབས་ཀྱི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་བྱང་ཆུབ་ སེམས་དཔའི་བཟོད་པར་སྨྲ་བའི་དྲང་སྲོང་དུ་གྱུར་པའི་ཚེ། ཚད་མེད་པ་བཞི་ལ་བསྒོམས་པས། དེའི་འབྲས་བུས་ངའི་ལུས་ད་རུང་ཡང་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཀྱི་སྐུར་གྱུར་ཏོ། ། ཐེག་པ་ཆེན་པོ། ཐེག་པ་གཅིག་པ། བླ་ན་མེད་པའི་ཡེ་ཤེས། ཆགས་པ་མེད་པའི་ཡེ་ཤེས། འོད་ཆེན་པོ། སེམས་ཅན་ཐམས་ཅད་ཀྱི་དཔུང་གཉེན་གྱི་ཡེ་ཤེས་ངས་བསྟན་པས། སྡིག་ པ་གྲངས་མེད་པར་བྱས་པའང་ཐེག་པ་ཆེན་པོ་ཐོས་ནས་འབྱང་བར་འགྱུར་ཏེ། དེའི་ཕྱིར་ངའི་ལུས་ནི་དཔུང་གཉེན་གྱི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་ ༄༅། །མང་པོ་སྙེད་དུ་དབྱིངས་དང༌། བདེ་བའི་དབྱིངས་སེམས་ཅན་ཐམས་ཅད་ཀྱི་དབྱིངས་དྲི་མ་མེད་པའི་སྙིང་པོ་གནོད་པ་མེད་པ་རབ་ཏུ་བསྔགས་སོ། །རབ་ཏུ་ བསྔགས་པའི་འབྲས་བུ་དེས་ངའི་ལུས་གནོད་པ་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་སེམས་ཅན་ལྷ་མི་བྱེ་བ་མང་པོ་རྣམས་གནས་ མེད་པའི་ཐར་པའི་གོ་འཕང་ལ་བཀོད་པས། དེ་ལས་ངའི་ལུས་གོ་སྐབས་མེད་ཅིང་གཙོ་བོའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སེམས་ཅན་སྐྱེས་ པ་དང༌། བུད་མེད་མང་པོ་རྣམས་ཕ་མ་དང༌། སྲིང་མོ་ལྟ་བུར་འདུ་ཤེས་པའི་སེམས་ལ་བཀོད་པས། ངའི་ལུས་ཐམས་ཅད་དུ་ཕ་བཞིན་དུ་བླ་མའི་སྐུར་གྱུར་ཏོ། །ངས་ཚེ་རབས་ གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་མུ་གེ་ཆེན་པོའི་བསྐལ་པ་བར་མ་ལ་བདག་གཞན་གྱི་ལོངས་སྤྱོད་རྣམ་པ་མང་པོ་བྱས་པས། དེ་ལས་ངའི་ལུས་ཐམས་ཅད་དུ་སྐོམ་པ་ མེད་ཅིང་དང་བའི་རྣམ་པ་ལྷའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་སེམས་ཅན་བྱེ་བ་རྣམ་པ་མང་པོ་གསོད་པར་འདོད་ཅིང་སྨྲ་བ་ཚེ་རབས་མང་པོར་ སྨད་ནས་ད་ལས་ངའི་ལུས་ཕུང་པོ་ཐམས་ཅད་དང་བྲལ་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་མང་པོར་ཐབས་དམ་པའི་སྐུ། ཆོས་ཀྱི་སྐུ། སྨན་པའི་མཆོག་གིས་བརྟན་པའི་སྐུ། མཐའ་ཡས་ པ་བསྟན་པ་ལྟར་དགེ་བའི་རྒྱུ་རྣམ་པར་སྤེལ་བ་དེ་ལས་ངའི་སྐུ་འདུ་བྱེད་ཞི་བའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་སེམས་ཅན་བྱེ་བ་མང་པོ་རྣམས་ བསྒྲལ་ཅིང༌། རང་གི་ཉོན་མོངས་པ་རྣམས་ཟད་པར་བྱས་ཏེ། བདག་ཉིད་ཀྱི་དབྱིབས་སྐྱུ་རུ་རའི་འབྲུ་བཞིན་དུ་བསྟན་པས། དེ་ལས་ངའི་ལུས་ཆོས་མ་ཡིན་པ་བཅད་པའི་སྐུར་གྱུར་ཏོ། །ངས་ཚེ་ རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་སེམས་ཅན་བྱེ་བ་མང་པོ་ཐམས་ཅད་ལ་ཁམས་བཞི་པོ་ནི་སྦྲུལ་གདུག་པའི་དུག་ཡིན་ཏེ། རྟག་ཏུ་སྣོད་སྟོང་པ་བཞིན་དུ་སྟོང་ངོ་ ཞེས་རབ་ཏུ་སྨད་པས་དེ་ལས་ངའི་ལུས་ཐོས་པའི་རྒྱུ་འདྲ་བར་སྐྱེས་པ་ཤ་དང༌། རྒྱུས་པ་མེད་པའི་སྐུར་གྱུར་ཏོ། །ངས་ཚེ་རབས་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་མང་པོ་སྙེད་དུ་སྲིད་པའི་ སེམས་ཅན་བྱེ་བ་མང་པོ་ཐམས་ཅད་ཉོན་མོངས་པའི་བྱ་བ་ལས་འདོད་ཆགས་དང་བྲལ་བ་འགོག་པ་མྱ་ངན་ལས་འདའ་བར་ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་ པས༑ དེ་ལས་ངའི་ལུས་མྱ་ངན་ལས་འདས་པ་མི་གཡོ་བ་བདེ་བའི་སྐུར་གྱུར་ཏོ། །སོར་མོའི་ཕྲེང་བ། བསྐལ་པ་གྲངས་མེད་པ་བྱེ་བ་མང་པོར་འདི་ཉིད་ན་འདུག་བཞིན་དུ་ང་ནི་ཐམས་ ཅད་ན་གནས་ཏེ། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་ཐར་པའོ། །ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ཉིད་དོ། །དེ་ནས་སོར་མོའི་ཕྲེང་བས། བཅོམ་ལྡན་འདས་ལ་ ༄༅། །འདི་སྐད་ཅེས་གསོལ་ཏོ། །ཀྱེ་མའོ་སངས་རྒྱས་བཅོམ་ལྡན་འདས་ནི་དཀའ་བ་མཛད་པ་སྟེ། སེམས་ཅན་ཐམས་ཅད་ལ་རྗེས་སུ་ཐུགས་བརྩེ་བའོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ། དེ་བཞིན་གཤེགས་པའང་ཤིན་ཏུ་དཀའ་བ་མཛད་པ་ཡིན་ཏེ། ནམ་མ་འོངས་པའི་དུས་ན་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་ དུ་གནས་པར་འགྱུར་བ་དེའི་ཚེ། ཐེག་པ་ཆེན་པོའི་མདོ་སྡེ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་ཅིང་ཤིན་ཏུ་བྱ་དཀའ་བ་བྱེད་ པའོ༑ ༑སེམས་ཅན་གང་དག་དེའི་ཕྱོགས་འཛིན་པ་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པར་བསྟན་ཏོ། །སེམས་ཅན་གང་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས། དེ་ བཞིན་ཉིད་དུ་ནན་ཏན་བྱེད་པའི་སེམས་ཅན་དེ་དག་ཀྱང་ཤིན་ཏུ་བྱ་དཀའ་བ་བྱེད་པའོ། །སོར་མོའི་ཕྲེང་བས་གསོལ་པ། ཤིན་ཏུ་དཀའ་བ་བགྱིད་པ་དེ་ཇི་ལྟ་བུ་ལགས། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟ་སྟེ། དཔེར་ན། ས་ཆེན་པོ་ནི་ཁུར་ཆེན་པོ་བཞི་ཁྱེར་ཏེ། ཁུར་བཞི་གང་ཞེ་ན། ཆུའི་ཕུང་པོ་ཆེན་པོའི་ཁུར་དང༌། རིའི་ཁུར་དང༌། ཕྱི་རོལ་གྱི་རྩྭ་ དང༑ ཤིང་གེལ་པ་དང༌། ཤིང་གི་ཁུར་དང༌། སེམས་ཅན་ཐམས་ཅད་ཁུར་དུ་ཁྱེར་བ་སྟེ། དེ་ལྟར་ནས་ནི་ཁུར་ཆེན་པོ་བཞི་ཁྱེར་བའོ། །སོར་མོའི་ཕྲེང་བས་གསོལ་པ། ལྕིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ས་ནི་ཁུར་ཆེན་པོ་ཁྱེར་བ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ས་བས་གཞན་ལྷག་པར་ཁུར་ཁྱེར་བ་ཡོད་དོ། །གསོལ་པ། བཅོམ་ལྡན་འདས། སྐྱེས་ བུ་དམ་པ་དེ་གང་ལགས། བཀའ་སྩལ་པ། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། སེམས་ཅན་ཐམས་ཅད་ལ་ཕན་པར་སྟོན་པའི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ན། ཁུར་བཞི་ཁྱེར་བར་གྱུར་ཏེ། བཞི་གང་ཞེ་ན། སྐྱོན་ཆགས་པའི་ཡ་མཚན་ཅན་རྣམས་བསད་དོ་ཞེས་རབ་ཏུ་རྒྱུ་སྤྱོད་དེ་། འཇིགས་པ་ཁྱད་དུ་བསད་ནས་རང་གི་སྲོག་ཀྱང་བཏང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་དེ་ནི་རིའི་ཕུང་པོ་བས་ཆེས་ལྕི་བའི་ཁུར་དང་པོའོ། །དེ་དག་ལ་སོགས་པའི་སྐྱོན་ ཆགས་པའི་ཡ་མཚན་ཅན་མང་པོ་རྗེས་སུ་སྟོན་པ་ལ་ཁྲོ་བ་དང༌། འདོད་ཆེན་པོའི་ཚིག་ཐོས་ནས་དེ་དག་ལ་བཟོད་པ་ནི་ཆུའི་ཕུང་པོ་ལས་ལྷག་པའི་ཁུར་ཏེ་དེ་ནི་གཉིས་པའོ། །རྒྱལ་པོ་ དང༑ བློན་པོ་དང༌། དམག་དཔོན་དང༌། དབང་ཕྱུག་རྣམས་ཆོས་མཉན་པ་དང༌། ཆོས་ཀྱི་གཏམ་མཉན་པ་མི་རྙེད་པ་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྒྱས་པར་སྟོན་ཅིང་གང་དེའི་ཕྱོགས་ འཛིན་པ་དབང་ཕྱུག་དང༌། དམག་དཔོན་དང༌། བློན་པོ་ཆོས་མི་ཐོས་པ་དེ་དག་ལའང་འཆི་བར་ཆོས་སྟོན་ཅིང་འགྲོ་བ་ངན་པ་འཚལ་བའི་བློ་ཅན་དང༌། འོན་པ་དང༌། ལོང་བ་ཐོས་པ་མི་ ༄༅། །རྙེད་པ་ལ་ཆོས་རྣམས་སྟོན་པ་ནི་སེམས་ཅན་ཐམས་ཅད་ཀྱི་ཁུར་བས་ལྕི་བའི་ཁུར་གསུམ་པའོ། །ཀླ་ཀློའི་ཡུལ་གནས་པར་དཀའ་བ་མལ་སྟན་ རྙེད་པར་དཀའ་ཞིང་ཁ་ཟས་ངན་པ། གོས་ངན་པ། མལ་ཆ་ངན་པ། མུ་གེ་དང༌། འཁྲུག་པ་མང་པོ་དང༌། འགྲོ་བ་རྣམས་རྩོད་པ་དང༌། ཉོན་མོངས་པ་དང༌། བུད་མེད་ལ་བག་ མེད་པ་ཙམ་གྱི་ཡུལ་ལ་སྦྱོར་བའི་ཉོན་མོངས་པ་ལ་བཟོད་པར་བྱེད་པ་ལ་སོགས་ཏེ། སྡུག་བསྔལ་ཐམས་ཅད་ཀྱིས་རེག་ཅིང༌། གྲོང་དང༌། རི་བྲག་གི་གྲོང་དང༌། ལུང་པའི་ནང་དང༌། ཚོང་དུས་དང༌། རྩེད་མོའི་ས་དང༌། བུ་རམ་ཤིང་དང༌། འབྲས་ཐུབ་པོ་ཆེ་དང༌། སཱ་ལུ་དང༌། གྲོ་དང༌། ནས་དང༌། ཀ་ར་ས་དང༌། བྱ་ར་ཛ་དང༌། བྲམ་ཟེའི་གནས་ན་འདུག་པ་མི་རྙེད་ པའི་གནས་ལ་དམ་པའི་ཆོས་སྟོན་པ་དེ་ནི་རྩྭ་དང༌། ཤིང་གེལ་པ་དང༌། ཤིང་དང༌། རྡོ་བས་ལྷག་པར་ཁུར་ལྕི་བའི་ཁུར་ཆེན་པོ་བཞི་པའོ། །ཁུར་ཆེན་པོ་དེ་བཞི་གང་སྟོན་པ་དེ་ནི་ ཁུར་ཆེན་པོ་ཁྱེར་བའི་བྱང་ཆུབ་སེམས་དཔའ་ཡིན་ཏེ། དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ་རང་གི་སྲོག་ཀྱང་བོར་ཏེ། དེ་བཞིན་གཤེགས་པའི་སྙིང་ པོ་རབ་ཏུ་སྟོན་པ་དང༌། གང་དེའི་ཕྱོགས་འཛིན་པའི་འགྲོ་བ་དེ་དག་ཀྱང་ཤིན་ཏུ་དཀའ་བ་བྱེད་པའོ། །འགྲོ་བ་གང་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་ཐོས་ནས་ཡིད་ཆེས་པ་དེ་ དག་ཀྱང་ཤིན་ཏུ་དཀའ་བ་བྱེད་པའོ། །གཞན་ཡང༌། སོར་མོའི་ཕྲེང་བ། དེ་བཞིན་གཤེགས་པ་ནི་དཀའ་བ་བྱེད་པ་མ་ཡིན་གྱི། ཡང་རབ་ཏུ་དཀའ་བ་བྱེད་པ་ཡོད་དེ་བསྟན་ཏོ། །འདི་ལྟ་སྟེ། དཔེར་ ན༑ སྐྱེས་བུ་ལ་ལ་ཞིག་ཚེ་དཔག་ཏུ་མེད་པར་གྱུར་ཏེ། ལོ་བྱེ་བ་ཚད་མེད་པ་སྙེད་དུ་སྐྲའི་རྩེ་མོ་ཙམ་གྱིས་རྒྱ་མཚོའི་ཆུ་ཕྱགས་ཏེ་འདུག་ནས། ཡང་ལོ་བྱེ་བ་དཔག་ཏུ་མེད་པ་འདས་ཤིང་སྐྲའི་རྩེ་ མོས་རྒྱ་མཚོའི་ཆུ་ཕྱགས་ཏེ། དེ་ལྟ་བུའི་རྒྱ་མཚོ་ཐམས་ཅད་ཕྱགས་ཏེ། བ་ལང་གི་རྗེས་ཀྱི་ཆུ་ཙམ་དུ་བྱས་ན་དེ་དཀའ་བ་བྱེད་པ་ཡིན་ནམ། འོན་ཏེ་མ་ཡིན། གསོལ་པ། དེ་ནི་ཤིན་ཏུ་དཀའ་བ་ བགྱིད་པའི་མཐར་ཕྱིན་པ་སྟེ། དཀའ་བ་བགྱིད་པའོ་ཞེས་མཆི་མི་ནུས་སོ། །བཀའ་སྩལ་པ། དེ་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། གཞན་ཡང་ཤིན་ཏུ་དཀའ་བ་བྱེད་པ་ཡོད་ དོ༑ ༑དེ་གང་ལགས། བཀའ་སྩལ་པ། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ༑ གང་བདག་གི་སྲོག་ཀྱང་བཏང་ནས། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ པ་དེ་ནི་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོ། །གཞན་ཡང༌། སོར་མོའི་ཕྲེང་བ། དེ་བཞིན་གཤེགས་པ་ནི་དཀའ་བ་བྱེད་པ་མ་ཡིན་ཏེ། ཤིན་ཏུ་དཀའ་བ་ བྱེད་པ་གཞན་ཡང་ཡོད་དོ། །འདི་ལྟ་སྟེ། དཔེར་ན། སྐྱེས་བུ་ལ་ལ་ཞིག་གིས་རི་རབ་རིའི་རྒྱལ་པོ་དང༌། ས་དང་རྒྱ་མཚོ་ཆེན་པོར་བཅས་ཏེ། བདག་གི་ཕྲག་པ་ལ་ཐོགས་ནས་ལོ་བྱེ་ ༄༅། །བའི་བར་དུ་འདུག་ན་སྐྱེས་བུ་དེ་ཅི་འདྲ། སྟོབས་དང་ལྡན་པ་ཡིན་ནམ། འོན་ཏེ་མ་ཡིན། དེ་ཤིན་ཏུ་དཀའ་བ་བྱེད་པ་ཅི་འདྲ། གསོལ་པ། དེ་ནི་དེ་བཞིན་ གཤེགས་པའི་ཡུལ་ཏེ། ཉན་ཐོས་དང༌། རང་སངས་རྒྱས་ཀྱི་ཡུལ་མ་ལགས་སོ། །བཀའ་སྩལ་པ། དེ་ནི་སྟོབས་དང་ལྡན་པའང་མ་ཡིན། དཀའ་བ་བྱེད་པའང་མ་ཡིན་ཏེ། རྒྱ་ མཚོའི་ཆུ་ཐམས་ཅད་རྡུལ་ཕྲ་མོའི་རྩེ་མོའི་ཆ་ཤས་ཀྱིས་ལོ་བྱེ་བ་དང༌། བསྐལ་པ་མང་པོར་ཕྱགས་ཏེ། བ་ལང་གི་རྗེས་ཀྱི་ཆུ་ཙམ་དུ་བྱེད་ནུས་ཤིང༌། ས་དང༌། རི་རབ་དང༌། ཆུ་བོ་དང༌། རྒྱ་མཚོར་བཅས་ཏེ། བསྐལ་པ་མང་པོར་ཁུར་ཁྱེར་ནུས་ཀྱང༌། མ་འོངས་པའི་དུས་ན། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ་སྐྱེ་བོ་ ཕལ་པས་ཀྱང་དམ་པའི་ཆོས་སྟོན་མི་ནུས། དེ་བཞིན་གཤེགས་པའི་སྙིང་པོའང་འཆད་མི་ནུས་པ་དེའི་ཚེ། བྱང་ཆུབ་སེམས་དཔའ་མིའི་གླང་པོ་སེམས་ཅན་ལ་ཕན་པར་སྟོན་ པ་རྣམས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཅིང༌། དམ་པའི་ཆོས་འཛིན་པར་འགྱུར་ཏེ། དེ་ནི་ཤིན་ཏུ་དཀའ་བ་བྱེད་པར་བསྟན་ཏོ། །གཞན་ཡང༌། སོར་མོའི་ཕྲེང་བ། སྟོང་ གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མེའི་ཕུང་པོ་རབ་ཏུ་འབར་བ་ལ་ཁྱོར་བའི་ཆུས་ཞི་བར་ནུས་སམ། གསོལ་པ། མ་ལགས་སོ། །བཅོམ་ལྡན་འདས། ཅིའི་སླད་ དུ་ཞེ་ན། རྒྱ་མཚོའི་ཆབ་ཀྱིས་ཀྱང་མེ་དེ་ཞི་བར་མི་ནུས་ཏེ། ཁྱོར་བའི་ཆབ་ཀྱིས་ནི་ཁྱིམ་རབ་ཏུ་འབར་བ་ལའང་ཞི་བར་མི་ནུས་ན། སྟོང་གསུམ་གྱི་སྟོང་ཆེན་པོ་ལྟ་ག་ལ་ནུས། བཀའ་སྩལ་ པ༑ སོར་མོའི་ཕྲེང་བ། དེ་བཞིན་དུ་མ་འོངས་པའི་དུས་ན། ཚུལ་ཁྲིམས་དང་ལྡན་པའི་ཕྱོགས་བྲི། ངང་ཚུལ་ངན་པའི་ཕྱོགས་འཕེལ་བའི་དུས་ན། ནམ་དམ་པའི་ཆོས་ལོ་བརྒྱད་ ཅུའི་བར་དུ་གནས་པར་འགྱུར་བ་དེའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རང་གི་སྲོག་ཀྱང་བཏང༌། བྲན་ཕོ་དང༌། བྲན་མོ་དང༌། བ་ལང་དང༌། མ་ཧེ་ལ་སོགས་ བའི་ནོར་ངན་པ་རྣམ་པ་མང་པོའང་བྱིན་ནས་དམ་པའི་ཆོས་ཕྱུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྐྱེས་བུ་དམ་པ་དེ་ཅི་འདྲ། གསོལ་པ། བཅོམ་ལྡན་འདས་ཉིད་མཁྱེན་ ཏེ༑ ཉན་ཐོས་དང༌། རང་སངས་རྒྱས་ཀྱིས་མི་རིག་གོ །དེའི་དུས་ན་འཇིག་རྟེན་གྱི་ཆོས་རྣམ་པར་དག་པའང་བཤད་དཀའ་ན། འཇིག་རྟེན་ལས་འདས་པའི་ཆོས་རྣམ་པར་དག་པ་དེ་ བཞིན་གཤེགས་པའི་སྙིང་པོ་བསྟན་པ་ལྟ་ཅི་སྨོས། དེ་ལྟར་སྐྱེས་བུ་དམ་པ་དེ་སྟོང་གསུམ་གྱི་སྟོང་ཆེན་པོའི་མེའི་ཕུང་པོ་རབ་ཏུ་འབར་བ་ཁྱོར་བའི་ཆུས་ཞི་བར་བགྱི་བའི་སླད་དུ་ དེར་མཆི་ཞིང༌། ཤིན་ཏུ་དཀའ་བ་བགྱིད་པ་དེ་ནི་སྐྱེས་བུ་དེ་མ་ལགས་ཀྱི། དེ་བཞིན་གཤེགས་པ་ཉིད་ལགས་པ་སྙམ་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་[?] ༄༅། །ཀྱི་བུ༑ ལེགས་སོ། །ལེགས་སོ། །ངས་ཀྱང་ཚིག་དེ་སྐད་སྨྲས་སོ། །སྐྱེས་བུ་དེ་ཤིན་ཏུ་དཀའ་བ་བྱེད་པ་ནི་སངས་རྒྱས་ཐམས་ཅད་ཀྱིས་བསྐལ་པ་བྱེ་བ་སྙེད་ དུ་ཡོན་ཏན་བཤད་ཀྱང་དེའི་མཐའ་མི་རྙེད་དོ། །གཞན་ཡང༌། རིགས་ཀྱི་བུ། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ཆུའི་ཕུང་པོར་ཆུ་བོ་ཐམས་ཅད་འབབ་པ་མི་མངོན་པ་དེ་བཞིན་དུ་ སྐྱེས་བུ་དེའི་བློའི་ནང་དུ་འཇིག་རྟེན་ཐམས་ཅད་ཀྱི་བློ་དེའི་ནང་དུ་ཞུགས་པར་མི་སྣང་ངོ༌། །གཞན་ཡང༌། རིགས་ཀྱི་བུ། རྒྱ་མཚོ་ཆེན་པོ་ནི་སེམས་ཅན་གྱི་རོ་ཐམས་ཅད་མཐར་འབྱིན་ པ་དེ་བཞིན་དུ་སྐྱེས་བུ་དམ་པ་དེའང་མིག་ཟུར་ཡང་མི་བལྟ། ཁྱིམ་ལ་ཆགས་པའང་མེད། ཆོས་དང་མི་ལྡན་པ་རྣམས་དང་རིགས་འདྲེས་པའང་མེད། དེ་བཞིན་གཤེགས་པའི་སྙིང་ པོ་ལ་སྨོད་པ་བྱེད་པ་རྣམས་ཀྱང་སྤོང་སྟེ། སྐྱེས་བུ་དམ་པ་དེ་ལྟ་བུ་ནི་ཤིན་ཏུ་དཀའ་བ་བྱེད་པའོ། །གང་དེའི་ཕྱོགས་འཛིན་ཅིང་ཉན་པ་དེ་དག་ཀྱང༌། ངའི་ཉན་ཐོས་ཤིན་ཏུ་དཀའ་བ་ བྱེད་པ་ཡིན་ནོ། །གསོལ་པ། བཅོམ་ལྡན་འདས། མཚན་ཉིད་དུ་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་ སྩལ་པ། རིགས་ཀྱི་བུ། མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསར་ཡིན་ནོ། །བརྒྱད་གང་ཞེ་ན། ཆོས་ལ་སེམས་པ་དང༌། རྟོག་ཅིང་ གཞིག་པ་དང༌། ལེན་ཅིང་འཛིན་པ་དང༌། ཕ་མ་ལ་སྲི་ཞུ་ཆེ་བ་དང༌། རང་གི་སློབ་དཔོན་ལ་བྱས་པ་གཟོ་བ་དང༌། ལྟ་བ་ཐམས་ཅད་དང་མི་མཐུན་པ་དང༌། མཚན་མ་ཐམས་ཅད་ལ་ཁྱད་དུ་ གསོད་ཅིང་འདུལ་བ་ལ་མཁས་པ་དང༌། མི་རུང་བ་ཐམས་ཅད་སྤོང་བ་དང༌། འདོད་པ་མེད་པའི་སེམས། འདི་ལྟ་སྟེ། རྨི་ལམ་ནའང་ཁུ་བ་མི་འབྱུང་ཞིང་ཚུལ་ཁྲིམས་ལ་གུས་པར་བྱེད་ པའི་མཚན་ཉིད་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། ཐེག་པ་ ཆེན་པོ་སྟོན་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་གསལ་བར་སྟོན་ཅིང་གཏོང་བ་དང་ལྡན་པ་དང༌། ཟང་ཟིང་ལ་མི་བརྐམ་པ་དང༌། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་སུ་ལྡན་པ་དང༌། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་བཞིན་དུ་ལྟ་བ་དང༌། དེ་དགེ་བའི་བཤེས་གཉེན་ལ་བསྟེན་པ་དང༌། སྡིག་པའི་གྲོགས་པོ་ཡོངས་སུ་སྤོང་བ་དང༌། རྙེད་པ་དང༌། བཀུར་སྟི་ལ་ཆོག་ཤེས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་ དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། ཕན་པ་དང༌། རན་པ་དང༌། འཇམ་པར་སྨྲ་བ་དགའ་བ་དང༌། ཉོན་མོངས་པ་ཆུང་བ་བཟོད་པ་དང་ལྡན་པ་དང༌། མདོ་སྡེའི་མཐའ་ཐམས་ཅད་ ༄༅། །ཉན་པ་ལ་བཟོད་པ་དང༌། མིག་གཉིས་ཐུལ་བ་དང༌། སྙོམས་ལས་མེད་དེ་ལྡང་ཞིང་བག་ཡོད་པ་དང༌། བསླབ་པ་ལ་མོས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་ དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། བདེན་པ་དང༌། གཙང་བ་དང༌། གཙང་སྦྲ་བྱེད་པ་དང༌། མཁས་པ་དང༌། འོད་དང་ལྡན་ཞིང་གཟུགས་བཟང་བ་དང༌། བུད་མེད་དང་འགྲོགས་པ་སྤོང་བ་དང༌། གཉེན་གྱི་ཁྱིམ་ནས་རིང་དུ་ལྟ་བ་དང༌། གཙེ་བ་དེ་དང་དེས་ སྡིག་པའི་དགེ་སྦྱོང་ཐམས་ཅད་ལ་འཇིགས་པ་དང༌། ཐོས་མ་ཐག་ཏུ་ལུས་ཀྱི་སྤུ་ལངས་པར་འགྱུར་བ་དང༌། སྲོག་ཆགས་ཐམས་ཅད་ལ་བྱམས་ཤིང་སྙིང་བརྩེ་བ་སྟེ། མཚན་ཉིད་ བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །ཡང་མཚན་ཉིད་བརྒྱད་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ཏེ། བརྒྱད་གང་ཞེ་ན། བདུད་ ཀྱིས་བཤད་པ་དང༌། སངས་རྒྱས་ཀྱིས་བཀའ་སྩལ་པའི་བྱེ་བྲག་ཤེས་པ་དང༌། མདོ་སྡེ་ཤེས་པ་ལ་བཀུར་སྟི་བྱེད་པ་དང༌། འདུལ་བ་དང༌། འདུལ་བ་མ་ཡིན་པའི་བྱེ་བྲག་ཤེས་ ཏེ༑ མི་འཆབ་པ་དང༌། དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་པ་ལ་མཁས་པ་ཡིན། དེ་བཞིན་གཤེགས་པའི་གསུངས་པ་ཤེས། འཇིག་རྟེན་གྱི་ཕྱིར་འབྲང་བར་བྱ་བ་ཤེས། དེ་བཞིན་གཤེགས་པ་རྟག་པ་ཉིད་དུ་ཤེས་པ། སྡིག་པ་དང༌། སྡིག་པ་མེད་པ་དང༌། བྱང་ཆུབ་སེམས་དཔའི་བྱ་བ་ལ་མཁས་པ། ཡུལ་དང༌། དུས་དང༌། ཡེ་ཤེས་དང༌། བདག་གིས་ནུས་ པ་དང༌། རབ་ཏུ་ཤེས་པ་སྟེ། མཚན་ཉིད་བརྒྱད་པོ་དེ་དག་དང་ལྡན་ན། བྱང་ཆུབ་སེམས་དཔའ་གསར་ཡིན་ནོ། །མཚན་ཉིད་བཞི་བཅུ་པོ་དེ་དག་དང་ལྡན་ཏེ། ལུས་དྲན་པའི་ཆོས་དང་ ལྡན་པ་དེ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་གསར་ཞེས་བྱའོ། །གང་ལ་ཡོན་ཏན་བཞི་བཅུ་མེད་དེ་ཕྱེད་དམ། ཕྱེད་ཀྱིའང་ཕྱེད་ཡོད་པ་དེ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་ པའི་རིགས་ཀྱི་བུ་དང༌། རིགས་ཀྱི་བུ་མོར་རིག་པར་བྱ་སྟེ། བྱང་ཆུབ་སེམས་དཔར་བརྩི་བར་མི་གཏོགས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ནི་ཤིན་ཏུ་དཀའ་བ་བྱེད་ པའོ༑ ༑དེ་ལ་ཡོན་ཏན་གྱི་མཆོག་གང་ཞེ་ན། གཡེམ་པའི་འདུ་ཤེས་མེད་ཅིང་རྨི་ལམ་ནའང་ཁུ་བ་མི་འབྱུང་བ་དེ་ནི་རྒྱུ་དང་བཅས་པའི་མིར་རིག་པར་བྱ་སྟེ། བྱང་ཆུབ་ཀྱི་ཡན་ལག་ ཐམས་ཅད་ཀྱི་ཡོན་ཏན་གྱི་མཆོག་གོ །འཇམ་དཔལ་གཞོན་ནུར་གྱུར་པས། སོར་མོའི་ཕྲེང་བ་ལ་འདི་སྐད་ཅེས་སྨྲས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བཤད་པའི་དོན་ཅི། གལ་ཏེ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་སུ་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱིས་སྲོག་གཅོད་པ་དང༌། རྫུན་ ༄༅། །སྨྲ་བ་དང༌། ཆང་འཐུང་བ་དང༌། འཁྲིག་པ་དང༌། མ་བྱིན་པར་ལེན་པ་དང༌། མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་བྱར་རུང་ངམ། གལ་ཏེ་སངས་རྒྱས་ ཀྱི་དབྱིངས་སེམས་ཅན་ཐམས་ཅད་ལ་ཡོད་ན་གང་གི་ཚེ་བསྒྲལ་ཞིང་རབ་ཏུ་འཇུག་པར་འགྱུར། གལ་ཏེ་སངས་རྒྱས་ཀྱི་དབྱིངས་ཡོད་ན། ཐམས་ཅད་ཀྱིས་ཀྱང་མཚམས་མེད་པ་དང་། འདོད་ཆེན་པའི་ལས་བྱ་བར་འགྱུར་རོ། །གལ་ཏེ་སེམས་ཅན་ཐམས་ཅད་ལ་བདག་གི་དབྱིངས་ཡོད་ན། བདག་ཉིད་སྒྲོལ་བར་འགྱུར་ཏེ། ལས་ཀྱི་རྣམ་པར་སྨིན་པ་ལ་བདག་གི་དབྱིངས་ མེད་པས་ན། དེའི་ཕྱིར་འཇིག་རྟེན་དང༌། བདག་ལ་དབྱིངས་མེད་དེ། ཐམས་ཅད་ལ་བདག་མེད་པ་དེ་ནི་སངས་རྒྱས་ཀྱི་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། ཉོན་མོངས་པ་བྱེ་བས་གཡོགས་ནས་བུམ་པའི་ནང་གི་མར་མེ་བཞིན་དུ་འདུག་གོ །གཞན་ཡང༌། འཇམ་དཔལ་། འདུལ་སྦྱོང་བྱེད་པའི་བུ་གཅིག་བཅོམ་ལྡན་འདས་འོད་སྲུང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དེ་རིང་ནས་ལོ་བདུན་ན། འཁོར་ལོས་ བསྒྱུར་བའི་རྒྱལ་པོ་ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོར་འགྱུར་རོ། །ང་ཡང་ཞག་བདུན་ན་ཡོངས་སུ་མྱ་ངན་ལས་འདའོ་ཞེས་ལུང་བསྟན་ནས། འདུལ་སྦྱོང་བྱེད་པའི་བུ་དེ་རབ་ཏུ་ དགའ་བ་སྐྱེས་ནས། བདག་ནི་ཐམས་ཅད་མཁྱེན་པས་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་བསྟན་ཏེ། གདོན་མི་ཟ་བར་འགྱུར་སྙམ་ནས་དགའ་ཆེས་ཏེ། རང་གི་མ་ལ་སྨྲས་པ། མ༑ ཉ་དང༌། ཤ་དང༌། འོ་མ་དང༌། ཏིལ་གྱི་ལ་དུ་དང༌། ཞོ་དང༌། དོ་བ་དང༌། ཁུ་བ་དང༌། འབྲུ་དྲུས་པ་དག་སྩོལ་ཅིག །སྟོབས་ཆེན་པོར་བྱའོ་ཞེས་ཐམས་ཅད་བསྲེས་ཏེ་ཟོས་ནས། དུས་ མ་ཡིན་པ་ཙམ་གྱིས་ཤི་ནས་བདག་ཉིད་ཤི་བ། བདག་ཉིད་ཀྱིས་ཉམས་པར་བྱས་ན། ཅི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྫུན་གསུང་ངམ། དེ་སྟེ་ཐམས་ཅད་མཁྱེན་པ་མ་ ཡིན༑ འོན་ཏམ་དེ་ལ་འཁོར་ལོས་བསྒྱུར་བའི་དགེ་བའི་རྩ་བ་དང༌། བསོད་ནམས་རྣམ་པར་སྨིན་པ་མེད་དམ། གསོལ་པ། དེ་སྔོན་ལས་ངན་པ་བགྱིས་པས་གུམ་མོ། །བཅོམ་ལྡན་ འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་སྐད་མ་ཟེར་ཅིག །དེ་ནི་དུས་མ་ཡིན་པའི་ཙམ་བབ་པ་སྟེ། སྔོན་ལས་ངན་པ་བྱས་པ་མ་ཡིན་ནོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་ པ་ལུང་སྟོན་པ་ན། དེས་སྔོན་ལས་བྱས་པ་མི་མཁྱེན་པར་ལུང་བསྟན་རེ་སྐན། དེ་ནི་སྔོན་ལས་ངན་པ་བྱས་པས་ཤི་བ་མ་ཡིན་གྱི། བདག་ཉིད་ཀྱིས་ཉེས་ཏེ། བདག་གིས་བསད་དོ། ། འཇམ་དཔལ། དེ་བཞིན་དུ་སྐྱེས་པའམ། བུད་མེད་ཀྱང་རུང་སྟེ། གལ་ཏེ་དེ་བཞིན་གཤེགས་པའི་སྙིང་པོ་བདག་ལ་ཡོད་པས་དེ་ཉིད་སྒྲོལ་བར་འགྱུར་གྱི་སྡིག་པ་བྱའོ་སྙམ་སྟེ་སྡིག་པ་ ༄༅། །བྱས་ན་དེ་ཅི་བདག་གི་དབྱིངས་སྒྲོལ་བར་འགྱུར་རམ། སྔར་བཤད་པ་བཞིན་ཏེ། འདུལ་སྦྱོང་བྱེད་པའི་བུ་ལྟར་དབྱིངས་ཡོད་ཀྱང་མི་སྒྲོལ་ལོ། །དེ་ ཅིའི་ཕྱིར་ཞེ་ན། དེ་ཉིད་བག་མེད་པ་མང་པོ་དག་བག་མེད་པའི་ཕྱིར་ཆོས་ཀྱི་དབྱིངས་ཀྱིས་མི་སྒྲོལ་ལོ། །ཅི་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་དབྱིངས་མེད་དམ། སངས་རྒྱས་ ཀྱི་དབྱིངས་ནི་རྒྱལ་ཐབས་ཀྱི་རྣམ་པར་སྨིན་པ་བཞིན་སེམས་ཅན་ཐམས་ཅད་ལ་ཡོད་དོ། །སངས་རྒྱས་རྫུན་གསུངས་པ་ཡིན་ནམ། སངས་རྒྱས་ནི་རྫུན་གསུང་བ་མ་ཡིན་ཏེ། སེམས་ ཅན་རྫུན་སྨྲ་བ་རྣམས་བག་མེད་པར་མྱོས་ཤིང་བསྟན་པ་ཐོས་ནས་ཀྱང་དེ་དག་རང་གི་ཉེས་པས་སངས་རྒྱས་ཐོབ་པར་མི་འགྱུར་རོ། །གསོལ་པ། སེམས་ཅན་ཐམས་ཅད་ལ་སྔོན་ བགྱིས་པའི་ལས་མ་མཆིས་ཞེས་བགྱིའམ། བཀའ་སྩལ་པ། མདོ་སྡེ་ལས་ཡོད་ཅེས་འབྱུང་མོད་ཀྱི། ཐོས་པ་ཙམ་གྱིས་གྲངས་མེད་པའི་ཡང་གྲངས་མེད་པར་བྱས་པའི་ལས་ རྣམས་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་བསྐལ་པ་བྱེ་བ་གྲངས་མེད་པ་མང་པོ་ནས། འཇིག་རྟེན་གྱི་ཕྱིར་དམ་བཅས་ཏེ། བདག་གྲོལ་ནས་སེམས་ ཅན་ཐམས་ཅད་དགྲོལ་ལོ། །བདག་བརྒལ་ནས་སེམས་ཅན་ཐམས་ཅད་བསྒྲལ་ལོ་ཞེས་དེ་ལྟར་དམ་བཅས་པའི་དགེ་བའི་རྩ་བས། དེ་བཞིན་གཤེགས་པ་ཉི་མའི་འོད་ཀྱི་ གཟི་བརྗིད་ཀྱིས་ལས་བྱས་པ་མ་ལུས་པར་ཟད་པར་འགྱུར་རོ། །གཞན་ཡང༌། འདི་ལྟ་སྟེ། དཔེར་ན། འཇམ་དཔལ། སྤྲིན་དང༌། ཁུག་རྣ་དང༌། བ་མོའི་དྲི་མ་དང༌། ཉེས་པ་རྣམས་ནི་ཇི་ ཙམ་དུ་ཉི་མ་མ་ཤར་བ་དེ་ཙམ་དུ་འཇིག་རྟེན་ལ་སྒྲིབ་ཀྱི། ཉི་མ་ཤར་མ་ཐག་ཏུ་སེ་གོལ་གཏོགས་པ་སྲིད་ཀྱིས་ཟད་པར་འགྱུར་རོ། །དེ་བཞིན་དུ་སྡིག་པའི་ཕུང་པོ་གྲངས་མེད་པར་བྱས་ པའང་མདོ་སྡེ་འདིའི་ཉི་མ་མ་ཤར་བ་དེ་ཙམ་དུ་སེམས་ཅན་ཐམས་ཅད་འཁོར་བ་བྱེ་བར་ཀུན་ཏུ་འཁོར་གྱི་མདོ་སྡེ་འདིའི་ཉི་མ་ཤར་མ་ཐག་ཏུ་སྡིག་པའི་ཕུང་པོ་གྲངས་མེད་པར་བྱས་ པའང་སེ་གོལ་གཏོགས་པའི་སྲིད་ཀྱིས་ཟད་པར་འགྱུར་རོ། །དེ་བཞིན་གཤེགས་པའི་སྙིང་པོ་ལ་འཕྱས་པའམ། སྟིང་བའམ། ཁ་གཅུས་པའམ། གཞན་གྱི་ཕྱིར་འབྲང་བའམ། འདི་ ལས་ཕྱི་རོལ་པར་གྱུར་པའམ། ཕས་ཕམ་པའམ། མཚམས་མེད་པ་བྱས་པར་གྱུར་པ། གྲངས་མེད་པར་སྡིག་པ་བྱས་པ་དེའང་ཐང་ཅིག་ཙམ་གྱིས་ཟད་པར་འགྱུར་རོ། །དེ་ཅིའི་ཕྱིར་ ཞེ་ན༑ གང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་མཚན་ཐོས་པ་ཙམ་གྱིས་ཀྱང་སེམས་མ་བསྐྱེད་པའང་བྱང་ཆུབ་སེམས་དཔར་འགྱུར་རོ། །དེ་བས་ན་དེ་བཞིན་གཤེགས་པ་དེའི་སྨོན་ ལམ་གྱི་བྱེ་བྲག་གིས་བདག་དང༌། འཇིག་རྟེན་གྱི་ཕྱིར་བདག་གྲོལ་ནས་དགྲོལ་ལོ། །འཁོར་བ་བྱེ་བ་ན་གཉིད་ཀྱིས་ལོག་པའི་སེམས་ཅན་རྣམས་དམ་པའི་ཆོས་བྱེ་བས་སད་པར་བྱས་ཏེ་། ༄༅། །འཇམ་དཔལ། དེའི་ཕྱིར་དེ་བཞིན་གཤེགས་པའི་མཚན་ཐོས་པས། བྱང་ཆུབ་སེམས་དཔར་འགྱུར་ཏེ། བདག་ཉིད་ཀྱིས་ཉོན་མོངས་པ་བྱེ་བ་གཅད་ པའི་ཕྱིར་རིངས་པར་བྱའོ། །དེ་ལས་དེའི་ལུས་འཛིན་པར་འགྱུར་རོ། །འཇམ་དཔལ། ངས་བཤད་པ། ངས་ནི་མྱ་ངན་གྱི་ཟུག་རྡུ་བཅད་པའི་ལམ་བསྟན་ཏེ། དེ་བཞིན་གཤེགས་ པ་སྟོན་པ་ཡིན་གྱི་ད་ཁྱེད་ཀྱིས་ནན་ཏན་གྱིས་ཤིག་ཅེས་ངས་ལམ་བསྟན་ཏོ། །ལམ་བསྟན་པ་རྣམ་པ་གཉིས་ཏེ། རྣམ་པ་གཉིས་གང་ཞེ་ན། ཉན་ཐོས་ཀྱི་ཐེག་པའི་ལམ་དང༌། བྱང་ ཆུབ་སེམས་དཔའི་ལམ་མོ། །དེ་ལ་ཉན་ཐོས་ཀྱི་ཐེག་པའི་ལམ་ཞེས་བྱ་བ་ནི་འཕགས་པའི་ལམ་ཡན་ལག་བརྒྱད་པའོ། །བྱང་ཆུབ་སེམས་དཔའི་ལམ་ཞེས་བྱ་བ་ནི་སེམས་ཅན་ ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། ངའི་དབྱིངས་སུ་ངས་མི་གཡོ་བ་ཐོབ་པ་ལྟར། བདེ་བར་གཤེགས་པས་དགོངས་པའི་ཚུལ་གྱིས་ཉོན་མོངས་པ་བྱེ་བ་ གཅད་པར་བྱའོ། །གལ་ཏེ་མ་བཅད་ན་ངེས་པར་འཁོར་བའི་འཁོར་ལོར་ཡོངས་སུ་འཕྱན་ཏོ་ཞེས་མྱ་ངན་གྱི་ཟུག་རྡུ་བཅད་པའི་ལམ་ངས་བསྟན་ཏོ། །མྱ་ངན་ཅེས་བྱ་བ་ནི་ཉོན་ མོངས་པའི་དོན་ཏོ། །ཟུག་རྡུ་འབྱིན་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དྭགས་སོ། །བདག་གིས་ཉོན་མོངས་པ་བྱེ་བ་གཞོམ་པ་ནི་སྨན་པ་ལྟར་སྐྱུག་པ་དང༌། བཀྲུ་བ་ དང༑ བརྟོལ་བའི་དོན་བྱེད་པ་སྟེ། ཁྱེད་ཀྱང་རང་བཞིན་གྱིས་ང་ལ་བསྙེན་བཀུར་གྱིས་ཤིག་དང་ངས་དེ་བཞིན་གཤེགས་པའི་སྙིང་པོ་བཤད་དོ་ཞེས་བྱ་བའི་དོན་ཏོ། །ད་ཁྱེད་ཀྱི་ནན་ ཏན་གྱིས་ཤིག་ཅེས་བྱ་བ་དེ་ནི་དགོངས་ཏེ་གསུངས་པའི་དོན་ཏོ། །དེ་བཞིན་གཤེགས་པ་ནི་སྟོན་པའོ་ཞེས་བྱ་བའང་སྐྱེ་བ་འདི་ཆོད་ཅིག །ཆོད་ཅིག །སངས་རྒྱས་འབྱུང་བ་ནི་ཨུ་དུམྦ་རའི་མེ་ ཏོག་བཞིན་ནོ། །དད་པ་ཕུན་སུམ་ཚོགས་པ་ནི་གསེར་གྱི་གྲམ་བུ་བཞིན་ནོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མཉེས་པར་བྱེད་པ་ནི་ རུས་སྦལ་ཞར་བ་གཉའ་ཤིང་གི་བུ་གར་འཇུག་པ་བཞིན་ནོ། །དེ་བཞིན་གཤེགས་པའི་སྙིང་པོ་མདོ་སྡེ་འདིའི་དོན་མེད་པར་མ་བྱེད་ཅིག །ཚེ་དང༌། འཚོ་བའི་འབྲས་བུ་ཡོད་པར་གྱིས་ ཤིག །བདག་ཉིད་སྲིད་པ་ཐམས་ཅད་དང༌། ཉོན་མོངས་པའི་ནད་ཐམས་ཅད་ལས་སྒྲོལ་ཅིག །དེ་བས་ན་དེ་བཞིན་གཤེགས་པ་ནི་སྟོན་པ་སྟེ། བསོད་ནམས་ལ་གཡེལ་བ་བྱེད་ཀྱང་ སྡིག་པ་ལ་ཡིད་མི་དགའོ། །ངས་ཉན་ཐོས་ཀྱི་ཐེག་པ་ལས་བསྟན་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་ནི་ཤིན་ཏུ་རྙེད་པར་དཀའོ། །འཇིག་རྟེན་དཔེ་མེད་དེ། དེ་ལྟར་ཤིན་ཏུ་རྙེད་པར་ དཀའོ། །འཇིག་རྟེན་ན་དཔེ་མེད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་ལ་མྱུར་དུ་ལྟོས་ཏེ། དེ་ལྟར་གྱིས་ཤིག་པའི་དོན་ཏོ། །སྡིག་པ་ལ་ཡིད་མི་དགའ་བ་ཞེས་བཤད་པ་དེའི་དོན་ཅི། དེའི་དོན་ ༄༅། །བཤད་པར་བྱའོ། །སེམས་ནི་རང་བཞིན་གྱིས་ཡོངས་སུ་དག་པ་སྟེ། དགེ་སློང་རྣམས་མི་དགེ་བའི་གྲོགས་པོའི་སྟེན་གྱི་ཉེས་པས་དྲི་མ་ལྔ་ལ་སོགས་ པའི་དྲི་མ་མང་པོས་མདུན་དུ་བྱས་ཤིང་བསྐོར་ཏོ། །དྲི་མ་ལྔ་ལ་སོགས་པ་གང་ཞེ་ན། འདོད་པ་དང༌། སྲེད་པ་དང༌། གནོད་སེམས་མང་བ་དང༌། རྨུགས་པ་དང༌། གཉིད་དང་གསུམ་ སྟེ༑ རྒོད་པ་དང༌། ཐེ་ཚོམ་དེ་ལྔ་ནི་སེམས་སུན་འབྱིན་པའོ། །དྲི་མ་ལྔ་ལ་སོགས་ཏེ། དྲི་མ་མང་པོ་རྣམ་པར་དག་པར་བྱ་བའི་ཕྱིར་བརྩོན་པར་བྱའོ། །སེམས་རང་བཞིན་གྱིས་རྣམ་ པར་དག་པའི་དབང་དུ་བརྩོན་པར་བྱའོ། །རིངས་པར་རིངས་པར་ཞེས་བྱ་བ་ནི་ཇི་ཙམ་དུ་མདོ་སྡེ་སྤོང་བར་མ་གྱུར་པ་དང༌། ཇི་ཙམ་དུ་འདོད་ཆེན་པར་མ་གྱུར་པ་དེ་ཙམ་དུ་བདག་ཉིད་ བསྒྲལ་བའི་ཕྱིར་བརྩོན་པར་གྱིས་ཤིག །ཚིག་དེའི་དོན་ནི་འདི་ཡིན་ཏེ། སེམས་བཞིན་དུ་ཉོན་མོངས་པ་གློ་བུར་གྱི་དྲི་མ་བྱེ་བ་རྩ་བ་ནས་བརྐོ་བ་ནི་རིངས་པར་རིངས་པ་ཞེས་བྱ་བའི་ ཚིག་གི་དོན་ཏོ། །ཡིད་ནི་ཆོས་ཀྱི་སྔོན་དུ་འགྲོ་།ཡིད་གཙོ་ཡིད་ཀྱི་རང་བཞིན་ཏེ། །ཡིད་ནི་རབ་ཏུ་དང་བ་ཡིས། །བྱེད་པ་དང་ནི་སྨྲ་བ་དག །དེ་དག་བདེ་དང་ལྡན་པར་འགྱུར། །གྲིབ་མ་ བཞིན་དུ་རྗེས་སུ་འགྲོ་།ཉན་ཐོས་ཀྱི་ཐེག་པ་ལས་ཡིད་ཅེས་བྱ་བ་བསྟན་པའང་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བའི་དོན་ཏེ། ཡིད་རང་བཞིན་གྱིས་དག་པ་ཞེས་བྱ་བ་དེ་ གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ། །དེ་ནི་ཆོས་ཐམས་ཅད་ཀྱི་གཙོ་བོ་སྟེ། ཆོས་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོའི་རང་བཞིན་ནོ། །ཡང་ཡིད་རབ་ཏུ་དང་བས་ བྱེད་པ་ཞེས་བྱ་བ་ནི་ཉོན་མོངས་པ་བྱེ་བ་ཐམས་ཅད་བཅད་དེ་བདག་གི་དབྱིངས་བསྟན་ནས་གང་རབ་ཏུ་དང་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དོ། །དེ་ནས་ཕྱིས་སྨྲ་བ་དང༌། བྱེད་པ་ ཞེས་བྱ་བ་ནི་སངས་རྒྱས་ཐོབ་ནས་གང་སྨྲ་བ་དང༌། གང་བྱེད་པ་དེ་ཐམས་ཅད་འཇིག་རྟེན་རབ་ཏུ་སྒྲོལ་བ་སྟེ། དེའི་ཚེ་ཇི་ལྟར་མིས་གྲིབ་མ་མཐོང་བ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་ པོ་མཐོང་ངོ༌། །དེ་བས་ན་གྲིབ་མ་བཞིན་དུ་རྗེས་སུ་འབྲང་ཞེས་བྱ་སྟེ། ཚིགས་སུ་བཅད་པ་དེའི་དོན་ནི་འདིའོ། །ཡིད་ནི་ཆོས་ཀྱི་སྔོན་དུ་འགྲོ་།ཡིད་གཙོ་ཡིད་ཀྱི་རང་བཞིན་ཏེ། ཡིད་ནི་རབ་ ཏུ་འཁྲུགས་པ་ཡིན། །སྨྲས་པ་དང་ནི་བྱས་པ་དག །དེ་ནི་སྡུག་བསྔལ་ལྡན་པར་འགྱུར། །ཤིང་རྟ་རབ་ཏུ་དྲངས་པ་བཞིན། །ཚིགས་སུ་བཅད་པ་དེའི་དོན་ནི་ཉོན་མོངས་པ་བྱེ་བའི་དོན་ ནོ༑ ༑ཡིད་ཀྱང་རབ་ཏུ་འཁྲུགས་ཞེས་བྱ་བ་ནི་ཉོན་མོངས་པ་བྱེ་བས་གཡོགས་པས་འཁྲུགས་ཞེས་བྱའོ། །སེམས་གང་གྱུར་པ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཉོན་མོངས་པ་བྱེ་བའི་ ནང་དུ་ཞུགས་པའི་དོན་ཏོ། །དེ་ནས་སྨྲ་བ་དང༌། བྱེད་པ་ཐམས་ཅད་སྡུག་བསྔལ་གྱི་ཕྱིར་འགྲོ་སྟེ། ཤིང་རྟ་རབ་ཏུ་དྲངས་པ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོ་བ་ལང་གི་རྗེས་སུ་འགྲོ་བ་དེ་ ༄༅། །བཞིན་དུ། སྡིག་པའི་ཕུང་པོས་འཁོར་བའི་འཕང་ལོ་སེམས་ཅན་དམྱལ་བ་དང༌། དུད་འགྲོའི་སྐྱེ་གནས་སུ་སེམས་ཅན་རྣམས་རབ་ཏུ་འཁྱམ་མོ། །དེ་བས་ན་ བསོད་ནམས་ལ་གཡེལ་བར་བྱེད་ཀྱང་སྡིག་པ་ལ་ཡིད་མི་དགའ་བ་ཞེས་བྱ་བ་གྲུབ་བོ། །གཞན་ཡང༌། འཇམ་དཔལ། བ་ཡི་འོ་མ་ལ་མར་ཡོད་པར་རྟོགས་པས་མི་རྣམས་སྲུབ་ལ་། ཅིའི་ཕྱིར་ཆུ་ལ་མི་རྣམས་མི་སྲུབ་ཅེ་ན། རྫས་མེད་པའི་ཕྱིར་ཏེ། དེ་བཞིན་དུ། འཇམ་དཔལ། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པའི་ཕྱིར་མི་རྣམས་ཚུལ་ཁྲིམས་བསྲུང་ཞིང་ ཚངས་པར་སྤྱད་པ་སྤྱོད་དོ། །གཞན་ཡང༌། འཇམ་དཔལ། མི་གསེར་འདོད་པ་རྟོག་པ་དང་ལྡན་པ་བྲག་ལ་རྐོ་ལ། ཅིའི་ཕྱིར་ཤིང་ལ་མི་རྐོ། རྡོ་བ་གསེར་གྱི་དབྱིངས་ཡོད་པ་ལ་ནི་རྐོ་ཡི། ཤིང་གསེར་མེད་པ་ལ་མི་རྐོའོ། །དེ་བཞིན་དུ། འཇམ་དཔལ། དབྱིངས་ཡོད་པ་ལ་རྟོག་པའི་མི་རྣམས་བདག་སངས་རྒྱས་སུ་འགྱུར་རོ་སྙམ་སྟེ། ཚུལ་ཁྲིམས་སྲུང་ཞིང་ཚངས་པར་ སྤྱོད་དོ། །གཞན་ཡང༌། འཇམ་དཔལ། དབྱིངས་མེད་ན་ནི་ཚངས་པར་སྤྱོད་པ་དོན་མེད་པར་འགྱུར་རོ། །ལོ་བྱེ་བར་ཆུ་ལ་བསྲུབས་ཀྱང་སྣུམ་མི་འབྱུང་བ་དེ་བཞིན་དུ། གལ་ཏེ་བདག་ གི་དབྱིངས་མེད་ན། བདག་ལ་ཆགས་པའི་ཚངས་པ་དང༌། ཚུལ་ཁྲིམས་སྤྱོད་པ་རྣམས་དོན་མེད་པར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། ཚངས་པར་སྤྱོད་པ་ཚངས་པར་ སྤྱོད་པ་ཞེས་བགྱི་བ་དེའི་དོན་ཅི་ལགས། ཅིའི་ཕྱིར་དེ་བཞིན་གཤེགས་པས་འདོད་པའི་ཡོན་ཏན་ལ་རོལ་པ་སྤངས། སོར་མོའི་ཕྲེང་བས་ཀྱང་གསོལ་པ། ལྷ་དང༌། མི་མང་པོ་ངེས་པར་དེས་ལྟུང་ བའི་ཆོས་སུ་མཁྱེན་ནས་འདོད་པའི་འདུ་ཤེས་སྤངས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ། དེ་སྐད་མ་ཟེར་ཅིག །སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་ པའི་སྙིང་པོ་ཡོད་པས། སེམས་ཅན་ཐམས་ཅད་ཆོས་ཀྱི་སྤུན་ཡིན་ནོ། །བུད་མེད་ཐམས་ཅད་ནི་སྲིང་མོ་ཡིན་ནོ། །སོར་མོའི་ཕྲེང་བས་གསོལ་པ། རྒྱལ་པོ་ཟས་གཙང་མ་དང༌། ལྷ་མོ་སྒྱུ་ མའང་ལྕམ་དྲལ་ན། ཇི་ལྟར་ཡབ་ཡུམ་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འཇིག་རྟེན་གཞན་བསྒྲལ་བའི་ཕྱིར་སྒྱུ་མའི་བྱ་བས་བསྟན་ཏོ། །འདི་ལྟ་སྟེ། རྒྱལ་པོའི་གྱད་ གཉིས་སྐུགས་སྟོང་བཙུགས་ཏེ། དམ་བཅས་པས་གཅིག་ལ་གཅིག་རྡེག་ཅིང་མི་བརྩམས་པའི་ཚུལ་གྱིས་སྐུགས་སྟོང་འཕྲོག་པར་སྟོན་པས་རྒྱལ་པོ་དང༌། འཁོར་ཐམས་ཅད་དགའ་བར་ བྱེད་ན་འགྲོ་བ་རྣམས་ཀྱིས་དེའི་བྱེ་བྲག་མི་ཤེས་སོ། །དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཐབས་བྱས་ཏེ་ཡབ་ཡུམ་དང༌། བདག་ཉིད་སྐྱེས་བུ་བརྟན་པོར་སྟོན་ཏེ། དེ་ནས་ ཕྱིས་འགྲོ་བ་མང་པོའང་སྲིད་པའི་རྒྱ་མཚོ་མི་བཟད་པ་ལས་སྒྲོལ་ན། སེམས་ཅན་རྣམས་ཀྱིས་དེའི་བྱེ་བྲག་མི་ཤེས་སོ། །འདི་ལྟ་སྟེ། རོལ་མོ་ལ་འདུས་པའི་ནང་དུ་སྐྱེས་བུ་གར་མཁན་གར་ ༄༅། །བྱེད་ཅིང་གར་དང་ཏམ་གྱི་ཚིགས་སུ་སྐྱེས་པ་དང༌། བུད་མེད་དང༌། མ་ནིང་དུ་འགྱུར་ཏེ། འགྲོ་བ་མང་པོ་མྱུར་དུ་མགུ་བར་བྱེད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ ལྡན་འདས་ཀྱིས་ཀྱང་བདག་གི་ལུས་གར་མཁན་ཆེན་པོ་ལྟ་བུར་ལུས་བསྟན་ཏེ། སེམས་ཅན་བྱེ་བ་མང་པོ་སྒྲོལ་བ། སེམས་ཅན་རྣམས་ཀྱིས་སྐྱེས་བུའི་ཐབས་སུ་མི་ཤེས་སོ། །འདི་ ལྟ་སྟེ༑ རོལ་མོ་ལ་འདུས་པའི་དབུས་སུ་སྒྱུ་མ་བྱེད་པས། བདག་ཉིད་རྣམ་པ་མང་པོར་གཅོད་ཅིང་རྩེ་བས་འགྲོ་བ་མང་པོ་དགའ་བར་བྱས་པའང་སྣང་བའམ། ཕོག་པའང་མེད་དོ། དེ་བཞིན་དུ་སྒྱུ་མ་བྱེད་པ་ལྟར་བདག་ཉིད་སེམས་ཅན་མང་པོ་ལ་ཕན་པར་བྱ་བའི་ཕྱིར་བདག་ཉིད་སྒྱུ་མ་སྤྲུལ་པ་སྟོན་ཏོ། །ཡང་འཇམ་དཔལ། དེ་བཞིན་གཤེགས་པ་ནི་ཐམས་ ཅད་མཁྱེན་པ་ཡེ་ཤེས་ཐམས་ཅད་དང་ལྡན་པས། འཇིག་རྟེན་ཀུན་ལ་ལེགས་པར་རབ་ཏུ་གཟིགས་ན། ཐོག་མ་མེད་པ་ཚུན་ཆད་འཁོར་བར་འཕོ་ཞིང་འཁྱམས་པ་ན། མར་མ་ གྱུར་པ་མེད། སྲིང་མོར་མ་གྱུར་པ་མེད་དེ། མའང་ཆུང་མར་གྱུར། བྲན་ཡང་ཕར་གྱུར། ཕའང་བྲན་དུ་གྱུར་ཏེ། ཚེ་རབས་བྱེ་བ་མང་པོར་འཚོ་བའི་འཇིག་རྟེན་ནི་གར་མཁན་ བཞིན་བས་ན། དེ་བཞིན་གཤེགས་པས་ཚངས་པར་སྤྱོད་པ་མཛད་དོ།། །།བམ་པོ་བདུན་པ་སྟེ་ཐ་མ། གཞན་ཡང༌། འཇམ་དཔལ། རང་གི་དབྱིངས་དང་ལྷན་ཅིག་ ཏུ་འདོད་པའི་རྩེད་མོ་བྱས་པ་གང་ཅུང་ཟད་བདེ་བ་རང་གིས་བཟུང་སྟེ། སྨྲ་བ་བཞིན་དུ་འགྱུར་རོ། །བདག་ཉིད་མ་ནིང་དུ་སྐྱེས་ན། བདེ་བ་དེ་དང༌། སྡུག་བསྔལ་གྱི་ཕུང་པོ་འབྱུང་ངོ༌། །བུད་མེད་ ལའང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དེ། སྐྱེས་པའང་དེ་བཞིན་ནོ། །བདག་ཉིད་ཀྱིས་བཟུང་ནས་སྨྲ་བ་བཞིན་དུ་ཅི་རུང་བར་འགྱུར་རྣམ། དེའི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ དབྱིངས་ནི་དབྱིངས་གཅིག་གོ །ཚངས་པར་སྤྱོད་པ་བརྩམས་ཏེ། བདག་ཉིད་གཞག་པར་མི་འགྱུར་བའི་གན་དུ་དེ་བཞིན་གཤེགས་པ་ཕྱིན་ཏོ། །འཇམ་དཔལ་གྱིས་གསོལ་པ། ཅིའི་སླད་དུ་དེ་བཞིན་ གཤེགས་པས་དགེ་བསྙེན་ཕ་དང༌། དགེ་བསྙེན་མ་ཐམས་ཅད་ཚངས་པར་སྤྱོད་པ་ལ་རབ་ཏུ་མ་བཀོད། ཅིའི་སླད་དུ་དགེ་བསྙེན་དང༌། དགེ་བསྙེན་མ་དང༌། དགེ་སློང་དང༌། དགེ་སློང་ མ་རྣམས་ནི་ཀ་བ་བཞི་པའི་ཁང་པ་ལྟ་བུས་དམ་པའི་ཆོས་ཀྱི་རྒྱུར་དཔེ་བསྟན་ན། སྡིག་པ་ཆེན་པོའང་རབ་ཏུ་འབྱུང་བར་གདའ་སྟེ། ཅིའི་སླད་དུ་དགེ་བསྙེན་དང༌། དགེ་བསྙེན་མ་དག་དེ་ ལྟར་སྡིག་པ་རབ་ཏུ་གདའ་བར་གྱུར། ཅིའི་སླད་དུའང་དགེ་བསྙེན་དང༌། དགེ་བསྙེན་མ་རྣམས་ཀྱིས་འདུལ་བའི་ཆོས་བཅས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་ནི་འདུ་ཤེས་གཞན་ཏེ། འཇིག་རྟེན་གྱི་འདུ་ཤེས་ཀྱི་མིང་དུ་བཏགས་སོ། །དེ་བཞིན་གཤེགས་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གནས་ལ་བཀོད་ཀྱང་སྒྲ་གཅན་འཛིན་གྱི་ཚུལ་ ༄༅། །དུ་འཛིན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་འདུ་ཤེས་དང༌། འཇིག་རྟེན་གྱི་འདུ་ཤེས་ཀྱང་ཐ་དད་པ་དེ་དྲི་བ་འདི་ནི་མི་དྲི་བ་ཞེས་བྱའོ། །འཇམ་དཔལ། སེམས་ཅན་ཐམས་ཅད་ཀྱི་དབྱིངས་ཡིན་པས་ན། སྲོག་གཅོད་པ་སྤངས་པ་ནི་སངས་རྒྱས་སོ། །རིགས་ཀྱི་བུ། ཇི་ལྟར་བདག་གསོད་པ་ལྟར་འཇིག་རྟེན་ན་སྲོག་གཅོད་པའང་དེ་བཞིན་ ཏེ༑ བདག་ཉིད་ཀྱི་དབྱིངས་འཇོམས་པའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། ཅིའི་སླད་དུ་སྒྲ་གཅན་འཛིན་བཞིན་དུ་མཚུངས་པར་གཟིགས་ལ། བདག་ཉིད་ ཀྱི་དབྱིངས་འཆང་བ་སྐྱོན་ཆགས་པ་ཡ་མཚན་ཅན་རྣམས་ཆད་པས་བཅད་ཅིང་བསད་པར་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། དེ་སྐད་མ་ཟིར་ ཅིག་༑དེ་བཞིན་གཤེགས་པ་ནི་སྒྲ་གཅན་འཛིན་དང་མཚུངས་པར་གཟིགས་སོ། །འདི་ལྟ་སྟེ། འཇམ་དཔལ། སྐྱེས་བུ་ཆོས་འདོད་པ་ཞིག་བདག་ཉིད་དུས་གཉིས་སུ་ཟ་བ་ལས་ ལ་ལ་ཞིག་གིས་བསྟན་ཏེ། ཟས་ལན་གཅིག་པར་གྱུར་ན། སྲིན་བུའི་རིགས་བརྒྱད་ཅུ་གསོད་པར་འགྱུར་རོ། །ཇི་སྟེ་དེ་ལྟར་གྱུར་ན་དེ་དག་ལ་སྲོག་གཅོད་པ་དག་པར་མི་འགྱུར་ རོ༑ ༑གཞན་ཡང༌། འཇམ་དཔལ། ཤིན་ཏུ་བདེ་བ་འདོད་པའི་བདེ་བ་དེ་ལས་ཕྱིར་ཕྱོགས་པའི་འཕགས་པ་འདོད་པ་འཇོམས་པ་ནི་བདག་གསོད་པའོ། །གལ་ཏེ་འཕགས་པ་ རྣམས་དེ་ལྟར་གྱུར་ན། བདག་གསོད་པའི་སྡིག་པར་འགྱུར་རོ། །གལ་ཏེ་འདོད་པའི་སེམས་བསྐྱེད་ཅིང་གཞན་གྱི་དྲུང་དུ་གནས་ཏེ། བདག་འདོད་པའི་སེམས་སྐྱེས་ན་ཇི་ལྟར་བྱ་ཞེས་མ་ཟེར་ ཅིག་༑དེ་ལས་ངོ་ཚ་བ་སྐྱེ་བར་འགྱུར་རོ། །ངའི་ལུས་གཅིག་ཡོད་ཀྱང་རུང༌། མེད་ཀྱང་དཔའ་བོ་ལྟར་འདུག་པས་བདག་གསོད་པ་ནི་བདག་གི་ཁམས་འཇོམས་པར་འགྱུར་རམ། དེ་མ་ལགས་ སོ༑ ༑བཅོམ་ལྡན་འདས། དེ་ནི་བསོད་ནམས་ཀྱི་ཕུང་པོའོ། །དེ་བཞིན་དུ། འཇམ་དཔལ། འཕགས་པའང་འདི་ལྟར་བདག་གསོད་དེ། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས་པའི་དུག་གི་ཕྱིར་ཏེ། གཞན་གསོད་པར་མི་འགྱུར་རོ། །སངས་རྒྱས་ཀྱི་ཆོས་ཀྱི་ཚིག་ནི་སྐྱོན་ཆགས་པའི་ཡ་མཚན་ཅན་དམ་པའི་ཆོས་འཇིག་པ་རྣམས་བདག་གི་ཉོན་མོངས་པ་མི་ཟད་པ་ལྟར་དེ་བག་མེད་པར་ བྱེད་ཅིང༌། ཚུལ་མ་ཡིན་པར་གནོད་པའང་བྱེད་དུ་འཇུག་སྟེ། དེ་དག་ནི་བདག་ལ་མཆོད་པ་ཡིན་ནོ། །ཇི་ལྟར་བདག་སྡུག་པར་འདོད་པ་དང༌། བདེ་བ་དང༌། ཟས་དང༌། སྲོག་འདོར་བ་དེ་ བཞིན་དུ། བདག་སྤོང་བར་འདོད་པས་སྐྱོན་ཆགས་པའི་ཡ་མཚན་རྣམས་ཆད་པས་གཅོད་པ་དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་རིག་པ་ཡིན་ནོ། འཇམ་དཔལ་གྱིས་གསོལ་པ། ཅི་དེ་བཞིན་ གཤེགས་པའི་སྙིང་པོའི་སླད་དུ་སངས་རྒྱས་རྣམས་ཤ་མི་གསོལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། ཤིན་ཏུ་དེ་བཞིན་ཏེ། ཐོག་མ་དང༌། ཐ་མ་མེད་པའི་འཁོར་ ༄༅། །བར་འཁོར་བའི་ཚེ་རབས་དེ་དག་ལ་སེམས་ཅན་ཐམས་ཅད་མར་མ་གྱུར་པ་དང༌། སྲིང་མོར་མ་གྱུར་པ་གང་ཡང་མེད་དོ། །ཁྱིར་གྱུར་པའང་པར་གྱུར་ ཏེ༑ འཚོ་བའི་འཇིག་རྟེན་ནི་བྲོ་མཁན་བཞིན་ནོ། །དེ་བས་ན་བདག་གི་ཤ་དང༌། གཞན་གྱི་ཤའང་ཤ་གཅིག་པ་ཡིན་པས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །གཞན་ཡང་། འཇམ་དཔལ། སེམས་ཅན་ཐམས་ཅད་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཏེ། དབྱིངས་གཅིག་ཏུ་གྱུར་པའི་ཤ་ཟ་བར་འགྱུར་བས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །འཇམ་ དཔལ་གྱིས་གསོལ་པ། སྦྲང་རྩི་དང༌། དུང་དང༌། ལྷ་མ་དང༌། དར་གྱི་སྲིན་བུ་ལ་སོགས་པ་རང་གི་དབྱིངས་ཀྱི་ཤ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་། འཇམ་དཔལ། དེ་སྐད་མ་ཟེར་ཅིག །སངས་རྒྱས་ནི་འཇིག་རྟེན་པ་ཐམས་ཅད་ཀྱི་ལུས་སྤངས་པ་ཡིན་ཏེ། སངས་རྒྱས་ནི་ཟང་ཟིང་མེད་པ་ཡིན་ན་ཆགས་པའི་རྫས་ཅི་ལའང་བསྟེན་པ་ དེ་ནི་གནས་མ་ཡིན་ཏེ། ཟང་ཟིང་ལ་བསྙེན་པ་ནི་ཐབས་ཀྱི་ཆོས་ཉིད་དོ། །འདི་རྫས་གཅིག་ནས་གཅིག་ཏུ་འོངས་པ་ལ་བསྙེན་པར་བྱེད་དེ། རྫས་གང་ནས་འབྱུང་བ་དེ་དང་དེར་བསྙེན་ བར་མི་བྱའོ། །གསོད་པའི་ལག་མ་ཡིན་པར་གཅིག་ནས་གཅིག་ཏུ་འོངས་པ་ནི་བསྙེན་དུ་རུང་ངོ༌། །འཇམ་དཔལ་གྱིས་གསོལ་པ། ཚོང་འདུས་གཅིག་ན་ལྷམ་མཁན་གྱིས་ཀོ་བ་ ལས་ལྷམ་དྲུབས་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕུལ་ན། གཅིག་ནས་གཅིག་ཏུ་མཆིས་པ་དེ་བཞེས་སམ། འཇམ་དཔལ་གྱིས་ གསོལ་པ། གལ་ཏེ་མ་ཧེ་རང་ཆོས་བཞིན་དུ་གསུམ་ནས། མ་ཧེ་བདག་པོ་གདོལ་པ་ལས་ཀོ་བ་བླངས་ཏེ། ལྷམ་མཁན་བཙལ་ནས་ལྷམ་དུ་དྲུབས་ཏེ། ཚུལ་ཁྲིམས་དང་ལྡན་པ་ལ་སྩལ་ན་ དེ་གཅིག་ནས་གཅིག་ཏུ་མཆིས་པ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ཧེ་ཆོས་བཞིན་དུ་ཤི་བར་གྱུར་ལ། མ་ཧེ་བདག་པོས་ལྷམ་དྲུག་ཏུ་བཅུག་ནས་ཚུལ་ཁྲིམས་ དང་ལྡན་པ་ལ་བྱིན་ན་བླང་བར་བྱའམ། འོན་ཏེ་མ་བླངས་ན་དགེ་སློང་དང་མཐུན་ནམ། སྙིང་རྗེ་མེད་པ་ཡིན་ཏེ། ཚུལ་ཁྲིམས་རལ་བར་མི་འགྱུར་བ་མ་ཡིན་ནོ། །འཇམ་དཔལ་གྱིས་ གསོལ་པ། རྨོ་བརྐོ་ཡང་བགྱིར་མི་རུང་ངོ༌། །ཆུ་མི་གཙང་བས་བཙོས་པའི་ཟས་ཀྱང་མི་བླང་ངོ༌། །དེ་ལྟ་ལགས་ན་དགེ་སློང་དག་དེ་ལྟ་བུ་གདའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནི་འཇིག་རྟེན་གྱི་འདུ་ཤེས་ཞེས་བྱ་སྟེ། གལ་ཏེ་དགེ་བསྙེན་ཡོད་ན་ནི་ཟས་དང༌། སྐོམ་ཆུ་གཙང་མ་དང་སྦྱོར་ཅིག །གང་ན་དགེ་བསྙེན་ཡོད་པར་རྨོ་བརྐོ་མི་བྱའོ། །གང་ན་དགེ་བསྙེན་ མེད་པ་དེར་སངས་རྒྱས་ཀྱིས་ཀྱང་ཇི་ལྟར་བྱ། ཐང་ལའང་སྲོག་ཆགས་ཡོད། ཆུའི་ནང་ནའང་སྲོག་ཆགས་ཡོད། ནམ་མཁའ་ལའང་སྲོག་ཆགས་ཡོད་དོ། །གལ་ཏེ་དེ་ལྟར་རྣམ་པར་དག་ ༄༅། །པ་གྲུབ་པ་རྣམས་ལ་སྡིག་པར་མི་འགྱུར་རམ། རྣམ་པར་དག་པ་གྲུབ་པ་དེ་དག་ཇི་ལྟར་རྒྱུ། དེ་དག་འཇིག་རྟེན་ན་མི་འདྲི་བ་ཞེས་བྱ་བའི་དྲི་བའོ། །འཇམ་ དཔལ་གྱིས་གསོལ་པ། བཅོམ་ལྡན་འདས། འཇིག་རྟེན་པའང་རིང་ཞིག་ཚུན་ཆད་བདག་ཉིད་ཤ་ཟ་བ་ལ་མི་གནས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འཇིག་ རྟེན་པ་ལ་སངས་རྒྱས་ཀྱི་ཚིག་དང་མཐུན་པ་ཡོད་པ་དེའང་ཐམས་ཅད་དུ་ཐམས་ཅད་སངས་རྒྱས་ཀྱི་ཚིག་ཏུ་རིག་པར་བྱའོ། །འཇམ་དཔལ། འཇིག་རྟེན་པ་རྣམས་ཀྱང་ཐར་པ་ བརྗོད་དེ། དེ་དག་ལ་ཐར་པ་མེད་ཀྱི། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཐར་པ་ཡོད་དོ། །དེ་དག་ལའང་རབ་ཏུ་འབྱུང་བ་ཡོད་དེ། དེ་དག་གི་རབ་ཏུ་འབྱུང་བ་མ་ཡིན་ནོ། །བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་ནི་རབ་ཏུ་འབྱུང་བ་ཡོད་དོ། །འཇིག་རྟེན་པ་ལའང་ཤ་ཟ་བ་ནི་བདག་ཉིད་ཟ་བའོ་ཞེས་བརྗོད་དེ། དེའང་བདག་ཉིད་བདག་ཉིད་ཀྱི་ཤ་ལ་མི་ཟ་སྟེ། བཅོམ་ ལྡན་འདས་ཀྱི་བསྟན་པ་ལ་ནི་བདག་ཉིད་ཀྱི་ཤ་ཟ་བར་ངེས་སོ། །འཇམ་དཔལ། འཇིག་རྟེན་དུ་ཡ་མཚན་ཅན་ཐམས་ཅད་བྱུང་བ་མདོ་སྡེ་འདི་ལ་བསྟན་པ་ཉན་འདོད་དམ། གསོལ་ པ༑ བཅོམ་ལྡན་འདས། འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། སྔོན་འདས་པའི་དུས་ན་བྱུང་བ་གྲངས་མེད་པའི་བསྐལ་པ་བས་ཀྱང་ཆེས་གྲངས་མེད་ པ༑ བསྐལ་པ་ཡངས་པ་བས་ཀྱང་ཆེས་ཡངས་པ། དཔག་ཏུ་མེད་པ་བས་ཀྱང་ཆེས་དཔག་ཏུ་མེད་པ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་ཀོ་སན་ཏ་བཟང་པོ་ཞེས་བྱ་བ་འཇིག་རྟེན་དུ་གྲོང་ འདིར་བྱུང་སྟེ། དེའི་ཚེ་ཡ་མཚན་ཅན་མེད་ཅིང་ཡ་མཚན་ཅན་གྱི་མིང་ཡང་མེད་དོ། །སེམས་ཅན་ཐེག་པ་ཆེན་པོ་བར་གྱུར་ཏེ། སེམས་ཅན་རྣམས་ཤིན་ཏུ་བདེ་བ་དང་ལྡན་པར་གྱུར་ཏོ། །དེའི་ ཚེ་དེ་བཞིན་གཤེགས་པ་དེ་འཇིག་རྟེན་གྱི་ཁམས་འདིར་ལོ་མང་དུ་ཞུགས་ནས་ཡོངས་སུ་མྱ་ངན་ལས་འདས་སོ། །ཡོངས་སུ་མྱ་ངན་ལས་འདས་པའི་བསྟན་པའང་ལོ་མང་དུ་གནས་ནས། དམ་པའི་ཆོས་ནུབ་པར་གྱུར་པའི་ཚེ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་བྲི་བའི་དུས་ན། ཆོས་མ་ཡིན་པའི་ཕྱོགས་འཕེལ་བའི་ཚེ། དགེ་སློང་སངས་རྒྱས་ཀྱི་བློ་གྲོས་ཞེས་བྱ་བ་ཞིག་དགོན་ པ་ན་གནས་ཏེ། དགེ་སློང་དེ་ལ་སེམས་ཅན་དགེ་བའི་རྩ་བ་དང་ལྡན་པ་གཅིག་གིས། རིན་ཐང་མེད་པའི་གོས་བྱིན་ནས། དགེ་སློང་དེས་རྗེས་སུ་བཟུང་བའི་ཕྱིར་བླངས་ཏེ། ཨི་ཤིན་འདར་ར་ བའི་དྲུང་ནས་ཕར་བསྟན་ཏེ་སོང་བ་དང༌། ཨི་ཤིན་འདའི་མིས་གོས་དེ་མཐོང་ནས་སེམས་བཟློག་སྟེ། ནུབ་མོ་མུན་ཁུང་ན་དགེ་སློང་དེའི་ཐད་དུ་སོང་སྟེ། གོས་དེ་ཕྲོགས་ནས་རི་ཁྲོད་དུ་ཁྲིད་དེ། གཅེར་བུར་ཕྱུང་ནས། ཤིང་ལ་ལག་པ་གྱེན་དུ་དམ་པོར་བཅིངས་ཏེ་སོང་ངོ༌། །དེའི་ནུབ་མོ་མུན་ཁུང་ན་མེ་ཏོག་འཐུ་བའི་བྲམ་ཟེ་སྐོན་པ་ཐོགས་ཏེ། འབྲོག་དགོན་པར་འོངས་ནས་ནམ་ལངས་ ༄༅། །ཏེ༑ ཙམ་པ་ཀ་ཞིག་གི་དྲུང་ན་སྟག་འདུག་པས་སྐྲག་སྟེ། སྟག་དེས་བསད་ལ་ཐུག་པ་དང༌། ཅི་ཐར་དུ་བྲོས་ཏེ། བདག་ཉིད་རབ་ཏུ་མི་དགའ་ཞིང་སོང་སོང་ན་ དགེ་སྦྱོང་གཅེར་བུར་བཅིངས་པ་མཐོང་ནས། ཀྱེ་མ་དགེ་སྦྱོང་དགོན་པ་དུར་སྨྲིག་ཅན་འདིར་འོངས་ན། དུར་སྨྲིག་གི་རྒྱལ་མཚན་གྱིས་ནི་ཐར་པར་མི་འགྱུར་བ་ལྟ་ཞིག་སྙམ་སྟེ། ལག་ པ་བསྒྲེང་ནས་ལུས་གཅེར་བུར་བྱུང་ལ་དཀའ་ཐུབ་སྤྱད་པར་བྱའོ་སྙམ་ནས། ལམ་འདི་ངེས་པར་ཐར་པའི་ལམ་དུ་ལེགས་པར་གྲུབ་པ་ཡིན་ནམ་ཞེས་དམ་པའི་ཆོས་གཞིག་པའི་ ཕྱིར་བདག་གི་གོས་ངན་པ་བོར་ཏེ། སྐྲ་བཏོགས་ནས་མགོ་རེག་གཅེར་བུ་པའི་དགེ་སྦྱོང་དུ་འགྱུར་ཏེ། དེ་ལས་དགེ་སྦྱོང་གཅེར་བུ་པ་བྱུང་ངོ༌། །དགེ་སློང་དེ་བདག་ཉིད་བཅིངས་པ་ཁྲོལ་ ནས་ཤིང་ཤུན་བླངས་ཏེ་ས་སེར་པོས་བྱུགས་ནས། ཐང་ལ་འགྲོ་བ་བྲམ་ཟེ་ཞིག་གིས་མཐོང་ནས། སྔར་བཤད་པ་བཞིན་དུ་མཐོང་བ་དང༌། འདི་ནི་དུར་སྨྲིག་གྱོན་པའི་དགེ་སློང་སྟེ། ངུར་སྨྲིག་བོར་ལ། བཙག་གིས་བྱུགས་ཏེ་སོང་ན། ཐར་པའི་ལམ་ནི་འདི་ཡིན་པ་སྙམ་སྟེ། འདི་ནི་དགེ་བར་འགྲོ་བའམ། ཅི་ཞེས་དེ་ཀུན་ཏུ་རྒྱུ་བར་གྱུར་ཏེ། དེ་ལས་མུར་འདུག་ ཀུན་ཏུ་རྒྱུ་བ་བྱུང་ངོ༌། །དགེ་སློང་ཕྱེ་མ་རེད་ཆུར་ཞུགས་ཏེ། རང་གི་ཀླད་པའི་རྨ་ཆུས་བཀྲུས་ནས་སྐྲ་འཇམ་པོས་ཀླད་པའི་རྨ་གཡོགས་ཏེ། སྦྲུལ་བསད་པའི་རས་བ་ལང་རྫིས་བོར་བ་ གྱོན་ཏེ། ཁྲུས་བྱེད་པ་དེ་སྐྱེས་བུ་ཤིང་འཐུ་བ་གཞན་ཞིག་གིས་མཐོང་སྟེ། སྔ་མ་ལྟར་དགེ་སློང་དེ་ཉོན་མོངས་པ་མཐོང་ནས། དགེ་སྦྱོང་འདི་ནི་ངུར་སྨྲིག་གྱོན་ཏེ། རྒྱལ་མཚན་ངུར་སྨྲིག་གིས་ ནི་ཐར་པར་མི་འགྱུར་བ་སྙམ་དུ་བསམས་ནས། རལ་པ་རིང་པོར་བྱས་ཏེ། རྩྭ་གོས་གྱོན་ནས་དུས་གསུམ་དུ་ཁྲུས་བྱེད་པའི་དཀའ་ཐུབ་སྤྱོད་པ་ཡིན་དུ་བཟུང་ནས། དེ་དགེ་བ་ཡིན་ནམ་ཞེས་འདི་ ཉིད་ཐར་པའི་ལམ་སྟེ། གཞན་མ་ཡིན་ནོ་ཞེས་དཀའ་ཐུབ་ཅན་དུ་གྱུར་ཏེ། དེ་ཚུན་ཆད་ཡ་མཚན་ཅན་དཀའ་ཐུབ་བྱེད་པ་བྱུང་ངོ༌། །དགེ་སྦྱོང་དེ་ཆུར་ཞུགས་ཏེ་རྨ་མང་པོ་ཐམས་ཅད་ལ་རང་ གིས་ཡོག་སྟེ། རང་གི་ལུས་རྡུལ་གྱིས་གང་ཞིང་སྦྲང་མ་འདུས་ཞིང་དགེ་སློང་དེ་སྐྲ་འཇམ་བོས་གཡོགས་པ་མཐོང་ནས། མུར་འདུག་སྤྱོད་པ་དང༌། ཕྱུགས་བདག་པོ་རྣམས་དེ་ལྟར་བྱུང་ངོ༌། ། དགེ་སློང་དེ་བ་ལང་གི་ལྕི་བ་ཡར་ཀེ་མའི་མེ་བུས་ཏེ་བསྲོ་བ་སྐྱེས་བུ་ཉོན་མོངས་པ་གཞན་ཞིག་གིས་མཐོང་ནས། བ་ལང་གི་ལྕི་བའི་རིལ་བུ་ཅན་ཐོག་མ་དེ་ནས་བྱུང་ངོ༌། །དགེ་སློང་དེ་རྨ་ལ་ སྡུག་བསྔལ་རེག་པར་ཤེས་ནས། དཔའ་བོ་ལྟར་འདུག་པ་སྐྱེས་བུ་ཉོན་མོངས་པ་གཞན་ཞིག་གིས་སྔ་མ་བཞིན་དུ་མཐོང་སྟེ། ངུར་སྨྲིག་གྱོན་པ་ནི་ཐར་པར་མི་འགྱུར་རོ་སྙམ་ནས་ཅི་ལེགས་ པར་འགྲོའམ་སྙམ་སྟེ། མི་གཡོ་བའི་སར་འགྲོ་བ་ཐར་པ་ཡིན་སྙམ་དུ་བསམས་ནས། མི་གཡོ་བའི་ས་མྱ་ངན་དུ་འགྲོ་བར་གྱུར་ཏོ། །དེ་ལྟར་ཡ་མཚན་ཅན་དགུ་བཅུ་རྩ་དྲུག་གི་བར་དུ་ ༄༅། །གྱུར་པ་རྣམས་ཀྱང་སོ་སོ་ནས་དེར་ལྷགས་ཏེ། དགེ་སློང་དེ་ཅི་དང༌། ཅི་ལྟ་བ་མཐོང་ནས་ལོག་པའི་ལྟ་བས་གཞན་དང༌། གཞན་དུ་བརྟགས་སོ། །འདི་ལྟ་སྟེ། དཔེར་ན། ཕན་ཚུན་དུ་རི་དྭགས་སུ་མཐོང་ནས། རི་དྭགས་གསད་སྙམ་དུ་བསམས་ནས། གཅིག་ལ་གཅིག་གསོད་པ་དེ་བཞིན་དུ་ཡ་མཚན་དགུ་བཅུ་རྩ་དྲུག་ཀྱང་དེ་ལྟར་བྱུང་ངོ༌། ། དཔེར་ན། དབྱར་ཟླ་ར་བ་རི་དྭགས་རྣམས་སྨིག་རྒྱུ་བ་ལ་ཆུ་ཡིན་སྙམ་དུ་བསམས་ཏེ། འཆི་བར་འགྱུར་བ་དེ་བཞིན་དུ་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ན་དགེ་སློང་གི་གཞི་ ལས་གཞན་དུ་གྱུར་ཏེ། འཇམ་དཔལ། དེ་ལྟར་འཇིག་རྟེན་པའི་ཚུལ་ཁྲིམས་དང༌། སྤྱོད་པ་དང༌། བྱ་བའི་མཆོག་ཐམས་ཅད་ཀྱང་སངས་རྒྱས་ཀྱིས་སྤྲུལ་པའོ། །དམ་པའི་ཆོས་ ནུབ་པར་འགྱུར་བའི་དུས་ན་དེ་ལྟ་བུ་བྱུང་ན་ཆོས་ནུབ་པར་འགྱུར་རོ། །འཇམ་དཔལ། དེ་བཞིན་དུ་བདག་གི་དེ་ཁོ་ན་འདི་འདྲ་དེ་འདྲའོ་ཞེས་ལོག་པར་ལྟ་བ་བཞིན་དུ། འདི་ལྟ་སྟེ། ཐར་པ་དང༌། བདག་དང༌། འཇིག་རྟེན་ལས་འདས་པའང་ལྡེམ་པོ་ངག་མི་ཤེས་པས་བདག་མེད་པ་སངས་རྒྱས་ཀྱི་ཚིག་གོ་ཞེས་མུར་འདུག་བྱུང་བ་ལྟར་རྣམ་པར་རྟོག་གོ །རྗེས་ སུ་དཔག་པས་ཚུགས་པའི་འཇིག་རྟེན་པ་ལའང་གཏི་མུག་གི་ཆོས་ཀྱི་དབང་དུ་སོང་ངོ༌། །འཇིག་རྟེན་ལས་འདས་པ་ལའང་ལྡེམ་པོ་དག་ཏུ་བཤད་པ་མི་ཤེས་པས་ཤེས་པ་ཉམས་ ཏེ༑ དེའི་ཕྱིར་ཕྱོགས་གཉིས་སྤངས་ཏེ། བདག་ཏུ་གཏོགས་པའི་ཆོས་ཀྱི་དེ་ཁོ་ན་ཉིད་དང༌། དེ་བཞིན་གཤེགས་པ་དང༌། དགེ་འདུན་གྱི་དེ་བཞིན་ཉིད་ནི་དེ་བཞིན་གཤེགས་པའི་ཐེག་པ་ དབུ་མའི་ལམ་དུ་བསྟན་ཏོ། །དབུ་མའི་ལམ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་བླ་དྭགས་སོ། །སོར་མོའི་ཕྲེང་བས་སྨྲས་པ། དབུ་མའི་ལམ་མི་ཤེས་པས་སེམས་ཅན་རྣམས་དབུ་མའི་ལམ་ གཞན་དུ་རྟོག་གོ །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ། མདོ་སྡེ་འདི་བཤད་པ་ཐོས་ནས་སེམས་ཅན་མང་དུ་མདོ་སྡེ་འདི་ལ་ཡིད་ཆེས་པར་འགྱུར་རོ། །མ་འོངས་ པའི་དུས་ན་སེམས་ཅན་མང་དུ་མདོ་སྡེ་འདི་ལ་སྨོད་པར་འགྱུར་རོ། །སོར་མོའི་ཕྲེང་བས་གསོལ་པ། བཅོམ་ལྡན་འདས། ཕྱོགས་གང་དུ་མདོ་སྡེ་ལ་སྨོད་པ་ཇི་སྙེད་འབྱུང་བ་དང་། འདོད་ཆེན་པ་ཇི་སྙེད་འབྱུང་བ་བཤད་དུ་གསོལ། །ཕྱོགས་གང་དུ་སེམས་ཅན་ཐམས་ཅད་ལ་ཕན་པར་འགྱུར་བ་སྟོན་པའང་དེ་བཞིན་གཤེགས་པས་བཤད་དུ་གསོལ། བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། མ་འོངས་པའི་དུས་ན་ཡུལ་གྱི་དབུས་འདིར་མདོ་སྡེ་ལ་སྨོད་པའི་སེམས་ཅན་བྱེ་བ་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་ངོ༌། །འདོད་ཆེན་པ་བྱེ་བ་ ཕྲག་བདུན་འབྱུང་ངོ༌། །ཤར་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་སྟོང་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་ངོ༌། །འདོད་ཆེན་པ་བྱེ་བ་ཕྲག་བདུན་བྱུང་ངོ༌། །ལྷོ་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་སྟོང་ཕྲག་ ༄༅། །དགུ་བཅུ་རྩ་བརྒྱད་འབྱུང་ངོ༌། །འདོད་ཆེན་པ་བྱེ་བ་ཕྲག་དྲུག་ཅུ་འབྱུང་ངོ༌། །ནུབ་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་བྱུང་ངོ༌། ། འདོད་ཆེན་པ་བྱེ་བ་ཕྲག་ལྔ་བཅུ་འབྱུང་ངོ༌། །བྱང་ཕྱོགས་སུ་མདོ་སྡེ་ལ་སྨོད་པ་བྱེ་བ་ཕྲག་དགུ་བཅུ་རྩ་བརྒྱད་འབྱུང་ངོ༌། །འདོད་ཆེན་པ་བྱེ་བ་ཕྲག་བཞི་བཅུ་འབྱུང་ངོ༌། ཁ་ཆེའི་ ཡུལ་དུའང་ངའི་བསྟན་པ་གླེགས་བམ་ལྷག་མའི་མཛོད་དང༌། གཏེར་མི་སྟོར་ཏོ། །བྷ་རུ་ཀ་ཙར་ཡང་ངའི་གླེགས་བམ་ལྷག་མའི་མཛོད་དུ་འགྱུར་རོ། །རི་བྷིན་དྷྱ་ལའང་དེ་བཞིན་ ནོ༑ ཁ་ཆེ་ཡུལ་གྱི་དགེ་སློང་རྣམས་བསྒྲུབ་པའི་དོན་མི་ཤེས་ནས་ཐེག་པ་ཆེན་པོ་ཐམས་ཅད་ལ་སྨོད་པ་འབྱུང་སྟེ། ང་ལ་སྐུར་པ་དེ་ཇི་ལྟ་བྱ་ཞེས་པའང་ངོ་ཚ་བ་སྐྱེའོ། །ལྷོ་ ཕྱོགས་པའི་རྒྱུད་དུ་ཐེག་པ་ཆེན་པོ་སྟོན་པར་འགྱུར་ཏེ། ནན་ཏན་སྙིང་པོར་བྱེད་པ་དེ་བཞིན་གཤེགས་པའི་སྤྱད་པ་སྤྱོད་པ་དངོས་པོ་ཆེན་པོ་བརྒྱད་དང་བྲལ་བ། དེ་བཞིན་གཤེགས་ པ་རྟག་པ་དང༌། ཐེར་ཟུག་དང༌། ཞི་བ་དང༌། དེ་བཞིན་གཤེགས་པའི་སྙིང་པོ་བརྟན་པའོ་ཞེས་སྟོན་པར་འགྱུར་རོ། །ངའི་ཉན་ཐོས་དགེ་སློང་དང༌། དགེ་སློང་མ་དང༌། དགེ་བསྙེན་ དང༑ དགེ་བསྙེན་མ་རྣམས་ནན་ཏན་སྙིང་པོར་བྱེད་པར་འགྱུར་རོ། །ངའི་བསྟན་པ་ཁུར་དུ་ཐོགས་པར་འགྱུར་རོ། །འཇམ་དཔལ་གྱིས་གསོལ་པ། ཀྱེ་མ། བཅོམ་ལྡན་འདས། ལྷོ་ཕྱོགས་སུ་བཅོམ་ལྡན་འདས་ཀྱི་བསྟན་པ་གནས་པར་འགྱུར་རམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ། དེ་བཞིན་ཏེ། ལྷོ་ཕྱོགས་པའི་རྒྱུད་དུ་ངའི་བསྟན་པ་ལོ་དུ་ མ་ཞིག་གནས་པར་འགྱུར་རོ། །ཁྱོད་ལྟ་བུ་ཤིན་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་རང་གི་སྲོག་བཏང་ནས། དེ་བཞིན་གཤེགས་པ་རྟག་པ་དང༌། དེ་བཞིན་གཤེགས་པ་ ཐེར་ཟུག་དང༌། དེ་དེ་བཞིན་གཤེགས་པ་གཡུང་དྲུང་ངོ་ཞེས་སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་འགྱུར་ཏེ། དཔེར་ན། དེ་ བཞིན་གཤེགས་པ་ཐམས་ཅད་འཇིག་རྟེན་གྱི་ཁམས་འདིར་རྒྱལ་པོའི་སྲིད་ཆེན་པོ་མི་བཞེད་ཅིང་ཁུར་ཆེན་པོ་ཐོགས་ཏེ། སྟོང་གསུམ་པ་རྣམས་བསྒྲལ་ལོ་ཞེས་བསྐལ་པ་བྱེ་བ་མང་ པོར་བསྒྲལ་བ་དེ་བཞིན་དུ་ངའི་ཉན་ཐོས་ཐམས་ཅད་ཀྱང་བསྐལ་པ་བྱེ་བ་མང་པོར་ངའི་དམ་པའི་ཆོས་ནུབ་པར་འགྱུར་བའི་དུས་ན། ནམ་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་ འགྱུར་བའི་ཚེ། དམ་པའི་ཆོས་ཀྱི་ཁུར་ཁྱེར་བར་མི་འདོད་དོ། །ཡང་འཇམ་དཔལ། ཁྱོད་ལྟ་བུའི་དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་འགྱུར་བའི་ཚེ། དམ་པའི་ཆོས་ཀྱི་ཁུར་ ཆེན་པོ་ཁྱེར་ཏེ། བདག་གིས་དམ་པའི་ཆོས་ཕྲག་ལ་བསྐུར་རོ་སྙམ་ནས། ཛམྦུ་གླིང་དང༌། གླིང་ཕྲན་ཐམས་ཅད་ཀྱི་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ། ཐེར་ ༄༅། །ཟུག །ཞི་བ། གཡུང་དྲུང་ཡིན་ནོ་ཞེས་རང་གི་སྲོག་ཀྱང་བཏང་སྟེ་རབ་ཏུ་བསྟན་པར་བྱའོ། །སེམས་ཅན་རྣམས་ཡིད་ཆེས་ཀྱང་རུང༌། མི་ཆེས་ཀྱང་རུང་ ངའི་ལུས་བསད་དམ། དུམ་བུར་བྱས་ཀྱང་རུང༌། གདོད་བདག་གི་ལུས་རྟག་པའི་སྐུར་འགྱུར་ཏེ། ཁུར་ཁྱེར་བ་རབ་ཏུ་དཀའ་བ་བྱེད་པའི་བྱང་ཆུབ་སེམས་དཔའ་རྣམས་ལྷོ་ཕྱོགས་ཀྱི་རྒྱུད་ ནས་འབྱུང་ངོ༌། །ངའི་ཉན་ཐོས་དེ་ལྟ་བུ་དང༌། ཁྱོད་ལ་སོགས་པ་སེམས་ཅན་བྱེ་བ་མང་པོ་ཡོད་དེ། དེའི་ཕྱིར་ལྷོ་ཕྱོགས་ཀྱི་རྒྱུད་རབ་ཏུ་བསྔགས་སོ། །ངའི་ཆོས་ཐ་མ་དེར་སྟོན་པར་ འགྱུར་ཏེ། བྱང་ཆུབ་སེམས་དཔའ་དེ་དག་གི་མཐུ་དང༌། གཟི་བརྗིད་ཀྱི་ཛམྦུ་གླིང་གི་སྐྱེ་བོ་མ་ལུས་པར་འཛོམ་པ་དང༌། འཇིགས་པ་དང༌། ང་རྒྱལ་གྱི་རྒྱུས་ནན་ཏན་དུ་བྱེད་པར་འགྱུར་ རོ༑ ༑འདི་ལྟ་སྟེ། དཔེར་ན། རྒྱལ་པོ་དག་རྒྱལ་པོ་གཞན་གྱི་ཁྲིམས་བྱས་པ་ཐོས་ནས། བདག་ཉིད་ཀྱང་སྐྱེ་དགུ་སྐྱོང་བ་དེ་བཞིན་དུ་ཁ་ཆེའི་ཡུལ་གྱི་འཁོར་དང༌། ཡུལ་བྷ་རུ་ཀ་ཙ་བ་རྣམས་ ཀྱང་ངོ་ཚ་བ་དང༌། ང་རྒྱལ་བསྐྱེད་ནས་ཐེག་པ་ཆེན་པོས་འཇིགས་ཤིང་སྐྲག་པས་གསང་སྟེ་སྟོན་པར་འགྱུར་གྱི། དེ་དག་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པར་མི་འགྱུར་རོ། །འཇམ་ དཔལ། འདི་ལྟ་སྟེ། དཔེར་ན། སོག་ཁུར་གྱི་ཕུང་པོའི་ནང་དུ་མེ་བཅུག་ན། སོག་མའི་ཕུང་པོའི་དབུས་ཚིག་པའི་ལྷག་མ་ལུས་ཏེ། མཐའ་འཁོར་མི་ཚིག་པ་དེ་བཞིན་དུ། འཇམ་དཔལ། དང་པོ་ང་སྐྱེས་པའི་ས་ན་ནན་ཏན་ལྷུར་བྱེད་པ་ཞིག་སྟེ། ཚིག་པ་ལས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྷག་མ་ལུས་ཏེ། མཐའ་འཁོར་ན་གནས་པའི་ས་དེར་བྱང་ཆུབ་སེམས་དཔའ་སྐྱེས་ནས་དམ་པའི་ཆོས་ འབྱིན་པར་འགྱུར་བ་དེར་རྫོགས་པའི་སངས་རྒྱས་སྣང་བར་གྲགས་པ་ཡིན་ནོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་གཡོག་མང་པོ་དང་བཅས་ཏེ། དེ་བཞིན་གཤེགས་པ་ དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། ལྷའི་མཆོད་པ་ཆེན་པོ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ འདས། བདག་གིས་མདོ་སྡེ་འདི་བསྲུང་ཞིང་རྗེས་སུ་གཏད་པར་བགྱིའོ། །སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ། དེ་བཞིན་གཤེགས་པས་མདོ་སྡེ་འདིའི་མིང་བསྟན་དུ་ གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ །མདོ་སྡེ་འདིའི་མིང་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བར་ཟུངས་ཤིག །ཀཽ་ཤི་ཀ །མདོ་སྡེ་འདི་ནི་འཇིག་རྟེན་ན་ཤིན་ཏུ་རྙེད་ པར་དཀའ་སྟེ། ཨུ་དུམྦ་རའི་མེ་ཏོག་བཞིན་ནོ། །དེ་ནས་དབང་པོའི་བུ་ཐུ་བོ་མངོན་དུ་ཁྲོ་བ་ཞེས་བྱ་བ་སྡུག་པ་དགའ་བ་ཡིད་དུ་འོང་བ་དེས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་ བཙལ་ནས། འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བདག་གི་ཕ་ནམ་ལྷ་མ་ཡིན་དང་འཐབ་པའི་ཚེ། ཁ་ལོ་སྒྱུར་བ་བསམ་འཛིན་ཞེས་བགྱི་བ་ལ། ལྷ་རྣམས་འཕེལ་ ༄༅། །བ་དང༌། ལྷ་མ་ཡིན་པས་པར་འགྱུར་བ་དེ་ལྟར་ཤིང་རྟ་དྲོངས་ཤིག་ཅེས་བགྱིས་པ་དང༌། ལྷ་གཞན་དུ་མ་དགོངས་ཤིག །བདག་ནི་སྔར་འགུམ་སྟེ། ཁྱོད་ནི་ སླད་ཀྱིས་སོ། །གྲུབ་ཀྱང་རུང༌། མ་གྲུབ་ཀྱང་རུང་སྟེ། བདག་གི་སྲོག་ཀྱང་བོར། གཞན་དང་མཛའ་བའང་སྤངས་ནས་གོ་ཆ་ཆེན་པོ་བགོས་པ་དེ་བཞིན་དུ། བཅོམ་ལྡན་འདས། བདག་ ཀྱང་མ་མཆིས་པའི་དུས་ན། དམ་པའི་ཆོས་ལོ་བརྒྱད་ཅུའི་བར་དུ་གནས་པར་གྱུར་པ་དེའི་ཚེ། བདག་ཀྱང་བྱང་ཆུབ་སེམས་དཔའ་གང་དེ་བཞིན་གཤེགས་པ་རྟག་པ་ཉིད་དང༌། ཐེར་ ཟུག་ཉིད་དང༌། གཡུང་དྲུང་ཉིད་དུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པ་ལས་དེ་སླད་ཀྱིས་འདི་སྙམ་དུ་སེམས་སྐྱེས་ཏེ། དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པར་བྱ་བའི་བསྟན་ པའི་སེམས་ཅན་མང་པོར་མི་འདུག་གི །ད་ནི་མི་བསྟན་ཏོ་སྙམ་སྟེ། དེའི་ཐབས་བྱས་པ་ཐོས་ནས། བདག་ཀྱང་སྐྱེས་བུ་བསམ་འཛིན་ཅེས་བགྱི་བ་དེ་འདྲ་བར་ཆོས་ཀྱི་ཤིང་རྟ་ སྦྱར་ཏེ། ཅི་ནས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་ཉིད་དང༌། ཐེར་ཟུག་པ་ཉིད་དང༌། གཡུང་དྲུང་ཉིད་དང༌། ཞི་བ་ཉིད་དུ་འཇིག་རྟེན་དུ་རྒྱས་པར་འགྱུར་བ་དེ་ལྟར་བདག་གི་ སྲོག་ཀྱང་བཏང་སྟེ། བདག་གི་དགེ་སློང་གི་ཚུལ་གྱིས་བསྟན་ཅིང་བསྐལ་པ་ཐམས་ཅད་དུ་རྣམ་པར་དག་པར་བགྱིས་པར་གྱུར་ཅིག །དེ་ནས་དབང་པོའི་བུ་མང་པོ་དང༌། བུད་མེད་དང་། བུ་མོ་དང༌། ལྷ་གཞན་དག་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ནས། བཅོམ་ལྡན་འདས་བདག་ཅག་ཀྱང་སྲོག་ཀྱང་བཏང་སྟེ། དགེ་སློང་གི་ཚུལ་དང༌། དགེ་ སློང་མའི་ཚུལ་དང༌། དགེ་བསྙེན་གྱི་ཚུལ་དང༌། དགེ་བསྙེན་མའི་ཚུལ་གྱིས་སྐྱེས་བུ་དམ་པ་དེའི་གཡོག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ། །ལེགས་སོ།། རིགས་ཀྱི་བུ། དམ་པའི་ཆོས་འདོད་པ་ཁྱེད་ཐམས་ཅད་དེ་བཞིན་གྱིས་ཤིག །ངས་ཀྱང་དམ་པའི་ཆོས་འདོད་པ་དེ་དག་བསྲུང་བར་བྱའོ། །དེ་དག་གི་ཐང་དུ་ང་རྟག་ཏུ་འཆག་ཅིང་གནས་ སོ༑ ༑ཁྱེད་རྣམས་ཅི་ནས་ཀྱང་ཁ་ལོ་སྒྱུར་བ་དང༌། ངའི་བྱས་པ་ཤེས་ཤིང་བརྟན་པར་གྱིས་ལ། དེ་ནས་ཁྱེད་ཐམས་ཅད་ཀྱིས་རྟག་པའི་གནས་ནི་དེ་བཞིན་གཤེགས་པའི་གནས་ཡིན་ ནོ་ཞེས་སྟོན་ཅིག །དེ་ནས་ཡུལ་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས་བློན་པོ་དང༌། དམག་དཔོན་ལ་བསྒོ་བ། དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་དོང་ལ། མིའི་གཟུགས་ སུ་སྲིན་པོ་མི་ཉིས་སྟོང་དུ་གཅིག་གིས་མ་ཚང་བ་བསད་དེ། སོར་མོའི་ཕྲེང་བ་བྱས་ནས་བྱད་ཁྲག་གིས་བསྐུས་ཤིང་སྟོབས་དང༌། རྩལ་ཆེན་པོ་རབ་ཏུ་འཁྱམ་ཞིང་གྲོང་ཁྱེར་འདི་ནས་གནག་པའི་ དགོངས་བཞི་བཅུ་ཙམ་ན་འདུག་ཅིང༌། བདག་གི་མའང་དེང་བསད་དེ་མི་ཉིས་སྟོང་དུ་ཚང་བར་བྱའོ་སྙམ་ནས། དེ་རབ་ཏུ་དགའོ་ཞེས་གྲག་གི་མ་རུངས་པ་སྡིག་ཅན་གཏུམ་པོ་འདི་ ༄༅། །བསད་ན། གདོད་བདག་ཅག་གྲོང་དང༌། གྲོང་ཁྱེར་དང༌། རི་ཁྲོད་ཀྱི་གྲོང་དང༌། ལུང་པའི་གནས་ན་དམག་མི་ཐམས་ཅད་ཀྱང་རང་གི་ཁྱིམ་ནས་འབྱུང་ ངོ༑ ༑དེ་བས་ན་བྱ་ཁྲས་བྱ་རོག་དང༌། བྱ་བྲན་སྐྲག་པ་བཞིན་དུ་བདག་ཅག་གི་སྐྱེ་བོ་ཐམས་ཅད་དང༌། ཤིང་ཐུན་དང༌། རྩྭ་རྔ་བ་དང༌། ཡུལ་གཞན་གྱི་མི་དང༌། སྐྱེ་བོ་འདྲོན་པའི་རྣམས་ ཀྱང་དེའི་མིང་ཙམ་གྱིས་མི་རྒྱུ་ཞིང་མི་སྨྲ་བར་གྱུར་ཅིང་འདུག་གི་མྱུར་དུ་སྦྲོན་པ་ཁྱེར་ཏེ། ཡུལ་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ཡན་ལག་བཞི་པའི་དཔུང་གི་ཚོགས་དང་ལྷན་ཅིག་ ཏུ་ཆས་ཏེ། སྲིན་པོ་མ་རུངས་པ་གཏུམ་པོ་སོར་མོའི་ཕྲེང་བ་གསད་པར་བྱོན་གྱིས་བཀྲབས་པ་ཐམས་ཅད་ཀྱང་རལ་གྲི་དང༌། གཞུ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། མདུང་ཐུང་དང༌། ཕུབ་ ལག་ན་ཐོགས་ཏེ། མཚོན་ཆ་དང༌། ལག་ཆ་ཐམས་ཅད་རྣོན་པོར་བྱོས་ཏེ། ལེགས་པར་ཆོས་ལ་གཤེགས་ཤིག །གང་གིས་སྲིན་པོ་མ་རུངས་པ་སོར་མོའི་ཕྲེང་བ་བསད་དམ། མཚོན་ གྱིས་བཏབ་བམ། བལ་གླང་ཞོན་པ་དག་སྨས་སམ། གང་དག་སྨས་ཀྱང་གཡུལ་ལས་ཕྱིར་མི་ལྡོག་ན་བལ་གླང་འདོད་ནའང་བལ་གླང་གི་མཆོག་སྦྱིན་ནོ། །རྟ་འདོད་ནའང་རྟ་བཞོན་ པ་སྦྱིན་ནོ། །གསེར་འདོད་ནའང་གསེར་དང༌། གསེར་གྱི་དོང་ཙེ་དང༌། ཞོ་ནམ་ས་ཡ་སྦྱིན་ནོ། །དངུལ་འདོད་ནའང་དངུལ་ས་ཡ་སྦྱིན་ནོ། །རྡོ་རྗེ་དང༌། ནོར་བུ་དང༌། དུང་དང༌། མན་ ཤེལ་དང༌། བྱུ་རུ་དང༌། རིན་པོ་ཆེ་སྣ་བདུན་ས་ཡ་སྙེད་སྦྱིན་ན། །གོས་འདོད་པ་ལའང་ལྷའི་གོས་དང༌། དར་དང༌། རས་ཕྲན་ཀ་ཏམ་པ་དང༌། ཡུལ་བ་ལང་གི་རས་དང༌། ཡུལ་མ་ཏུ་ར་དང༌། བ་རུ་ཀ་ཙ་དང༌། བ་རིད་དྲ་དང༌། ལྷོ་ཕྱོགས་པ་དང༌། སང་ཀ་ཤི་ཀ་དང༌། ཀུ་རུ་པཉྩ་ལའི་རས་བམ་རྣམ་པ་མང་པོ་སྦྱིན་ནོ། །ཞིང་དོར་དང༌། གྲོང་དང༌། མ་ཧེ་དང༌། བུད་མེད་འདོད་པའང་ ཐམས་ཅད་ཀྱི་མཆོག་སྦྱིན་ནོ་ཞེས་བསྒྲགས་སོ། །དེ་ནས་སོར་མོའི་ཕྲེང་བའི་མིང་ཙམ་གྱིས་ཞམ་རིང་བ་ལ་གཏོགས་སོ་ཅོག་སྐྲག་སྟེ། གཅིག་ཀྱང་ཕྱིར་མ་བྱུང་ངོ༌། །བཙུན་མོའི་འཁོར་ དང༑ ཞམ་རིང་པའང་ཁྱི་དང་འདྲ་བར་གཞན་གྱི་དབང་དུ་གྱུར་པས་འཚོ་བ་འཆི་བ་ལ་ཐུག་པར་གྱུར་ཏེ། རང་རང་གི་ལག་ཆ་ཐོགས་ནས། བལ་གླང་བ་དང༌། རྟ་པ་དང༌། དཔུང་བུ་ཆུང་ བ་རྣམས་རབ་ཏུ་བརྒྱན་ཏེ། རྒྱལ་པོ་ག་ལ་བ་དེར་འོངས་སོ། །དེ་ནས་བཙུན་མོའང་ཀྱི་ཧུད་འབོད་ཅིང་སྡིག་ཅན་དེའི་གན་དུ་མ་བཞུད་ཅིག །སྐྱེ་བོ་ཐམས་ཅད་དང༌། གཞན་གྱི་ཡུལ་འཁོར་ རྣམས་ནི་མ་མཆིས་ཀྱང་མི་མང་ངོ༌། །ལྷ་ལ་ཅུང་ཟད་ནོངས་པ་བྱུང་ང་རེ། དེ་ནས་མོ་འདེབས་པ་དང༌། ལོ་རྩི་བ་དང༌། མདུན་ན་འདོན་དང༌། རིག་པ་དང༌། ལྟས་འདེབས་པ་རྣམས་ལ་ སོར་མོའི་ཕྲེང་བ་དེ་རིང་གསོད་དམ། མི་གསོད་དྲིས་ན། མོ་འདེབས་པ་དང༌། ལོ་རྩི་བ་རྣམས་ཀྱིས་དེ་རིང་སོར་མོའི་ཕྲེང་བ་ཐལ་བར་འགྱུར་རོ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོ་དེ་དག་གི་ ༄༅། །ཚིག་ལ་ཡིད་མ་ཆེས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ཡན་ལག་བཞིའི་དཔུང་གི་ཚོགས་ཀྱི་དམག་དང་ལྷན་ཅིག་ཏུ་སོང་སྟེ་ཕྱིན་ནས། བཅོམ་ ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ། རྒྱལ་པོ་འཇིགས་ཤིང་སྐྲག་པས་གདོང་དང༌། དཔྲལ་བ་རྡུལ་ནས་ཕྱོགས་གཅིག་ཏུ་འདུག་གོ །དེ་ནས་བཅོམ་ལྡན་འདས་ཐམས་ ཅད་མཁྱེན་པ་ཡེ་ཤེས་ཐམས་ཅད་དང་ལྡན་པས། ཡུལ་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཁྱོད་ཀྱི་གདོང་དང༌། དབྲལ་བ་རབ་ ཏུ་རྡུལ་ན་ཅི། རྒྱལ་པོས་གསོལ་པ། ལག་པ་འདི། རྐང་པ་འདི་ལགས་ན། བཅོམ་ལྡན་འདས། སོར་མོའི་ཕྲེང་བ་ཞེས་བགྱི་བ་སྲིན་པོ་མི་སྟོང་དགུ་བརྒྱ་བཀུམ་ནས། སོར་མོའི་ཕྲེང་ བ་བརྒྱུས་ཏེ་ཕྲེང་བ་ཐོགས་ནས་བདག་དང་འཐབ་ཅེས་སྡོང་ཅིང་མཆིས་སོ། །བདག་ལ་འདུ་བ་ཐམས་ཅད་ཀྱི་སྒོའང་བཅད་དེ་ཤིང་ཨ་ཤྭ་ཀའི་དྲུང་ན་གཅིག་པུ་མཆིས་པ་བྱ་རོག་ དང༑ ཁྲ་འཁོར་བ་དེའི་མིང་ཙམ་གྱིས་སྐྲག་སྟེ། བདག་གིས་གསོལ་པ་དེ་ལགས་སོ། །བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ ཏོ༑ ༑རྒྱལ་པོ་ཆེན་པོ། ཅི་འཐབ་མོ་བྱེད་པར་འདོད་དམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས་ཚད་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ངའང་འགྲོའམ། རྒྱལ་པོས་གསོལ་པ། བཅོམ་ལྡན་འདས་གཤེགས་སོ་ཞེས་བཀའ་སྩལ་པ་ནི་སེམས་ཅན་མང་པོ་ལ་སྐལ་པ་མཆིས་པ་ལྟ་སྟེ། ད་ནི་སོར་མོའི་ཕྲེང་ བ་དེའང་གུམ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། གལ་ཏེ་སོར་མོའི་ཕྲེང་བ་འདིར་འོངས་ན་ཇི་ལྟར་བྱ། དེ་ནས་ཡན་ལག་བཞི་པའི་དཔུང་གི་ཚོགས་ སྙིང་རབ་ཏུ་དངངས་སྐྲག་ནས། རྒྱལ་པོས་དེ་བཞིན་གཤེགས་པའི་ཆེ་བའི་བདག་ཉིད་ཤེས་པས་སྙིང་དགའ་སྟེ། མི་འཇིགས་ནས་རྒྱལ་པོས་གསོལ་པ། སོར་མོའི་ཕྲེང་བ། གལ་ཏེ་འདིར་ མཆིས་ན། གཅིག་པུ་ལུས་པར་འགྱུར་ལགས་གྲང༌། དེ་ནས་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་བ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། སོར་མོའི་ཕྲེང་བར་ འདིའི་དཔལ་ལ་ལྟོས། དེ་ནས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས་སོར་མོའི་ཕྲེང་བ་ལ་རིང་ཞིག་ཏུ་མིག་མི་འཛུམ་པར་བལྟས་ན། སོར་མོའི་ཕྲེང་བ་མིག་དམར་ལ་བདག་ཉིད་ ཆེ་བའི་གཟུགས་མཐོང་ནས། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གཤིན་ཏུ་འཇིགས་ཤིང་སྐྲག་སྟེ་བ་སྤུའང་ལངས་ནས། ཡི་དྭགས་འདུལ་བ་ལྟར་གོ་ཆ་རྣམས་ཞིག་ཅིང་མཚོན་ཐམས་ ཅད་ཤུབས་ནས་བྱུང་སྟེ། མདའ་སྟེའུ་ཀ་ལྟར་ཐམས་ཅད་དུ་ལྟུང་བའང་བྱི་ལ་ལྟར་དེ་བཞིན་གཤེགས་པའི་སེང་གེའི་ཁྲིའི་དྲུང་དུ་མཆིས་སོ། །དེ་བཞིན་གཤེགས་པ་སྒྲ་གཅན་འཛིན་ ༄༅། །བཞིན་དུ་སྙོམས་པར་གཟིགས་པ་ལ་སྐྱབས་སུ་མཆིའོ། །དེ་ནས་ཡན་ལག་བཞི་པའི་དཔུང་གི་ཚོགས་ཐམས་ཅད་སྒྲ་དེ་ཐོས་ནས། གླང་པོ་དང༌། རྟ་དང༌། བལ་གླང་དང༌། རྐང་ཐང་བའི་དམག་དེ་རྣམས་སྡེ་གྱེས་པ་བཞིན་དུ་ཉམས་ཏེ། ལ་ལ་ནི་བརྒྱལ། ལ་ལ་ནི་འགྱེལ། ལ་ལ་ནི་འཆི་ལ་ཐུག་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། ཚིགས་སུ་བཅད་པ་འདི་ཉོན་ཅིག་དང༌། གནོད་པ་མེད་པར་འགྱུར་གྱི་མ་སྐྲག་ཅིག །གང་ཞིག་སྔ་ན་བག་ མེད་པ། །བག་ཡོད་པར་ནི་ཕྱིས་འགྱུར་ན། །སྤྲིན་ལས་བྱུང་བའི་ཟླ་བ་བཞིན། །འཇིག་རྟེན་འདི་ན་སྣང་བར་བྱེད། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་ཐམས་ཅད་དབུགས་དབྱུང་བའི་ ཕྱིར་འཇིགས་པ་མེད་པའི་རྣམ་པ་ཞེས་བྱ་བའི་འོད་ཟེར་བཏང་སྟེ། སེམས་ཅན་གང་འོད་ཟེར་དེས་རེག་པའི་སེམས་ཅན་དེ་དག་ཐམས་ཅད་བདེ་བར་གྱུར་ཏེ། མཛོད་འཛིན་གྱི་རྒྱལ་ པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་དང༌། བུ་དང༌། གྲོང་གི་སྐྱེ་བོ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པས་སོར་མོའི་ཕྲེང་བ་བཏུལ་ལོ་སྙམ་སྟེ་ཐམས་ཅད་དེར་ལྷགས་སོ། །དེ་ནས་ རྒྱལ་པོ་གསལ་རྒྱལ་གྱིས། །བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ། བཅོམ་ལྡན་འདས་ནི་མི་འདུལ་ཞིང་ཁ་ལོ་སྒྱུར་བ་ལྷ་དང་མིར་བཅས་པ་རྣམས་སྟོན་པས་སྡིག་ པའི་ཆོས་ཅན་འདི་ལྟ་བུའང་དམ་པའི་ཆོས་ལ་བཞག་པས་ན། ཀྱེ་མ། བཅོམ་ལྡན་འདས་ནི་འཇིག་རྟེན་ཐམས་ཅད་ལ་ཕན་པར་མཛད་པའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྟན་པས་སྔར་བག་མེད་པ་ལྟ་བུར་བསྟན་ལ། ཕྱིས་བདག་གི་ཆེ་བ་ཉིད་ཀྱང་སྟོན་པས་དེ་འཇིག་རྟེན་ན་སྤྲིན་ལས་གྲོལ་བའི་ཟླ་བ་ལྟ་བུར་མཛེས་པར་ གྱུར་ཏེ། སེམས་ཅན་བྱེ་བ་མང་པོ་བསྒྲལ་ནས། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱང་སྟོན་ཏོ། །རྒྱལ་པོ་ཆེན་པོ། སོར་མོའི་ཕྲེང་བ་ནི་སྡིག་ཅན་མ་ཡིན་ཏེ། ཐབས་འཆང་བའི་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །རྒྱལ་པོ་ཆེན་པོས་གསོལ་པ། མཁན་པོའི་མཆིས་བྲང་དང་ལྷན་ཅིག་ཏུ་ལས་ངན་པ་སྤྱོད་ཅིང་མཁན་པོའི་ད་མོད་པའི་ཆོས་ ཀྱི་འབྲེར་གྱུར་ན་ཅིའི་སླད་དུ་སྡིག་པར་མི་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོར་མོའི་ཕྲེང་བ། མཁན་པོའི་ཆུང་མ་དང་ལྷན་ཅིག་ཏུ་ལས་ངན་པ་སྤྱོད་པ་མ་ཡིན་གྱི་། མཁན་པོའི་ཆུང་མས་གཟུགས་མཐོང་ནས་སེམས་གྱུར་ཏེ། སྡིག་པ་རབ་ཏུ་བྱེད་པ་ལྟར་མཁན་པོའི་ཆོས་ཀྱིས་རྩེ་བར་ཐམས་ཅད་རྟོག་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེའི་ཕྱིར་བྱང་ ཆུབ་སེམས་དཔའ་ནི་འདི་ལྟ་སྟེ། དཔེར་ན། གླང་པོ་ཆེ་བརྡེག་པ་ནི་བོང་པུས་མི་བཟོད་དོ། །དེ་བཞིན་དུ་རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་མི་མཆོག་གླང་པོ་ཆེའི་དགོངས་ཏེ། ༄༅། །གསུངས་པའི་གསང་བའི་སོས་ཕོག་པའང་ཉན་ཐོས་དང༌། རང་སངས་རྒྱས་རྣམས་ཀྱི་མི་བཟོད་དོ། །དེ་ལྟར་ན་དེ་བཞིན་གཤེགས་པས་དགོངས་ཏེ་གསུངས་ པའི་གསང་བས་ཕོག་པའང་དེ་བཞིན་གཤེགས་པ་ཉིད་ཀྱིས་བཟོད་དོ། །རྒྱལ་པོ་ཆེན་པོ། སངས་རྒྱས་ཀྱི་ཞིང་འདི་ནས་ལྷོ་ཕྱོགས་ལོགས་སུ་གངྒཱའི་ཀླུང་དྲུག་ཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ སངས་རྒྱས་ཀྱི་ཞིང་འདས་པ་ན། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་ཞེས་བྱ་བ་ད་ལྟར་བཞུགས་པ་འཚོ་ཞིང་གཞེས་ཏེ། དེ་ན་ཉན་ཐོས་དང༌། རང་ སངས་རྒྱས་ཐམས་ཅད་ཀྱང་མེད། ཐེག་པ་གཅིག་ལས་ཐེག་པ་གཞན་གྱི་མིང་ཡང་མེད། རྒ་བ་དང༌། ན་བ་དང༌། སྡུག་བསྔལ་ཡང་མེད། ཡིད་མི་བདེ་བའང་མེད། རབ་ཏུ་ བདེ་བ་ཐམས་ཅད་དང་ལྡན་ཏེ། སེམས་ཅན་དེ་དག་ཚེ་དཔག་ཏུ་མེད། སེམས་ཅན་དེ་དག་ཐམས་ཅད་གཟི་བརྗིད་དང༌། ཁ་དོག་ཚད་མེད་དེ། འགྲོ་བ་དེ་དག་གི་དཔེ་དང༌། རྒྱུ་ དང༑ བྱེད་པ་མེད་པ་དང༌། འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ཐམས་ཅད་ཀྱིས་བརྒྱན་པ་ལྟ་བུ་དཔེ་མེད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་ སངས་རྒྱས་འཇིག་རྟེན་ཐམས་ཅད་མཐོང་ན་དགའ་བ་མངོན་པར་འཕགས་པ་བརྩོན་པ་ཆེན་པོ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱར་ལ་རྗེས་སུ་ཡི་རང་བར་གྱིས་ཤིག །དེ་བཞིན་གཤེགས་བ་ དེ་ནི་སོར་མོའི་ཕྲེང་བ་འདི་ཉིད་ཡིན་ཏེ། དེ་ལྟར་ན་སངས་རྒྱས་ཀྱི་ཆེ་བ་དེ་འདྲ་སྟེ། སངས་རྒྱས་ཀྱི་ཡུལ་ནི་བསམ་གྱིས་མི་ཁྱབ་བོ། །དེ་ནས་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པ་རྣམས་ དང༑ ཉན་ཐོས་དང༌། བྱང་ཆུབ་སེམས་དཔའ་རྣམས་དང༌། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་དང༌། ཡན་ལག་བཞིའི་དཔུང་གི་ཚོགས་དང་བཅས་པས་མོ་འདེབས་པ་དང༌། ལོ་རྩི་བ་ རྣམས་ལ། ཀྱེ་མ། རྫུན་སྨྲ་བ། ཁྱེད་ངའི་དྲུང་ན་མ་གནས་ཤིག་ཅེས་བརྒྱད་ཅིང་སྨད་ནས་བསྐྲད་དོ། །དེ་ནས་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱི་ཁམས་དང༌། ། ཉན་ཐོས་དང༌། རང་སངས་རྒྱས་དང༌། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་དང༌། གྲོང་དང༌། གྲོང་ཁྱེར་དང༌། ཚོང་འདུས་དང༌། ལུང་པའི་མི་རྣམས་དང༌། རི་ཁྲོད་པ་དང༌། མཉན་དུ་ ཡོད་པའི་ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་མཐུས་ལྷགས་ཏེ། སོར་མོའི་ཕྲེང་བའི་རྐང་པ་ལ་མགོ་བོས་ཕྱག་བཙལ་ནས། མགྲིན་གཅིག་ཏུ་ཚིགས་ སུ་བཅད་པ་འདི་དག་གསོལ་ཏོ། །མཐའ་ཡས་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་ཀྱི་སྐུ་མངའ་ཁྱོད་ལ་ཕྱག་འཚལ་ལོ། །སོར་ཕྲེང་ཁྱོད་ཀྱི་ཞབས་ལ་མགོ་གཏུགས་ནས། ཁྱོད་ཀྱི་ ༄༅། །འཇམ་པའི་ཞབས་ལ་བཟོད་པར་གསོལ། །དེ་བཞིན་གཤེགས་པ་སོར་ཕྲེང་མཚོན་འཛིན་པ། །བྲམ་ཟེའི་གཟུགས་ཀྱིས་བདག་ཅག་དོན་ཕྱིར་གཤེགས། སངས་རྒྱས་སྐུ་མདོག་འབར་བ་དེང་འདིར་གཤེགས། །དཔལ་ལྡན་གཟི་བརྗིད་མཐུ་མངའ་བཟོད་པར་གསོལ། །ཚིག་གིས་མངོན་དུ་གསུང་བ་མཐའ་ཡས་སྐུ། །ཁྱེད་ནི་ཡང་དང་ཡང་ བྱིང་མང་པོ་ཡི། །ཡང་དག་སངས་རྒྱས་སྐྱབས་བྱེད་སྐྱབས་སུ་གྱུར། །གཉེན་མེད་རྣམས་ཀྱི་གཉེན་དུ་གྱུར་པ་ཁྱོད། །སངས་རྒྱས་འཇིག་རྟེན་འདས་པ་གཉིས་མཛེས་ཏེ། །འདི་ནི་ཆོས་ སྤྱོད་ཤིན་ཏུ་ངོ་མཚར་རྨད། །མི་ལས་པད་མོ་སྐྱེ་བ་ངོ་མཚར་བཞིན། །འཇིག་རྟེན་སངས་རྒྱས་གཉིས་སྟོན་མཆོག་དེ་འདྲ། །དེ་ནས་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་ རྒྱལ་ལ་བཀའ་སྩལ་པ། ལྟོས། རྒྱལ་པོ་ཆེན་པོ། སངས་རྒྱས་ཀྱི་ཞིང་འདི་ནས། བྱང་ཕྱོགས་ལོགས་སུ་གངྒཱའི་ཀླུང་བཞི་བཅུ་རྩ་གཉིས་ཀྱི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་འདས་པ་ ན༑ འཇིག་རྟེན་གྱི་ཁམས་རྟག་པར་རབ་ཏུ་དགའ་བ་སྡུག་ཅིང་མོས་པ་ཞེས་བྱ་བ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མོས་པ་རབ་ཏུ་ དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་ནི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་མེད། ཐེག་པ་གཅིག་ལས་ ཐེག་པ་གཞན་གྱི་མིང་ཡང་མེད། རྒ་བ་དང༌། ན་བ་དང༌། སྡུག་བསྔལ་ཡང་མེད། བདེ་བ་ཐམས་ཅད་དང་རབ་ཏུ་ལྡན་པར་གྱུར་ཏེ། སེམས་ཅན་དེ་དག་ཚེ་དཔག་ཏུ་མེད། གཟི་བརྗིད་དང༌། ཁ་དོག་དཔག་ཏུ་མེད། འཇིག་རྟེན་ན་དཔེ་དང༌། རྒྱུ་དང༌། བྱེད་པ་མེད་དེ། རྟག་ཏུ་དགའ་ཞིང་མོས་པ་དང༌། དཔེ་མེད་པ་དེ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་ པའི་སངས་རྒྱས་མོས་པ་རབ་ཏུ་དགའ་བའི་སྙིང་པོ་ནོར་བུ་རིན་པོ་ཆེ་བརྩེགས་པའི་རྒྱལ་པོ་ད་ལྟར་བཞུགས་ཏེ། འཚོ་ཞིང་གཞེས་པ་དེ་ལ་རྒྱལ་པོ་ཆེན་པོ་ཐལ་མོ་སྦྱར་ཏེ་རྗེས་སུ་ཡི་རང་བ་ བར་བྱོས་ཤིག །དེ་བཞིན་གཤེགས་པ་དེ་གཞན་མ་ཡིན་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་འདི་ཉིད་ཡིན་ནོ། །འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སོར་མོའི་ཕྲེང་བ་གཉིས་ ཀྱི་མིང་གང་གིས་ཐོས་སམ། དེ་ལ་རྟག་ཏུ་ཕྱག་འཚལ་ན། སེམས་ཅན་དེ་དག་གི་ཁྱིམ་ཉིད་དུ་དགའ་བ་ཅན་གྱི་འཇིག་རྟེན་མཐོང་སྟེ། ངན་འགྲོ་རྣམ་པ་བཞིའི་སྒོ་གཅད་པར་འགྱུར་ རོ༑ ༑དེ་གཉིས་ཀྱི་མིང་ཐོས་ནས་ཕྱི་རོལ་པ་རྣམས་དང༌། ཕས་ཕམ་པ་དང༌། མཚམས་མེད་པར་གྱུར་པས་འཕྱ་བའམ། སྟིང་བའམ། འདྲན་ཏོར་རམ། གཞན་གྱིས་བཟླས་སམ། རྙེད་པ་དང༌། བཀུར་སྟི་དང༌། ཚིགས་བཅད་ཀྱི་ཕྱིར་ཡང་རུང་སྟེ། དེ་དག་གིས་ངན་འགྲོ་བཞིའི་སྒོ་གཅད་པར་འགྱུར་རོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་གིས་འདི་གཉིས་ ༄༅། །ཀྱི་མིང་གིས་བསྲུང་བར་བྱས་ན་དགོན་པ་ཐམས་ཅད་དང༌། འཇིགས་པའི་དུས་ཐམས་ཅད་དུའང་བསྲུང་བར་འགྱུར་རོ། །ཕྱིས་འཇིགས་པ་ཐམས་ཅད་ ཀྱང་བསྲུང་བར་འགྱུར། འཇིགས་པ་བྱུང་བ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ། །ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། མི་འམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ཤེ་ ཟས་ཀྱང་མི་ཚུགས་སོ། །ཡང་བཅོམ་ལྡན་འདས་ཀྱིས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། སངས་རྒྱས་ཀྱི་ཚིག་ནི་ཆེ་བའི་བདག་ཉིད་དོ། །བྱང་ཆུབ་སེམས་དཔའི་ སྤྱོད་པའི་ཆེ་བའི་བདག་ཉིད་ནི་དེ་ལྟའོ། །སོར་མོའི་ཕྲེང་བ་དང༌། འཇམ་དཔལ་གཞོན་ནུར་གྱུར་པའི་ཆེ་བའི་བདག་ཉིད་གླང་པོ་ཆེ་འདི་གཉིས་ལ་རྗེས་སུ་ཡི་རང་བར་གྱིས་ལ་། བྱང་ཆུབ་སེམས་དཔའི་སྤྱོད་པའང་སྐྱེད་ཅིག །སོར་མོའི་ཕྲེང་བའི་མའང་མ་བརྗེད་པར་གསོས་ཤིག །ངས་སོར་མོའི་ཕྲེང་བའི་ལག་ནས་དེའི་མ་རྒན་མོ་ཐར་བར་བྱས་ཏེ་སོར་མོའི་ ཕྲེང་བ་ཁྱོད་ཀྱིས་མམ་བསད་ཅིག །བསད་པས་མཐོ་རིས་སུ་མི་འགྲོའོ་ཞེས་བྱས་པ་དང༌། རལ་གྲི་ཐོགས་ཏེ་འོངས་ནས་སྐད་ཅིག་དེ་ཉིད་ལ་དེའི་བར་དུ་འདུག་པ་ནི་ཆོས་ལ་གཞུག་ པའི་ཐབས་སོ། །དེ་ནས་སོར་མོའི་ཕྲེང་བའི་མ་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འདུག་ནས་ཚིགས་སུ་བཅད་པ་འདི་ཞེས་སྨྲས་སོ། །དེ་བཞིན་གཤེགས་ཀྱིས་སྒྱུ་མ་སྤྲུལ་པ་ནི། །སེམས་ ཅན་མང་པོ་དག་གིས་མི་ཤེས་ཏེ། །སངས་རྒྱས་སྒྱུ་མའི་རྒྱལ་པོ་སྐུ་ཆེ་ཞིང༌། །དེ་བཞིན་གཤེགས་པ་ཐབས་ཀྱི་སྐུ་མངའ་འོ། །དེས་འདི་སྐད་ཅེས་སྨྲས་ནས། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། དེ་ཅི་སྒྱུ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་ པོ་ཆེན་པོ། མ་འདི་ནི་སྤྲུལ་པའོ། །སྤྲུལ་པའི་མས་ཇི་ལྟར་སྨྲས་པ་བཞིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྒྱུ་མའང་དེ་བཞིན་ནོ། །དེ་ནས་སོར་མོའི་ཕྲེང་བའི་མཁན་པོ་ནོར་བུ་ བཟང་པོ་ཞེས་བྱ་བ་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འདུག་ནས་ཚིག་འདི་ཞེས་སྨྲས་སོ། །སེང་གེ་དང༌། ཝ་འདྲེ་ཡུན་རིང་ཞིག་ཏུ་མཛའ་བོར་བྱས་ཀྱང༌། དེས་སེང་གེའི་ང་རོའི་སྒྲ་འཛིན་ པར་མི་ནུས་ཏེ། ཝ་འདྲེ་ཡང་ཐོས་པ་ཙམ་གྱིས་འཆིའོ། །ཡང་ཅི་ཝ་འདྲེ་དེ་དོམ་གྱི་སྐད་དུ་འབྱིན་ན། སེང་གེའི་རྒྱལ་པོ་ཆེན་པོ་སྒྲ་སྐད་འབྱིན་པ་ཡིན་ནམ། སེང་གེའང་ཝ་དང༌། དོམ་གྱི་ སྒྲ་སྐད་དུའང་ང་རོ་མི་འབྱིན་གྱི། སེང་གེའི་སྒྲར་སྒྲོགས་སོ། །དེ་བཞིན་དུ་ཝ་འདྲེ་ལྟ་བུ་བདག་གིས་བྱང་ཆུབ་སེམས་དཔའ་སེང་གེ་ལྟ་བུའི་མཁན་པོ་བྱས་ཏེ། ཡུན་རིང་མོ་ཞིག་ཏུ་ལྷན་ཅིག་ འཁོད་ཀྱང་བྱང་ཆུབ་སེམས་དཔའི་སྒྲ་སྐད་འཛིན་ལྟ་ག་ལ་ནུས་ཏེ། གལ་ཏེ་འདི་ཐབས་མ་ཡིན་ན་དེའི་རྩལ་གྱིས་འཆི་བར་འགྱུར་ཏེ། ཡི་དྭགས་ལྟ་བུ་བདག་གི་གླེན་པའི་ཆོས་ལ་སྦྱོར་བ་ ༄༅། །དང༑ ཉན་དུ་གཞུག་པ་ལྟ་ཅི་སྨོས། བྱང་ཆུབ་སེམས་དཔའ་ནི་གླེན་པའི་ཆོས་མི་སྤྱོད་པ་སྟེ། སྤྱོད་པའང་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་བྱམས་པར་ སྤྱོད་པའི་སངས་རྒྱས་ཀྱིས་སྤྲུལ་པ་སྒྱུ་མ་མང་པོ་ནི་སེམས་ཅན་བྱེ་བ་དང༌། བྲམ་ཟེའི་མཁན་པོས་མི་ཤེས་ཏེ། སངས་རྒྱས་ཉིད་ཀྱིས་སངས་རྒྱས་ཀྱི་སྒྱུ་མ་མཁྱེན་ཏེ། དེ་བཞིན་གཤེགས་ པ་ནི་སངས་རྒྱས་ནི་སྒྱུ་མའི་རྒྱལ་པོའོ། །མཁན་པོའི་ཆུང་མ་དགའ་བྱེད་མས་སྨྲས་པ། ཀྱེ་མ། སེམས་ཅན་འདི་བྲམ་ཟེའི་བུ་མོ་འཇོ་མའི་དཀུ་མཐོང་ཡང་སངས་རྒྱས་ཀྱི་ཆེ་བ་ཡིན་པར་ མི་ཤེས་སོ། །ཇི་ལྟར་ཙན་ཙ་སྒྱུ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་སངས་རྒྱས་ཀྱིས་སྒྱུ་མ་སྤྲུལ་བའོ། །དེ་བས་མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ལ་བདག་གིས་བསྙད་དོ། །གདོལ་ བས་ཁྱེད་ལ་བསྙེན་པར་མི་ནུས་ན། རྒྱལ་པོ་སེམས་ཅན་མང་པོ་དང༌། འགྲོ་བའི་དཔལ་དང༌། བྱིན་གྱིས་བརྒྱལ་བར་འགྱུར་ན། མདུན་དུ་འདུག་པ་ལྟ་ཅི་སྨོས། དེ་ལྟར་མིས་མིའི་ དྲུང་དུ་བསྟན་པར་མི་ནུས་ན། ལྷ་དང་མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་བསྟན་པར་བྱ་བ་དང༌། དེ་བཞིན་གཤེགས་པའི་ཐུགས་བསྒྱུར་བར་ལྟ་ག་ལ་ནུས་ཏེ། དེ་བཞིན་གཤེགས་ པ་ལ་རིམ་གྲོ་བྱེད་པའི་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། ཤ་ཟ་དང༌། ལྷ་མ་ཡིན་ཚད་མེད་པ་དང༌། ནམ་མཁའ་ལྡིང་གིས་ དེ་ལ་གནོད་པར་བྱེད་དོ། །གལ་ཏེ་འདི་ལྟ་བུའི་སེམས་འབྱུང་ན། བཅོམ་ལྡན་འདས་ཀྱང་སྡིག་བྱེད་པ་རྣམ་པ་མང་པོ་སྟོན་ཏེ། མ་འོངས་པའི་སེམས་ཅན་འདི་ལྟ་བུའི་སྡིག་མ་རུངས་པ་བྱེད་ པ་འབྱུང་བ་དག་ལའང་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱི་སྒྱུ་མ་ཆེན་པོའི་ཐབས་ཀྱིས་སྐུ་སྟོན་ཏོ་ཞེས་ཟེར་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ཡང་རྒྱལ་པོ་ཤིན་ཏུ་ངོ་མཚར་དུ་ གྱུར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས། ཅི་སྒྱུ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། མཁན་པོ་དང༌། མཁན་པོའི་ ཆུང་མ་དང༌། དེའི་སྒྱུ་མ་གསུམ་གྱིས་སྨྲས་པ་བཞིན་ཏེ། ངའི་སྒྱུ་མ་ནི་བསམ་གྱིས་མི་ཁྱབ་པས་རྣམ་པ་དེ་གསུམ་དུ་སྤྲུལ་པ་ཡིན་ཏེ། སེམས་ཅན་བྱེ་བ་མང་པོ་བསྒྲལ་བའི་ཕྱིར་ སོར་མོའི་ཕྲེང་བ་དེ་ལྟར་བྱོན་པ་ཡིན་ནོ། །རྒྱལ་པོས་གསོལ་པ། བཅོམ་ལྡན་འདས། བདག་གིས་དགུང་བདུན་ནས་སྦྱིན་པ་ཆེན་པོ་སྩལ་ན། དེ་བཞིན་གཤེགས་པ་སོར་མོའི་ ཕྲེང་བ་ལྷོ་ཕྱོགས་ལོགས་ཀྱི་སྦྱིན་གནས་སུ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། དེ་བཞིན་དུ་གྱུར་ཅིག །དེ་ནས་ལྷ་དང༌། མི་དང༌། ལྷ་མ་ཡིན་དུ་བཅས་ པའི་འཇིག་རྟེན་གྱིས་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདི་དག་སྨྲས་སོ། །སྒྱུ་མའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དཔའ་ཆེན་ཐབས་ཀྱི་སྐུ། །ཐབས་ཀྱི་མཚན་ ༄༅། །ཉིད་རབ་ཏུ་ཕུན་སུམ་ཚོགས། །ཐབས་མཆོག་དམ་པའི་ཆོས་རྣམས་རབ་ཏུ་སྟོན། །ཐབས་ཀྱིས་དབྱིངས་རྣམས་སུ་ཡང་འཇོག་པར་མཛད། །ཐབས་ཀྱིས་ སྤྲུལ་པ་དག་ནི་ཡོངས་སུ་སྟོན། །དེ་བཞིན་གཤེགས་པའི་སྐུ་ཡང་མཐའ་ཡས་ཏེ། །བློ་གྲོས་མཐའ་ཡས་གྲགས་པའང་མཐའ་ཡས་སོ། །དེ་བཞིན་གཤེགས་པའི་གཟི་བརྗིད་མཐའ་ ཡས་ཏེ། །བདེ་གཤེགས་མཐའ་ཡས་མཐའ་ཡས་སྟོབས་ཆེན་སྟོན། །གསང་བ་མཐའ་ཡས་མཐའ་ཡས་དགོངས་དག་སྟོན། །འཇིག་རྟེན་རབ་ཏུ་སྣང་མཛད་མཐའ་ཡས་སོ། །དེ་ བཞིན་གཤེགས་པའི་འོད་ཟེར་མཐའ་ཡས་པ། །ཡོན་ཏན་མཐའ་མེད་གྲངས་ལས་ཤིན་ཏུ་འདས། །དེ་བཞིན་གཤེགས་ནི་མཚུངས་མེད་དཔག་ཏུ་མེད། །ཆགས་མེད་ཡེ་ཤེས་ ནམ་མཁའ་ལྟ་བུར་སྟོན། །དེ་བཞིན་གཤེགས་པའི་སྐུ་ནི་ནམ་མཁའ་བཞིན། །འཇམ་དཔལ་གཞོན་ནུར་གྱུར་ཕན་ཞི་བར་བྱེད། །སོར་ཕྲེང་སླད་དུ་བདེ་གཤེགས་གཤེགས་པ་ ནི༑ ༑གཤེགས་དང་མ་གཤེགས་ཞེས་ཀྱང་བརྗོད་མི་ནུས། །བདེ་གཤེགས་སྒྲ་གཅན་ཟིན་ལྟར་སྙོམས་པར་གཟིགས། །དེ་སྐད་ཅེས་གསོལ་པ་དང༌། བཅོམ་ལྡན་འདས་དགྱེས་ སོ༑ ༑ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་དང༌། ཉན་ཐོས་དེ་དག་དང༌། བྱང་ཆུབ་སེམས་དཔའ་དེ་དག་དང༌། མཛོད་འཛིན་གྱི་རྒྱལ་པོ་གསལ་རྒྱལ་ གྱིས་དེ་དག་ཐམས་ཅད་ཀྱང་སོར་མོའི་ཕྲེང་བའི་བྱང་ཆུབ་སེམས་དཔའ་སྤྱོད་པ་དང༌། དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང༌། འཇམ་དཔལ་གཞོན་ནུར་གྱུར་པའི་བྱང་ཆུབ་སེམས་དཔའི་སྤྱོད་ པ་དང༌། དེའི་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་དང༌། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ་ཡི་རངས་ནས། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་ དོ༑ ༑ཤིན་ཏུ་རྒྱས་པའི་ལུང་ཐེག་པ་ཆེན་པོའི་མདོ་ལས། མེ་ཏོག་ཨུ་དུམྦཱ་ར་ལྟར་རབ་ཏུ་རྙེད་དཀའ་བ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་ སོ༑༑ ༑༑རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང༌། ཞུས་ཆེན་གྱི་ལོ་ཙཱ་བ་བནྡེ་དྷརྨ་ཏཱ་ཤཱི་ལ་དང༌། རྒྱའི་ལོ་ཙཱ་བ་བནྡེ་ཏོ་ད་ཨཱ་ཙཪྻ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ ལ་ཕབ་པ།། Copyright © 2012 by the Asian Classics Input Project. All rights reserved.